མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེ་འཇགས་ལྷན་ཁང་འཛུཊ་འཆར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྟེང་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་ཐོག་གཏན་འབེབས་གང་བྱུང་ཁ་གསལ་མེད་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྔར་ལྷག་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༩ ནས་ ༡༢ བར་པེ་ཅིན་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཏེ། རྒྱ་ནག་གི་སྲིད་དོན་དང་དཔལ་འབྱོར། ཁྲིམས་ལུགས་གསུམ་གཙོས་རྒྱལ་ཁབ་ཀྱི་སྟངས་འཛིན་འོག་ཡོད་པའི་དངུལ་ཁང་དང་རྡོ་སྣུམ། ཁ་པར་བརྒྱུད་ལམ། སོལ་རླངས། གཞན། ཁྱིམ་ཐོ་དེབ་སྐྱེལ་དང་ས་ཞིང་ཉོ་ཚོང་གི་བདག་དབང་། ཁོར་ཡུག་གནད་དོན་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་ཀྱང་ཚོགས་འདུའི་མཇུག་ཏུ་ཐག་ཆོད་གང་འདྲ་བྱུང་ཡོད་མེད་ནང་དོན་ཁ་གསལ་མེད་པ་ཆགས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་སྔོན་ཆད་རྒྱ་ནག་གི་སྲིད་འཛིན་རིམ་པ་ཏིན་དང་ཅཱང་། ཧུའུ་སོགས་སྐབས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ནང་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ཐོག་བཅོས་བསྒྱུར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་སྟབས། ད་རེབ་ཚོགས་འདུའི་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཐོག་འགྱུར་བ་འགྲོ་དཀའ་ཡང་དཔལ་འབྱོར་སྲིད་བྱུས་ཐོག་བཅོས་བསྒྱུར་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་སྔ་ཚོགས་འདུ་དེའི་ནང་རྒྱ་ནག་གི་དཔལ་འབྱོར་སྲིད་བྱུས་ཐོག་བཅོས་བསྒྱུར་ཕྱིན་པའི་གནས་ཚུལ་གང་ཡང་ཐོན་མི་འདུག

ཚོགས་འདུ་དེའི་སྐོར་རྒྱ་གཞུང་གིས་ཕྱི་བསྒྲགས་རོབ་ཙམ་བྱས་ཡོད་པའི་ནང་། རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལས་ཁུངས་ཀྱི་སྒྲོམ་གཞི་ལྟར། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གསར་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་དོ་དམ་འོག་གི་ཚོང་ལས་སྡེ་ཚན་དང་མི་སྒེར་གྱི་ཁེ་ལས་གཉིས་ལ་སྲུང་སྐྱོབ་དང་ཐོབ་ཐང་གཅིག་མཚུངས། ཕན་ཚུན་མཉམ་ལས་དང་རོགས་རམ་བྱས་པའི་འོག་རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་ནུས་ཤུགས་གོང་མཐོར་གཏོང་ཕྱོགས་ཐོག་བསྒྱུར་བཅོས་བྱ་རྒྱུུ་དང་། གཞུང་ཁྲལ་དང་ཞིང་ས་བསྒྱུར་བཅོས་བྱས་ཏེ་མང་ཚོགས་ལ་ས་ཞིང་བདག་དབང་སྤྲད་དེ་ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་རྒྱུ། གཞན། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁྲོད་ཀྱི་ལྐོག་ཟ་རུལ་སུངས་རྩ་མེད་དང་སྟངས་འཛིན་བྱེད་ཆེད། ཁྲིམས་འཛིན་ལྷན་ཚོགས་ཀྱི་དབང་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། དེ་དག ༢༠༢༠ ལོའི་བར་ལག་ལེན་མངོན་འགྱུར་ཡོང་ཐབས་ལ་འབད་བརྩོན་བྱེད་རྒྱུ་སོགས་བཀོད་ཡོད་ཀྱང་དེ་དག་གི་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མི་འདུག

གནས་ཚུལ་དེའི་ནང་། རྒྱལ་ཁབ་བདེ་འཇགས་ལྷན་ཁང་གསར་འཛུགས་བྱས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་བདེ་འཇགས་ལྷན་ཚོགས་ཀྱིས་རྒྱ་ནག་གི་གསང་བའི་ལས་ཁུངས་དང་བཅིངས་འགྲོལ་དམག་དཔུང་། ཕྱི་སྲིད་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་ཀྱིས་རྒྱལ་ནང་གི་བདེ་འཇགས་བརྟན་བརླིང་དང་རྒྱལ་ཁབ་སྲུང་སྐྱོབ་ཆེད་ཕན་ཚུན་མཉམ་ལས་བྱེད་རྒྱུ་ཡིན་སྐོར་བཀོད་ཡོད་ཀྱང་། ཨ་རིའི་ནེའུ་ཡོག་དུས་བབ་གསར་ལམ་ཐོག དེ་ནི་བོད་དང་ཞིན་ཅང་མི་རིགས་གཉིས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བསྟུན་མར་བྱུང་བཞིན་པར་སྟངས་འཛིན་བྱེད་པའི་དམིགས་གཙོ་བོར་བཟུང་ཡོད་སྐོར་བཀོད་འདུག

ཡང་ཀུ་ཤུ་ཉིན་རེ་ཚགས་པར་( Apple Daily) གྱིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་དང་ཧུའུ་གཉིས་ཀྱིས་དོན་དངོས་ཐོག་རྒྱ་ནག་གི་དབང་ཆ་ངོ་མ་སྲིད་འཛིན་ཞི་ཅིན་ཕིན་ལ་སྤྲད་མེད་སྟབས།  སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་( Putin) ལ་ལད་ཟློས་བྱས་ཏེ། ཁོ་རང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་གཙོར་བསྡད་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དབང་ཆ་འཐབ་རྩོད་ཀྱི་ཤོག་ཁག་རྩ་མེད་དང་དབང་ཆ་སྲ་བརྟན་བཟོ་རྒྱུའི་ཆེད་རེད་ཅེས་ཚོད་དཔག་བྱས་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist