མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གླང་ཆེན་རྩ་སྟོང་དུ་འགྲོ་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་ཤས་ནང་ཨ་ཧྥི་རི་ཀའི་གླང་ཆེན་གྱི་གྲངས་འབོར་ལོ་རེ་བཞིན་བརྒྱ་ཆ་ ༡༠ ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་རྒྱ་ནག་ནང་གླང་ཆེན་མཆེ་བ་བྲིན་རྒྱུག་ཆེན་པོ་ཆགས་པས་ཡིན་འདུག   

ཉེ་ཆར་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཁག་ཅིག་མཉམ་འབྲེལ་ཐོག་ཞིབ་འཇུག་བྱས་ཏེ། ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཁོ་ལོ་རཱ་ཌོ་ནང་གི་བཟོ་གྲྭ་ཞིག་ཏུ། ཨ་ཧྥི་རི་ཀ་ནས་སྐྱེལ་འདྲེན་བྱས་པའི་གླང་ཆེན་གྱི་མཆེ་བ་དང་མཆེ་བའི་ཐོན་རྫས་ཏུན་ ༦ ཙམ་རྙེད་སོན་བྱུང་ཡོད་པ་དང་། དེ་དག་གཟའ་ཕུར་བའི་ཉིན་ཨ་རིའི་ཌན་ཝར་བྱང་ཕྱོགས་ཀྱི་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཁུལ་ནས་རྡུང་གཅོག་བྱས་ཏེ་མེད་པར་བཟོས་ཡོད་པ་མ་ཟད། མཆེ་བའི་ཆག་ཧྲུག་རྣམས་དངོས་མང་བཤམ་སྟོན་ཁང་དུ་སྤྲོད་རྒྱུ་ཡིན་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁཱ་རིའི་( John Kerry)ལགས་ཀྱིས་ནག་ཚོང་དེ་དག་མེད་པ་བཟོས་པར་ཨ་སྒོར་ཁྲི་ ༡༠༠ ཡི་བྱ་དགའ་སྤྲོད་རྒྱུ་གསལ་བསྒྲགས་གནང་ཡོད་འདུག

གོང་གི་གནས་ཚུལ་ཐད་རོའུ་ཊར་གསར་ཁང་གིས་བརྗོད་པ་ལྟར་ན། མཆེ་བ་དེ་དག་མང་ཆེ་བ་ཨ་ཧྥི་རི་ཀ་ནས་ཚོང་འདྲེན་བྱས་ཤིང་རྒྱ་ནག་སྐམ་ས་ཆེན་མོ་སོགས་ཨེ་ཤ་ཡའི་གླིང་དུ་སྐྱེལ་འདྲེན་བྱེད་རྩིས་ཡོད་པ་དང་། ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་ཨ་ཧྥི་རི་ཀར་གླང་ཆེན་ཁྲི་ ༡༣༠ ལྷག་ཡོད་ཀྱང་ད་ལྟ་ཁྲི་ ༦༠ ཡས་མས་ལས་མེད་ཅིང་། འཛམ་གླིང་ཁྱོན་ཡོངས་སུ་ལོ་རེར་གླང་ཆེན་སྟོང་ཕྲག་འགའ་རེ་ལྐོག་གསོད་ཀྱིས་ནག་ཚོང་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་ ༡༠༠ ཙམ་ཟིན་གྱི་ཡོད་པ་དང་། ཐེངས་འདིར་མེད་པར་བཟོས་པའི་མཆེ་བ་རྣམས་གླང་ཆེན་ ༢༠༠༠ ཙམ་གྱི་ཡིན་ལུགས་བརྗོད་འདུག   

རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐེབས་རྩ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཉེ་བའི་ལོ་ ༡༠ ནང་ཨ་ཧྥི་རི་ཀའི་གླང་ཆེན་གྱི་གྲངས་འབོར་ལོ་རེ་བཞིན་བརྒྱ་ཆ་ ༡༠ རེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། རི་སྐྱེས་སྲོག་ཆགས་ཆེད་ལས་ཞིབ་འཇུག་པ་ཚོས་གླང་ཆེན་གྱི་གྲངས་འབོར་འདི་ལྟར་ཉུང་དུ་ཕྱིན་ཚེ། འབྱུང་འགྱུར་ལོ་ ༢༠ རྗེས་སུ་ཨ་ཧྥི་རི་ཀའི་གླང་ཆེན་རྩ་སྟོང་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ལ། ཉེ་བའི་ལོ་ཤས་ནང་རྒྱ་ནག་ཏུ་མཆེ་བའི་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཞིང་། འདས་པའི་ལོ་ ༥ ནང་མཆེ་བའི་རིན་གོང་ལྡབ་ ༣ ཡས་མས་འཕར་ཏེ། སྤྱི་རྒྱ་གཅིག་ལ་རྒྱ་སྒོར་ཁྲི་ ༢ ལྷག་ཡིན་འདུག 

རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐེབས་རྩ་ཁང་གི་རྒྱ་ནག་སྐུ་ཚབ་ལྕམ་ཀེ་རའི་ལགས་ཀྱིས་བརྗོད་དོན། “ཁེ་སྤོགས་འབོར་ཆེན་ཡོད་པའི་དབང་གིས་རྒྱ་ནག་ནང་མཆེ་བའི་ནག་ཚོང་ཧ་ཅང་ཚབས་ཆེན་ཡིན་པ་དང་། རྒྱ་ནག་ནང་མཆེ་བར་‘གསེར་དཀར’དུ་འབོད་ཅིང་། ཨ་ཧྥི་རི་ཀའི་གནམ་ཐང་དང་གྲུ་ཁ་སོགས་སུ་ནག་ཚོང་བ་འཛིན་བཟུང་བྱས་པ་ལས་བརྒྱ་ཆ་ ༩༥ ཙམ་རྒྱ་རིགས་རེད། རྒྱ་ནག་གི་མཆེ་བའི་བཟོ་ལས་ལག་རྩལ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་། མཆེ་བའི་ཐོན་རྫས་ལ་བརྟེན་ཏེ་ཕྱུག་པོ་ཆགས་པའི་ནག་ཚོང་བ་ཚོའི་དམིགས་འབེན་དུ་གྱུར་ཡོད། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཏན་འབེབས་ཡིག་ཆ་གཞིར་བཟུང་། གླང་ཆེན་གྱི་མཆེ་བ་ཉོ་ཚོང་བྱེད་པར་སྟངས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁྲིམས་འགལ་ཐོག་གླང་ཆེན་མཆེ་བ་ཉོ་ཚོང་གི་གནས་སྟངས་ཧ་ཅང་ཚབས་ཆེན་རེད། ཕྱི་ལོ་ ༢༠༡༡ ལོར་ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་མཆེ་བ་བཟོ་ཚོང་ཁང་ ༡༥༨ ནས་ ༡༠༡ ཙམ་ཁྲིམས་འགལ་ཡིན་པ་ཤེས་རྟོགས་བྱུང་ཡོད”ཅེས་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་ཧུའུ་ཅན་དང་ཧྲན་ཞི། ཀྲང་ཏུང་། ཧོང་ཀོང་སོགས་སུ་གླང་ཆེན་གྱི་མཆེ་བ་ནག་ཚོང་བྱས་པའི་ཉེས་དོན་བསྟུན་མར་བྱུང་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist