མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་འགྱུར་བ་བཏང་།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་པེ་ཅིན་གྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་བཅོས་བསྒྱུར་བཏང་ཡོད་སྐོར་བཀོད་འདུག  

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁ་སང་ཚེས་ ༡༥ ཉིན་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་རྒྱ་ནག་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི་ཡིག་འབྲུ་ ༢༢༠༠༠ ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བར་དབྱེ་ཞིབ་བྱས་ཡོད་པའི་ནང་། ཚོགས་འདུ་དེའི་སྟེང་གནད་དོན་གལ་ཆེན་ཁག་ཅིག་གི་ཐོག་བཅོས་བསྒྱུར་བཏང་ཡོད་ཅིང་། དེ་དག་ལས་རྒྱ་ནག་གི་གྲོང་ཁྱེར་ཁག་གི་ ‘འཆར་ལྡན་བུ་སྐྱེས་སྲིད་བྱུས’ ལ་བཅོས་བསྒྱུར་བཏང་སྟེ་ཕ་མ་གང་རུང་བྱིས་པ་གཅིག་ཡིན་པའི་ཁྱིམ་ནས་སྐྱེས་པ་ཡིན་ན་བཟའ་ཚང་དེར་བྱིས་པ་གཉིས་སྐྱེ་ཆོག་པ་དང་། ‘ངལ་རྩོལ་བསྒྱུར་བཀོད་ལམ་ལུགས’ ཁྱིམ་ཐོ་དེབ་སྐྱེལ་དང་ས་ཞིང་བདག་དབང་ལ་བསྒྱུར་བཅོས་བཏང་སྟེ་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཆེད་གཞི་རིམ་མི་སེར་གྲོང་ཁྱེར་ནང་གནས་སྤོར་བྱེད་པར་བཀག་འགོག་མི་བྱེད་པ།  ༡༩༧༨ ལོ་དང་ ༡༩༩༣ ལོ་ཚང་འཛོམས་གྲོས་ཚོགས་སྐབས་ཀྱི་རྒྱ་ནག་གི་དཔལ་འབྱོར་བསྒྱུར་བཅོས་བཏང་བའི་རྨང་གཞིའི་ཐོག་མ་རྩ་རིང་ལུགས་ཀྱི་ཚོང་རྭའི་དཔལ་འབྱོར་ལ་ཟུང་འབྲེལ་གྱིས་རྒྱ་ནག་གི་ཚོང་རའི་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་བཀོད་འདུག

གནས་ཚུལ་དེ་དག་ནང་། ༡༩༥༧ ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་ཡོང་ཆེད་གསར་བརྗེ་ངོ་རྒོལ་ཤོག་ཁག་ལ་ཁ་གཏད་གཅོག་ཕྱིར་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་གསར་འཛུགས་བྱས་ཏེ། རྒྱ་ནག་གི་ཤེས་ཡོན་ཅན་དང་སྲིད་དོན་མི་སྣ། མང་ཚོགས་ས་ཡ་མང་པོ་བཙོན་འཇུག་དང་ངལ་རྩོལ་བསྒྱུར་བཀོད་འོག་ཚེ་སྲོག་ཤོར་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་དམངས་གཙོ་དོན་གཉེར་བ་དང་རྩ་རླུང་སྒོམ་སྒྲུབ་པ། གྲོང་ཁྱེར་ནང་གི་རྐུན་ཇག་དང་ཞང་ཚོང་མ་སོགས་འཛིན་བཟུང་བྱས་ཏེ་ཁྲིམས་ལུགས་ཀྱི་འགྲོ་ལུགས་བརྒྱུད་མ་དགོས་པར་ཉེན་རྟོག་པས་ལོ་གཅིག་ནས་ལོ་བཞིའི་བར་བཀག་ཉར་བྱེད་ཆོག་པའི་དབང་ཆ་ཡོད།

འདས་པའི་ལོ་མང་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་། རྒྱ་གཞུང་གིས་ངེས་པར་དུ་ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་རྩ་མེད་གཏོང་དགོས་པའི་གནོན་ཤུགས་སྤྲད་དེ་ཐེངས་འདིར་བཅོས་བསྒྱུར་བྱུང་པ་ནི། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

༡༩༧༩ ལོར་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་གལ་གནད་དུ་བཟུང་སྟེ་འཆར་ལྡན་བུ་སྐྱེས་སྲིད་ཇུས་གཏན་འབེབས་ཀྱིས་ལོ་ ༣༠ ལྷག་རིང་མི་འབོར་འཕེལ་རྒྱས་ལ་ཚོད་འཛིན་བྱས་སྟབས། ད་ཆར་རྒྱ་ནག་གི་མི་རབས་རྒན་ཡོལ་དང་གཞོན་སྐྱེས་ལས་ཀ་བྱེད་མཁན་བར་དོ་མི་མཉམ་པའི་གནས་ཚུལ་བྱུང་སྟེ། འབྱུང་འགྱུར་གཞོན་སྐྱེས་གཅིག་གིས་རྒན་འཁོགས་བཞི་ནས་ལྔ་བར་གསོ་སྐྱོང་བྱ་དགོས་པ་ཆགས་རྒྱུ་ཡིན་པ་དང་། སྔོན་མ་ནས་བཟུང་མང་ཚོགས་ཀྱིས་བྱིས་པ་གཅིག་གི་སྲིད་ཇུས་ལ་འདོད་མོས་མེད་སྟབས། སྤྱི་ཚོགས་ནང་གི་དཀའ་ངལ་མང་ཆེ་བ་སྲིད་བྱུས་འདི་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག

གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ཀྱིས་ངལ་རྩོལ་ཁོར་ཡུག་ཆུང་དུ་བཏང་སྟེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ༢༠༡༢ ལོར་རྒྱ་ནག་གི་ལས་ཀ་བྱེད་མཁན་གྱི་གྲངས་འབོར་ས་ཡ་ ༣།༤༥ མར་ཆག་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ ༢༠༣༠ ལོར་རྒྱ་ནག་ནང་ལོ་ ༦༥ ལ་གསོན་པའི་རྒན་ཡོལ་གྱི་གྲངས་འབོར་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་ ༢༥ ཟིན་ཏེ། མི་རབས་གཞོན་པ་ཚོར་རྒན་ཡོལ་གསོ་སྐྱོང་གི་འགན་འཁུར་ཆེན་པོ་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༦ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༡༡ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese