མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་བོད་རིག་པ་ཞིབ་འཇུག་པ་ཞིག་གིས་ཉམས་མྱོང་གླེང་པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཧར་ཝར་ཌི་(Harvard)གཙུག་ལག་སློབ་གྲྭར་བོད་རིག་པར་སློབ་སྦྱོང་དང་ཞིབ་འཇུག་གནང་བཞིན་པའི་ཉི་ཧོང་བ་མ་ཧོ་ཡའུ་ཅེ་ལགས་སུ། མོ་རང་གིས་བོད་རིག་པར་ཞིབ་འཇུག་གནང་བའི་བརྒྱུད་རིམ་དང་བོད་ཕྱི་ནང་གི་བོད་རིག་པའི་གནས་སྟངས་ཐོག་བཅར་འདྲི་ཞུས་པ།

 དྲི་བ། ཁྱེད་རང་ངོ་སྤྲོད་གནད་བསྡུས་ཤིག་གནང་རོགས་ཞུ།

ལན། ངའི་མིང་ལ་(Maho Iuchi)ཟེར། ང་ནི་ཉི་ཧོང་ཨོ་ས་ཀ་(Osaka)ནས་ཡིན། ཁྱའོ་ཐོ་(Kyoto)ལ་ཡོད་པའི་ཨོ་ཐ་ནི་(Otani)གཙུག་ལག་སློབ་གྲྭ་ཆེན་མོ་ནས་ ༢༠༠༨ ལོར་བོད་རིག་པའི་ཐོག་ལ་རིགས་གཅིག་རྐང་འཛིན་(Ph.D.)ཐོན་པ་ཡིན། ད་ལྟ་ཨ་མེ་རི་ཀའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོར་(Post-doc)མིང་ཐོག་ནས་ཞིབ་འཇུག་བྱེད་བཞིན་ཡོད། ངའི་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ནི་དུས་རབས་དགུ་པ་ནས་བཅུ་གསུམ་བར་གྱི་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་བཀའ་གདམས་པའི་དགོན་སྡེའི་སྐོར་ཡིན།

དྲི་བ། ཁྱེད་རང་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་འབྲེལ་བ་བྱུང་སྟངས་ཀྱི་བརྒྱུད་རིམ་ག་འདྲ་ཡིན།

ལན། ངས་དང་པོ་བོད་ཡིག་སྦྱོང་ས་ནི་ཉི་ཧོང་ཡིན། དངོས་གཞིའི་སློབ་མའི་སྐབས་སུ་ ༡༩༩༧ ལོར་འབྲུག་ཡུལ་ལ་ཕྱིན་པ་ཡིན། དེ་དུས་བོད་ཡིག་ལ་དོ་སྣང་བྱུང་སོང་། དེ་ནས་ ༡༩༩༨ ལོར་ལྷ་སར་ཕྱིན་ཏེ། བོད་ཡིག་སྦྱང་མགོ་བཙུགས་པ་ཡིན། སྐབས་དེར་ང་བུད་མེད་ཀྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་རྒྱ་ནག་གི་ལོ་རྒྱུས་སློབ་སྦྱོང་བྱས་ཡིན། དེ་དུས་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཡིག་དང་། བོད་ཀྱི་རིག་གནས། ནང་ཆོས་སོགས་ཀྱི་སློབ་ཚན་ཡོད་པ་མ་ཟད། བོད་ཀྱི་དགེ་རྒན་ཆེན་མོ་གཅིག་ཡོད་པ་ཐོས་ཏེ་ཞིབ་འཇུག་སློབ་མའི་མིང་ཐོག་ནས་ཨོ་ཐ་ནི་གཙུག་ལག་སློབ་གྲྭ་ཆེན་མོར་ཕྱིན་པ་ཡིན། ང་ཞིབ་འཇུག་སློབ་མ་ཡིན་པའི་སྐབས་སུ་ཨོ་ཐ་ནི་ལ་དགེ་རྒན་ཆེན་མོ་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཡོད་པ་རེད། དེ་དུས་གཙོ་བོར་རྒན་ཁང་དཀར་ལགས་ཀྱི་མདུན་ནས་བོད་ཡིག་སུམ་རྟགས་དག་གསུམ་དང་། གཞན་ས་སྐྱ་ལེགས་བཤད། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་སོགས་བོད་ཀྱི་རིག་གནས་སྐོར་ལ་སློབ་སྦྱོང་ཅུང་ཟད་བྱས་པ་ཡིན། དེ་བས་ཀྱང་གོ་སྐབས་བཟང་པོ་ཞིག་ཐོབ་པ་ནི། ༢༠༠༣ ལོར་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་ཁ་སྐད་སྦྱོང་དུ་ཕྱིན་ཏེ། དེ་དུས་ཁ་སྐད་དང་མཉམ་དུ་བོད་ཡིག་གི་ཡིག་གཟུགས་ཀྱང་སྦྱངས་པ་ཡིན།

དྲི་བ། ཁྱེད་རང་གིས་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་བཀའ་གདམས་པའི་ལོ་རྒྱུས་སྐོར་ལ་ཉམས་ཞིབ་བྱས་པའི་ལས་རིམ་དང་དམིགས་ཡུལ་སྐོར་རོབ་ཙམ་གསུངས་རོགས། 

ལན། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ ལོའི་བར་ལྷ་སར་བསྡད་དེ་ཞིབ་འཇུག་གི་གོ་སྐབས་བཟང་པོ་ཐོབ་སོང་། དེ་ང་རང་གི་གཅིག་རྐང་འཛིན་ (Ph.D.) གྱི་དཔྱད་རྩོམ་ཆེད་དུ་ཡིན་ལ། དཔྱད་རྩོམ་གྱི་བརྗོད་གཞི་བཀའ་གདམས་པའི་ལོ་རྒྱུས་དང་། ལྷག་པར་དུ་བཀའ་གདམས་པའི་དགོན་སྡེའི་སྐོར་ཡིན། དེའི་རྒྱུ་མཚན་ནི། མཁས་དབང་དགེ་འདུན་ཆོས་འཕེལ་(༡༩༠༣-༡༩༥༡)ལགས་ཀྱི་<<གཏམ་རྒྱུད་གསེར་གྱི་ཐང་མ་>>ལས། ”འདི་འདྲའི་གདན་ས་གྲགས་ཆེ་བ་རྣམས་རང་རེའི་ལོ་རྒྱུས་སོགས་ལ་ཞིབ་བལྟ་མ་བྱས་པ་རྣམས་ཀྱིས་དབུས་གཙང་ཕྱོགས་ན་ཡོད་བྱ་བ་ཙམ་ལས། གར་ཡོད་ཏན་ཏན་མི་ཤེས་པ་ལ་གློ་བུར་དུ་དེར་སླེབས་ཚེ། སེམས་ལ་དགའ་སྐྱོ་ཚད་ལས་འདས་པ་རེ་ཡོང་གི་འདུག བཀའ་གདམས་པའི་ལྷ་ཁང་དེ་ཀུན་བཀོད་པ་ཞན་ཅིང་། ཀ་བ་ཡང་ཤིང་འཁྱར་འཁྱོར་ལས་དྲང་པོ་ལེགས་པོ་ཞིག་ཀྱང་མེད་པ་ཕལ་ཆེར་དེ་འདྲར་འདུག་མོད། མཇལ་བ་ཙམ་གྱིས་ཆོས་དང་རྗེས་མཐུན་གྱི་དང་བ་འདྲེན་ཅིང་ཉམས་དགའ་ཡལ་ལེ་བ་བྱེ་པའི་བྱིན་ཆགས་པ་ཤ་སྟག་འདུག” ཅེས་སྐབས་དེ་དུས་ཀྱི་བཀའ་གདམས་པའི་དགོན་སྡེའི་གནས་ཚུལ་མི་ཉུང་བ་ཞིག་བྲིས་འདུག་པ་མཐོང་བས་རྐྱེན་བྱས་ཏེ། བཀའ་གདམས་པའི་དགོན་སྡེའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུའི་འདུན་པ་སྐྱེས་སོང་།

དེར་བརྟེན་ལྷ་སར་སྡོད་རིང་འཕན་ཡུལ་དང་། སྟོད་ལུང་། མལ་འགྲོ་གུང་དཀར་སོགས་སུ་ཡོད་པའི་བཀའ་གདམས་པའི་དགོན་སྡེ་མང་པོ་ཞིག་ལ་དངོས་སུ་ཕྱིན་ཏེ་ལྟ་སྐོར་བྱས་པ་ཡིན། ཁོང་གིས་གསུངས་པ་ལྟར། བཀའ་གདམས་པའི་དགོན་པ་མང་ཆེ་བ་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའིི་བར་ལ་བཞེངས་པའི་ལོ་རྒྱུས་ལྡན་པའི་དགོན་པ་ཤ་སྟག་རེད། ཡིན་ནའང་ད་ལྟ་གྲུབ་མཐའ་དགེ་ལུགས་དང་། ས་སྐྱ་སོགས་ལ་འགྱུར་ཚར་ཡོད་པ་རེད། འོན་ཀྱང་བཀའ་གདམས་པ་དར་བའི་དུས་ཚོད་ལྟར་རྒྱ་ཆེན་པོ་རང་མི་འདུག ད་ལྟ་ཡོད་པའི་དགོན་པ་མང་ཆེ་བའི་དཔལ་འབྱོར་གྱི་གནས་བབ་ཧ་ཅང་སྐྱོ་བོ་འདུག བཀའ་གདམས་པས་ཕྱིས་སུ་བྱུང་བའི་བོད་ཀྱི་གྲུབ་མཐའ་མང་ཆེ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མ་ཟད། གྲུབ་མཐའ་ཁག་གི་བླ་མ་དང་། དགེ་བཤེས་སོགས་ཀྱིས་སློབ་སྦྱོང་གནང་ས་མང་ཆེ་བ་བཀའ་གདམས་པ་དང་འབྲེལ་བ་ཡོད་པ་རེད། དེར་བརྟེན། བཀའ་གདམས་པའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་དེ་དམིགས་བསལ་གལ་ཆེན་པོ་རེད། ངའི་ད་ལྟའི་བར་གྱི་ཞིབ་འཇུག་གི་གྲུབ་དོན་སྐོར་ཅུང་ཟད་ཞུས་ན། ཉི་ཧོང་སྐད་ཡིག་ཐོག་ཏུ་བསྒྱུར་བའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་དང་། ཐུའུ་བཀྭན་གྲུབ་མཐའི་བཀའ་གདམས་ཀྱི་ལེའུ་གཉིས་ཡོད། དེ་ནས་དབྱིན་ཡིག་དང་ཉི་ཧོང་ཡིག་ཐོག་ཏུ་བྲིས་པའི་དཔྱད་རྩོམ་ཁ་ཤས་ཀྱང་ཡོད། དེ་ཚོའི་བརྗོད་གཞི་ནི་དགེ་བཤེས་སྤྱན་སྔ་པས་(༡༠༣༨-༡༡༠༣) བཞེངས་པའི་ལོ་དགོན་པའི་ལོ་རྒྱུས་དང་། དུས་རབས་བཅུ་གཅིག་པར་བཀའ་གདམས་པའི་དགེ་བཤེས་མང་པོས་ཁམས་འདན་མར་སློབ་སྦྱོང་བྱས་ཚུལ། མི་ཉག་གི་བཙན་རྫོང་ནས་ཐོན་པའི་བཀའ་གདམས་པ་དང་འབྲེལ་བ་ཡོད་པའི་དཔེ་ཆ་བྲིས་མའི་སྐོར་སོགས་ཡིན།

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དང་ཉི་ཧོང་བོད་རིག་པའི་ཚོགས་འདུ། སོག་པོ་བོད་རིག་པའི་ཚོགས་ཆུང་སོགས་ཀྱི་བོད་རིག་པའི་ཞིབ་འཇུག་ཐོག་དགོངས་ཚུལ་གང་འདྲ་ཡོད།

ལན། དེང་སྐབས་བོད་རིག་པ་དང་འབྲེལ་བ་ཡོད་པའི་ཚོགས་འདུ་ནི་བོད་དང་། རྒྱ་ནག རྒྱ་གར། ནུབ་ཕྱོགས་རྒྱལ་ཁབ་ཁག ཉི་ཧོང་སོགས་མང་པོ་ཞིག་ལ་འཚོགས་ཀྱིན་ཡོད་ལ། ད་ལོའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དེ་སོག་ཡུལ་ལ་ཚོགས་པ་རེད། གཞན་རྒྱལ་སྤྱིའི་ཚོགས་འདུ་མ་ཡིན་པ་ཡང་མང་པོ་ཡོད་པ་རེད། ཚང་མས་ཞིབ་འཇུག་བྱེད་ས་གཙོ་བོ་བོད་རིག་པ་ཡིན་ནའང་། མི་རིགས་སམ། ཡང་ན་རྒྱལ་ཁབ་རེ་རེའི་དམིགས་ཡུལ་མི་གཅིག་པ་མ་ཟད། ཞིབ་འཇུག་བྱེད་མཁན་གྱི་རྒྱབ་ལྗོངས་ཡང་མི་འདྲ་བ་ཡོད་པ་རེད། བོད་རིག་པ་ཞེས་པ་དེ་ནང་དོན་ཡང་རྒྱ་ཆེན་པོ་དང་། ཞིབ་འཇུག་བྱེད་ཐབས་ཀྱང་རྣམ་པ་སྣ་ཚོགས་ཡོད་པ་རེད། དེ་ཚོ་གཅིག་གྱུར་བྱེད་དགོས་པ་ཡོད་པ་མ་རེད་ལ། མི་རེ་རེར་བསམ་ཚུལ་ཡང་མི་འདྲ་བ་དང་། ཆབ་སྲིད་ཀྱི་གནས་སྟངས་ཀྱང་མི་འདྲ་བ་ཡོད་པའི་དབང་གིས་དམིགས་ཡུལ་གཅིག་བཞག་པ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། ལྷག་པར་དུ་དེང་སྐབས་བོད་ཀྱི་གནས་སྟངས་ལ་བསམ་བློ་བཏང་ན། བོད་ཀྱི་སྐད་ཡིག་དང་རིག་གནས། སྲོལ་རྒྱུན་གྱི་གོམས་གཤིས་སོགས་རྩ་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས། བརྗོད་གཞི་འདྲ་མིན་དང་། ཐབས་ཤེས་མི་འདྲ་བ་དུ་མའི་སྒོ་ནས་བོད་ཀྱི་སྐད་ཡིག་དང་། རིག་གནས་མི་ཉམ་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་གནད་ཆེ་ཤོས་སུ་བརྩིས་ནས་ལས་ཀ་བྱེད་དགོས་པ་རེད་དྲན་གྱི་འདུག དེ་ནི་བོད་རིག་པར་ཞིབ་འཇུག་བྱེད་མཁན་དང་། བོད་རིག་པའི་ཐད་ལས་ཀ་མཁན་མང་ཆེ་བའི་བསམ་བློ་དང་རེ་བ་ཡིན་རྒྱུ་རེད་བསམ་གྱི་ཡོད།  

དྲི་བ། ཁྱེད་རང་གིས་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་དངོས་སུ་མཐོང་ཡོད་དུས། སྤྱིའི་ཆ་ནས་མ་འདྲ་བའི་ཁྱད་པར་གང་དག་མཐོང་སོང་།

ལན། ང་རང་ལ་མཚོན་ལ། ད་ལྟའི་བར་དུ་བོད་ཀྱི་ས་ཆ་དངོས་དང་། བོད་དང་འབྲེལ་བ་ཡོད་ས་མང་པོ་ཞིག་ལ་ཕྱིན་པ་ཡིན། དཔེར་ན་དབུས་གཙང་དང་། ཁམས། ཨ་མདོ། དེ་བཞིན་བལ་ཡུལ་དང་། རྒྱ་གར་གྱི་ས་གནས་ཝ་ར་ན་སི། ངྷ་རམ་ས་ལ། ཨོ་རིས་ས། རྒྱ་གར་ལྷོ་ཕྱོགས་ཀྱི་སེ་འབྲས་དགའ་གསུམ་སོགས་དང་། གཞན། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཚོགས་འདུ་སོགས་ལ་འགྲོ་སྐབས་བོད་རིགས་འདུ་འཛོམས་བྱེད་ས་དང་། ཆོས་ཚོགས་སོགས་ལ་ཕྱིན་ཏེ་བོད་པའི་འཚོ་བ་སྐྱེལ་སྟངས་དང་། བསམ་བློ་གཏོང་སྟངས་སོགས་གང་འདྲ་ཡོད་མེད་ལ་ཞིབ་འཇུག་བྱས་པ་ཡིན། ད་ལྟ་ཨ་རིའི་བྷོ་སི་ཊོན་(Boston) ལ་སྡོད་སྐབས་ལོ་གཉིས་ནང་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པའི་བོད་པ་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་། ཆེས་སྤྱིར་བཏང་གི་གནས་སྟངས་ཁག་ཀྱང་གང་འཚམ་ཤེས་ཐུབ་སོང་། སྤྱིར་བོད་ཕྱི་ནང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ང་རང་ལས་ཀའི་ངོ་བོ་ཐད་ནས་བཤད་ན། བོད་ནང་ལ་མཚོན་ན་བོད་ཡིག་དང་། བོད་ཀྱི་རིག་གནས་ལ་སྦྱོང་མཁན་མང་བ་ཡོད་པའི་ཚོར་སྣང་འདུག དེའི་རྒྱུ་མཚན་ནི་བོད་རིགས་སློབ་གྲྭ་ཆེན་མོར་འགྲོ་མཁན་མང་ཆེ་བ་མི་རིགས་སློབ་གྲྭའི་བོད་ཡིག་ཚན་ཁག་ལ་འགྲོ་བཞིན་འདུག དེ་ནས་སློབ་གྲྭ་མཐར་ཕྱིན་ན་མི་རིགས་སློབ་གྲྭ་དང་། སྤྱི་ཚོགས་ཚན་རིག་ཁང་། དེ་བཞིན་མི་རིགས་པར་སྐྲུན་ཁང་། གཞན་གྲོང་གསེབ་ཁག་གི་སློབ་གྲྭའི་དགེ་རྒན་སོགས་བོད་ཡིག་དང་འབྲེལ་བ་ཡོད་པའི་ལས་ཀ་མང་པོ་ཡོད་པ་གོ་སོང་། ང་ལའང་བོད་ཡིག་ལས་ཀ་བྱེད་མཁན་ངོ་ཤེས་གྲོགས་པོ་མང་པོ་ཡོད། བཙན་བྱོལ་ནང་མི་རང་རང་གི་དགའ་ཕྱོགས་སམ། སློབ་སྦྱོང་བྱེད་ཡུལ་བརྗོད་གཞི་རྣམ་པ་སྣ་ཚོགས་ཡོད་པའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་ཉུང་ཉུང་ཡིན་པར་མཐོང་སོང་། དཔེར་ན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཁག་ཏུ་བཙན་བྱོལ་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པ་གཞོན་སྐྱེས་ཉུང་ཉུང་རེད།

དྲི་བ། མཐའ་མར་ཁྱེད་རང་ལ་དམིགས་བསལ་ཞུ་རྒྱུ་དེ་འདྲ་ཡོད་དམ།

ལན། ང་རང་ཉི་ཧོང་ནས་ཡིན་དུས་ཉི་ཧོང་གི་བོད་རིག་པ་དར་ཁྱབ་གཏོང་ཕྱོགས་སྐོར་ཞུ་འདོད་བྱུང་། ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་ཚོགས་པ་ (Japanese Association for Tibetan Studies) ནི། ༡༩༥༣ ལོར་ཚོགས་ཆེན་ཐེངས་དང་པོ་ཚོགས་པའི་བོད་རིག་པའི་ཚོགས་པ་རྙིང་ཤོས་གྲས་ཤིག་རེད། ད་ལྟའི་ཆར་ཚོགས་མི་སུམ་བརྒྱ་ལྷག་ཡོད་ཅིང་། ལོ་ལྟར་ཚོགས་འདུ་འཚོགས་བཞིན་ཡོད་པ་རེད། ད་ལོ་ཕྱི་ཟླ་ ༡༡ པར་ཐེངས་ ༦༡ པ་འཚོགས་འཆར་ཡོད་པ་རེད། ཐེངས་རེ་རེར་གཏམ་བཤད་གནང་མཁན་ལྔ་བརྒྱ་དྲུག་བརྒྱ་ཡོང་གི་ཡོད་པ་རེད། བརྗོད་གཞི་མཚན་ཉིད་དང་ལོ་རྒྱུས།  སྐད་ཡིག མི་རིགས་རིག་པ་སོགས་སྣ་ཚོགས་ཡོད་པ་རེད། ཚོགས་འདུ་རེ་རེའི་མཇུག་འབྲས་དུས་དེབ་(Report of the Japanese Association for Tibetan Studies) ཀྱང་ལོ་ལྟར་པར་བསྐྲུན་བྱེད་ཀྱི་ཡོད་པ་རེད།

རྒྱལ་ཁབ་གཞན་གྱི་ཞིབ་འཇུག་པའང་ཚོགས་ཁོངས་སུ་ཞུགས་ཆོག་གི་ཡོད་པ་རེད། དེར་བརྟེན། རྗེས་ཕྱོགས་བཙན་བྱོལ་ནང་གི་བོད་རིག་པ་ཞིབ་འཇུག་གནང་མཁན་དང་ཉི་ཧོང་གི་བོད་རིག་པར་དོ་སྣང་ཡོད་མཁན་ཚོས། ཚོགས་པ་དེའི་ནང་ཞུགས་པའམ་ཡང་ན་འབྲེལ་བ་གནང་ན་ཡག་པོ་འདུག ང་ཚོ་ཤར་ཨེ་ཤ་ཡ་གཅིག་པ་ཡིན་པ་མ་ཟད། ནང་པའི་རྒྱལ་ཁབ་ཡིན་པས་རྒྱབ་ལྗོངས་ཡོད་པ་རེད། ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན། ཆ་རྐྱེན་གཙོ་བོ་སྨྲ་བརྗོད་རང་དབང་དང་འགྲོ་འདུག་རང་དབང་སོགས་རེད།  དེ་ནི་ཉི་ཧོང་ལ་ཡག་ཐག་ཆོད་ཡོད་པ་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡོད་པའི་བོད་རིག་པ་ཞིབ་འཇུག་པ་དང་། ཉི་ཧོང་བོད་རིག་པ་ཞིབ་འཇུག་པའི་བར་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་ཐུབ་ན་བོད་རིག་པ་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།

བཅར་འདྲི་བྱེད་མཁན། རྨེའུ་དཀོན་རྒྱམ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 6

  1. རྨེའུ་དཀོན་རྒྱམ། says:
    ལོ་ 12 སྔོན།

    བློ་དགའ་ལགས།
    སྐུ་ཁམས་བཟང་། འདི་འདྲའི་བཅར་འདྲི་ཞིག་བྱེད་འདུན་ནི། ཉེ་ཆར་སོག་པོ་ནས་རྒྱལ་སྤྱིའི་བོད་རིག་པ་ཐེངས་བཅུ་གསུམ་པའི་ཚོགས་འདུའི་སྐབས་སུ། ཁོང་མོ་དང་མཉམ་དུ་ཕན་ཚུན་ངོ་སྤྲོད་ཀྱི་ཚུལ་དུ་གླེང་མོལ་ཉུང་ངུ་ཞིག་བྱུང་། དེ་དུས། ང་ལ་བག་ཆགས་ཟབ་ཤོས་དེ་ཁོང་མོ་བོད་སྐད་གཙང་མ་ཤོད་ཐུབ་པ་དེ་རེད། དེའི་སྟབས་ཀྱིས། ངས་ཁོང་མོ་ལ་རྒྱུས་ལོན་ཞིག་བྱེད་འདུན་གྱིས། དྲ་བའི་འཇིག་རྟེན་བརྒྱུད་འཕྲིན་ཐུང་ལམ་ནས་ཐེངས་མང་སེ་ཞིག་ལ་མཇལ་མྱོང་། སྐབས་དེར་ཁོང་མོས་བོད་ཡིག་འབྲི་སྟངས་དཔེར་ན། དག་ཆ། འཕྲད་རྣམ་དབྱེ་སྦྱོར་ཚུལ། ཚིག་སྦྱོར། རིག་གཞུང་གི་བསམ་བློ་བཅས་ཀྱིས་རང་ཤུགས་ཀྱིས་ཁོང་མོའི་ཕ་ཡུལ་དང་སློབ་སྦྱོང་གི་བརྒྱུད་རིམ། གྲུབ་འབྲས་དང་ཉམས་མྱོང་བཅས་ཀྱི་ཕྱོགས་ནས་རྒྱུས་ལོན་ཞིག་བྱེད་ཁུལ་བྱས་པ་ཡིན།

    Reply
  2. ཀླུ་ བློ་བསམ། says:
    ལོ་ 12 སྔོན།

    མཱ་ཧོ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    དྲི་བ་དྲིས་ལན་ཡག་པོ་བྱས་འདུག

    Reply
  3. ཆོས་བཟང་། says:
    ལོ་ 12 སྔོན།

    ང་ཚོ་བཙན་བྱོལ་ནང་སྐྱེས་པའི་བུ་མོ་ཚོས་འཇོན་པ་ནི་ཕྱི་རྒྱལ་ལ་ཐར་ཐབས་དང་། དངུལ་འཚོལ་རྒྱུ་ཙམ་རེད། ཁོ་ཚོར་དེ་ཙམ་ལས་དམིགས་ཡུལ་ཅང་མེད་པ་རེད།
    དེ་ནས་ཁོ་ཚོས་བུད་མེད་ཀྱི་ཐོབ་ཐང་དགོས་འདྲ་ཞིག་ཟེར་བ་རེད། དེའི་རིགས་གོ་ཡོང་དུས་ལ་ང་གད་མོ་འདྲ་ཞིག་འཆོར་གྱིན་འདུག
    ཁོང་ཚོའི་བུད་མེད་ཀྱི་ཐོབ་ཐང་ཞེས་ལབ་དུས་དངོས་གནས་ཁོང་ཚོར་དགོས་པ་དེ་བུ་མེད་ཀྱི་ཐོབ་ཐང་མིན་ནམ་སྙམ། ག་རེ་ཡིན་ཟེར་ན། དེང་སྐབས་བཙན་བྱོལ་ནང་གི་བུ་མོ་ཕལ་ཆེ་བས་རང་འགུལ་དང་བླངས་ཀྱིས་རང་ཉིད་ལ་བུ་ཕྲུག་སྐྱེ་སྒོ་བཀག་ཟིན་པས། ཁོང་ཚོས་རྩོད་བཞིན་པ་དེ་ཡང་བུད་མེད་ཀྱི་ཐོབ་ཐང་མིན་པར། བུ་མེད་ཀྱི་ཐོབ་ཐང་། དེ་ཡང་བུ་ཕྲུག་སྐྱེ་རྒྱུ་མེད་པའི་ཐོབ་ཐང་དགོས་ཟེར་ན་ཧ་ཅང་འཚམས་པོ་ཡོད།
    དེང་སྐབས་བཙན་བྱོན་ནང་གཞིས་ཆགས་ཁག་ནང་གི་བུ་གསོ་ཁང་མང་ཆེ་བའི་ནང་ལ་བོད་པའི་བུ་ཕྲུག་བཞག་རྒྱུ་མེད་པར་བརྟེན། བུ་གསོ་ཁང་དེ་ཚོ་སྟོང་པ་ཆགས་སོང་ནས་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།
    ངོ་མ་བཤད་ན་བུ་གསོ་ཁང་དེ་ཚོ་ལ་རྒྱ་གར་གཞུང་གིས་འགྲོ་སོང་གཏོང་བཞིན་ཡོད་པ་རེད། འོན་ཀྱང་བོད་ཀྱི་བུད་མེད་རྣམས་ལ་བུ་ཕྲུག་སྐྱེ་རྒྱུ་མེད་པར་གྱུར་སོང་སྐབས་རྒྱ་གར་གཞུང་གིས་བུ་གསོ་ཁང་ལ་འགྲོ་སོང་གཏང་མཚམས་བཞག་པར་བརྟེན། མཐར་བུ་གསོ་ཁང་སྒོ་བརྒྱབས་པ་རེད།
    བཙན་བྱོལ་ནང་གི་བོད་པའི་བུ་མོ་ཚོས་བུ་ཕྲུག་སྐྱེད་སྤེལ་ཙམ་ཡང་མ་ནུས་པར། ད་དུང་བུ་མོས་ཐོབ་ཐང་རྩོད་ཁུལ་བྱེད་བཞིན་ཡོད་པ་རེད། དེ་ཚོ་མཐོང་སྐབས་ངས་ཁོང་ཚོར་སྙིང་རྗེ་སྐྱེ་བཞིན་འདུག་ལ། མ་ཟད་ང་གད་མོ་ཡང་འཆོར་བཞིན་འདུག ཧཧཧཧཧཧཧཧཧཧཧཧཧཧཧ། མ་རེད་དམ། གྲོགས་པོ་ཚོ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 12 སྔོན།

    དཀོན་རྒྱམ་ལགས། མོས། ངའི་མིང་ལ་(Maho Iuchi)ཟེར། ང་ནི་ཉི་ཧོང་ཨོ་ས་ཀ་(Osaka)ནས་ཡིན། ཟེར་བ་དེར་ཡིད་ཆེས་ག་འདྲ་བྱས་ནས་སླེབས་སོང་། རྒྱ་ཡི་རྒྱུ་མའི་རང་བཞིན་ནི་ཤིན་ཏུ་ཕྲ་བ་ཡིན་པའི་འགྲེལ་བཤད་བྱེད་མཁན་བྱུང་པས། དེའི་སྟབས་ཀྱིས་ངས་དྲིབ་དེ་ཕུལ་བ་ཡིན། གོ་བ་གཞན་ལེན་རྒྱུ་ཅང་མེད་ལགས།

    Reply
  5. ལྷག་པ་དོན་གྲུབ། says:
    ལོ་ 12 སྔོན།

    བཅར་འདྲི་བྱེད་མཁན་གྱིས་ལོ་རྒྱུས་རྐྱང་རྐྱང་ལས་ཕར་ཕྱོགས་ཀྱི་བསམ་ཚུལ་དང་ལྟ་གྲུབ་དེ་ཙམ་སྔོག་ཐུབ་མི་འདུག ཕྱི་མི་ཞིག་ལ་བཅར་འདྲི་བྱེད་སྐབས་ངས་བསམ་པ་ཡིན་ན་བོད་པའི་རིག་གཞུང་གི་རིན་ཐང་ཕྱོགས་ནས་ཤོད་དུ་བཅུག་ན་དེ་ལ་སྙིང་པ་དང་རྩ་ཆེན་པོ་དེ་ཙམ་ཡོད་པ་མ་རེད་བསམ་གྱི་འདུག གཙོ་བོ་བོད་རིག་པའི་ཕྱོགས་ལ་ལྟ་སྟངས་དང་དེའི་འཕེལ་ཕྱོགས་འགྱུར་འགྲོས་སོགས་ལ་སྒེར་གྱི་བསམ་ཚུལ་དང་ལྟ་གྲུབ་སྔོག་པ་ཡིན་ན་སྙན་པོ་ཡོང་གི་རེད།

    Reply
  6. Lerusaf says:
    ལོ་ 12 སྔོན།

    དངོས་ནས་ཡག་པོ་འདུག ཕྱི་རྒྱལ་བའི་ནང་དུ་འདི་ལྟ་བུའི་མི་ཚེའི་རིན་ཐང་དང་འཇིག་རྟེན་རིན་ཐང་འཚོལ་མཁན་གྱི་བུད་མེད་འདི་འདྲ་འདུག བོད་པའི་བུད་མེད་ཚོའི་ནང་དུ་ཕྱི་རྒྱལ་དུ་འགྲོ་རྒྱུ་དང་དངུལ་འཚོལ་རྒྱུ་རྐྱང་རྐྱང་ལས་འདི་ལྟ་བུའི་མིག་རྒྱང་རིང་པོར་ལྟ་ཐུབ་མཁན་ཞིག་ད་སྔ་མཐོང་ཐོས་མ་བྱུང་། ལྷག་པར་དུ་བཙན་བྱོལ་ནང་ལ་མཚོན་ན་བོད་པའི་བུད་མེད་ཚོའི་ཕྲན་བུ་འཇོན་མདོག་སྟོན་ས་ཞིག་ཡོད་པ་དེ་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese