མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝེ་ཆོན་གྱི་སྐད་ཆ།༼༢༽

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ནང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཟུར་པ་དང་ད་ལྟའི་ཆོས་ལུགས་ལས་དོན་སྡེ་ཚན་གྱི་འགན་འཛིན་ཀྲུའུ་ཝེ་ཆོན་ལ་ཡུ་རོབ་ཁུལ་དུ་སྐོར་སྐྱོད་སྐབས། ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཡུ་རོབ་ ‘གསར་འགོད་པ་པི་ཐེ.ཝེ་སི་ཐེ’ ཟེར་བས་བོད་དང་ཡུ་གུར་སྐོར་ལ་བཅར་འདྲི་བྱས་པའི་དྲི་བ་དྲིས་ལེན་ཁག་ཅིག་ཟླ་འདིའི་ཚེས་ ༡༩ ཉིན་བོད་ལྗོངས་ཆ་འཕྲིན་དྲ་བའི་སྟེང་སྤེལ་འདུག་པ་ཇི་བཞིན་གཤམ་དུ་བཀོད་ཡོད།

གསར་འགོད་པ། ངས་རྒྱུས་ལོན་བྱས་པ་ལྟར་ན། ཁྱེད་ཀྱིས་《ཀྲུང་གོའི་བོད་ལྗོངས་གཟའ་འཁོར་དུས་དེབ》ཀྱིས་ བཅར་འདྲི་ལ་དང་ལེན་གནང་སྐབས་ གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་མི་རུང་ཞེས་ཁྱེད་ཀྱི་ལྟ་ཚུལ་ ཞིག་བཤད་ཡོད། ཁྱེད་རང་ཉིད་ཆོས་ལུགས་ཀྱི་ངོ་རྒོལ་བ་ཞིག་ཡིན་ནམ་མིན།

ཀྲུའུ་ཝེ་ཆུན།  ཀྲུང་ གོའི་ལོ་རྒྱུས་དང་ཡོ་རོབ་ཀྱི་ལོ་རྒྱུས་དེ་འདྲའི་ཆ་མཚུངས་པ་ཞིག་མིན། ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་གི་ནང་དུ། ཡོ་རོབ་ཡེ་ཤུའི་ཆོས་ལུགས་ཀྱི་སྟོབས་ཤུགས་ཅུང་ཆེ་ལ་དགེ་མཚན་ཁྱད་འཕགས་ལྡན།  ནུབ་ཨེ་ཤ་ཡ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་དུའང་དེ་དང་འདྲ་ བར་དབྱི་སི་ལན་ཆོས་ལུགས་དར་རྒྱས་ཅུང་ཆེན་པོ་བྱུང་།  ལོ་རྒྱུས་སྟེང་ཀྲུང་གོ་སྲིད་གཞུང་གིས་ཆོས་ལུགས་ལ་བློ་རྒྱ་ཆེ་བའི་ལྟ་སྟངས་བཟུང་ སྟབས། ཆོས་ལུགས་ཆེན་པོ་ལྔ་མཉམ་གནས་ཀྱི་གནས་སྟངས་འདི་ཆགས་པ་རེད།  རང་རྒྱལ་ཀྱི་མི་གྲངས་དུང་ཕྱུར༡༣ཡོད་པའི་ནང་དུ། ཆོས་ལུགས་ལ་དད་པའི་མང་ཚོགས་ཧ་ལམ་དུང་ཕྱུར་གཅིག་ལྷག་ལས་མེད། མང་ཤས་ཀྱིས་ཆོས་ལུགས་ལ་དད་པ་མི་བྱེད།  གསར་ བརྗེ་འཐབ་རྩོད་དུས་སྐབས་སམ་ཡང་ན་འཛུགས་སྐྲུན་དུས་སྐབས་གང་ཡིན་རུང་། ཀྲུང་གོ་གུང་ཁྲན་ཏང་གིས་བྱ་གཞག་མཐའ་འཁྱོལ་བ་ཞིག་བསྒྲུབ་ཆེད། དད་ལྡན་མང་ཚོགས་དུང་ཕྱུར་གཅིག་ལྷག་ཙམ་རྣམས་ངེས་པར་དུ་མཐུན་སྒྲིལ་ཡོང་དུ་འཇུག་དགོས།  དེ་རྣམས་མཐུན་སྒྲིལ་ ཡོང་དགོས་ན་ངེས་པར་དུ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་དགོས་པ་རེད། སྲིད་ཇུས་དེ་ལག་བསྟར་བྱེད་པ་ནི་ང་ཚོའི་བྱ་གཞག་གི་དགོས་མཁོ་ཞིག་ཡིན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་གཞུང་ལུགས་ཀྱི་ལྟ་བ་སྟེ་ཆོས་ལུགས་ནི་མིའི་རིགས་ཀྱི་ སྤྱི་ཚོགས་ཀྱི་རྣམ་པ་ཡུན་རིང་བ་ཞིག་ཡིན་པས་དབང་གིས་རེད།  ཀྲུང་གོའི་སྤྱི་ཚོགས་ལ་བརྟན་བརླིང་དགོས་ན། ཚང་མ་དམིགས་ཡུལ་གཅིག་གི་ཐོག་ཏུ་བསྒྲིལ་དགོས།  ཆོས་ལུགས་སྲིད་ཇུས་ཀྱང་ངེས་པར་དུ་ཆོས་ལུགས་ལྟ་བུའི་སྤྱི་ཚོགས་ཀྱི་རྣམ་པའི་ནང་གི་ཆོས་ཉིད་དང་མཐུན་དགོས་པ་དེ་རེད།

གསར་འགོད་པ། འོ་ན་དམིགས་ཡུལ་དེ་ཅི་ཞིག་རེད།
ཀྲུའུ་ཝེ་ཆུན། རྒྱལ་ཁབ་འཕེལ་རྒྱས་ཡོང་བ་དང་། མི་སེར་གྱི་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་དེ་རེད། རྒྱལ་ཡོངས་མི་དམངས་ཀྱིས་དམིགས་འབེན་དེ་ལ་ཁས་ལེན་ཐོབ་ཡོད་པས། ཆོས་ལུགས་དད་མོས་མི་མཐུན་པའི་གནད་དོན་ལས་བརྒལ་ཡོད
།

གསར་འགོད་པ། ཆོས་ལུགས་ནི་དམིགས་ཡུལ་མངོན་འགྱུར་བྱེད་པའི་འགོག་རྐྱེན་དང་གནོད་འཚེ་ཞིག་ཏུ་གྱུར་བ་མ་ཡིན་ནམ།

ཀྲུའུ་ཝེ་ཆུན།  ང་ ཚོས་ནམ་ཡང་ཆོས་ལུགས་ནི་དམིགས་ཡུལ་མངོན་འགྱུར་བྱེད་པའི་གེགས་དང་དྲག་གནོན་ ཞིག་ཏུ་བརྩིས་མེད། འདུ་ཤེས་འཛིན་སྟངས་ཀྱི་ཆ་ནས་བཤད་ན། ཆོས་ལུགས་ནི་སེམས་གཙོ་རང་ལུགས་ཀྱི་འཇིག་རྟེན་ལྟ་བའི་མངོན་སྟངས་ཤིག་ཡིན་པར་ ཆ་བཞག་ན། དེ་ནི་ང་ཚོས་རྒྱུན་སྐྱོང་བའི་དངོས་གཙོ་རིང་ལུགས་དང་ཆ་མི་འདྲ་མོད། འོན་ཀྱང་རྒྱ་ཆེའི་ཆོས་ལུགས་དད་ལྡན་པའི་རྒྱལ་ཁབ་འཕེལ་རྒྱས་ཡོང་བ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་དམིགས་ཡུལ་དེ་ང་ཚོའི་ཚད་གཞི་དང་ གཅིག་ཡིན་པས་དེ་གཉིས་འགལ་མེད་ཡིན།  ༡༩༢༡ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། ཆོས་དད་རང་མོས་སྲིད་ཇུས་དེ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་འགྱུར་བ་ བྱུང་མྱོང་མེད། སྐབས་འགར་ང་ཚོས་ལག་བསྟར་བྱས་པ་དོན་ལ་མ་འཁེལ་བ་འབའ་ཞིག་རེད།  དཔེར་ ན། རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་ལྟ་བུ་རེད། ཡིན་ན་ཡང་རིག་གནས་གསར་བརྗེ་མཇུག་རྫོགས་རྗེས།  སུས་ང་ཚོ་ལམ་སང་ཆོས་དད་རང་མོས་ཡིན་པའི་སྲིད་ཇུས་སྔར་བཞིན་ལག་བསྟར་བྱས་ཡོད།  ཀྲུང་གོ་གུང་ཁྲན་ཏང་གི་གཞུང་ ལུགས་རྨང་གཞི་ནི་མར་ཁེ་སི་རིང་ལུགས་ཡིན། ང་ནི་ཏང་མི་ཞིག་ཡིན་པའི་ཆ་ནས། དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་རྒྱུན་སྐྱོང་བ་དང་ལྷ་མེད་སྨྲ་བའི་ རྗེས་སྐྱོང་བ་ནི་དོན་ལ་གནས་པ་ཞིག་ཡིན།   གུང་ ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་མི་རུང་བ་རྒྱུན་སྐྱོང་བ་དེ་ངས་ཏང་ གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་གེགས་ སུ་མི་འགྱུར།

གསར་འགོད་པ། འོ་ན་ཁྱེད་ཀྱིས་ཏང་ཡོན་རྣམས་ཀྱིས་ངེས་པར་དུ་ལྷ་མེད་སྨྲ་བའི་རྒྱུན་སྐྱོང་དགོས་ཞེས་པ་མ་ཡིན་ནམ།

ཀྲུའུ་ཝེ་ཆུན།  རེད།  རྒྱུ་ མཚན་ནི་ང་ཚོའི་ཏང་གི་སྲོལ་ཡིག་ནང་གསལ་བོར་བྲིས་ཡོད། ང་ཚོའི་སློབ་སྟོན་དགོངས་དོན་ནི་མར་ཁེ་སི་རིང་ལུགས་ཡིན། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་རྨང་གཞི་ནི་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་ དངོས་གཙོ་སྨྲ་བ་རྩོད་སྒྲུབ་བྱེད་པ་དེ་ཡིན།   དེ་ལས་དངོས་གཙོ་སྨྲ་བ་དང་ལྷ་ཡོད་སྨྲ་བ་ནི་ཆ་མི་འདྲ་བའི་འཇིག་རྟེན་ལྟ་ཚུལ་ གཉིས་ཡིན། མི་ཞིག་གུང་ཁྲན་ཏང་དུ་ཞུགས་པ་ནི་ཁོས་རང་གི་འཇིག་རྟེན་ལྟ་བ་ནི་དངོས་གཙོ་སྨྲ་ བ་ཡིན་པ་ངེས་ལེན་བྱས་ཡོད་པ་ལས་ལྷ་ཡོད་སྨྲ་བ་ནི་མིན། དེ་ནི་ཧ་ཅང་གསལ་ལ་སྨྲས་མི་དགོས་པའི་དོན་དག་ཅིག་རེད།

གསར་འགོད་པ། ཀྲུང་ གོའི་ད་ལྟའི་ཏང་ཡོན་མང་པོ་ཞིག་གིས་ལྷ་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། མི་འགའ་ཤས་ཀྱི་ལོག་མཆོད་ནང་ཞུགས་པ་དང་མི་འགའ་ཤས་ཀྱི་དགོན་སྡེར་ཞལ་འདེབས་ འབུལ་བར་སྐྱོད་ཀྱི་ཡོད།  དེ་ལྟ་བུའི་གནས་ཚུལ་འགྱུར་ལྡོག་གཏོང་དགོས་དམ།

ཀྲུའུ་ཝེ་ཆུན། ལོག་མཆོད་ནང་ཞུགས་མཁན་ནི་ཁྲིམས་འགལ་གྱི་བྱ་བ་ཞིག་ཡིན།   ལོག་མཆོད་ནི་ཆོས་ལུགས་ཀྱི་ཁོངས་སུ་མི་ཚུད་མོས་སྤྱི་ཚོགས་གནོད་འཚེ་བཟོ་མཁན་གྱི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཞིག་ཡིན།  ཏང་ཡོན་འགའ་རེ་ཆོས་ལུགས་བྱེད་སྒོར་ཞུགས་ཀྱི་ཡོད་གལ་སྲིད་དད་སེམས་རྐྱེན་བྱེད་སྒོར་ཞུགས་ཚེ་ངའི་བསམ་པར་དེ་ནི་ཏང་སྲོལ་དང་མཐུན་མེད།  དང་ཐོག་ཁོང་ཚོར་བསྒྱུར་བཅོས་དང་ཏང་སྲོལ་སྲུང་བརྩི་བྱེད་དགོས་པའི་བསམ་བློའི་སློབ་གསོ་བརྒྱབ་དགོས།   གལ་ ཏེ་མི་འགའ་རེས་ཏང་གི་བསམ་བློའི་རྨང་གཞི་དང་།  འགལ་ནས་སྔར་བཞིན་དད་མོས་བྱས་ཚེ་ཆོས་ལུགས་ཀྱི་དད་ལྡན་པ་ཞིག་བྱས་པ་ལས་ཏང་ཡོན་ བྱེད་པའི་དགོས་པ་མེད་དེ་ཡང་ཆོས་དད་རང་མོས་ཀྱི་རྣམ་པ་ཞིག་མངོན་ཐུབ།   ང་རང་ད་དུང་ནང་དོན་ཞིག་བཤད་རྒྱུ་ཡིན།  ངས་རྒྱུན་རིང་ཆོས་ལུགས་ཀྱི་ལས་དོན་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་ཡོན་ཆོས་ལུགས་དད་པ་མེད་དེས་ལས་ཀར་ཤུགས་རྐྱེན་ཐེབས་ཀྱི་མེད་པ་མ་ཟད།  ད་དུང་ཕན་པ་ཆེན་པ་ཡོད་པ་ཚོར་སྣང་བྱུང་།   གང་ཡིན་ཟེར་ན།  ཀྲུང་ གོར་ཆོས་ལུགས་ཆེན་པོ་ལྔ་ཡོད་ངས་གལ་ཏེ་ཆོས་ལུགས་གཅིག་ལ་དད་པ་བྱས་ཚེ་ཆོས་ ལུགས་གཞན་རྣམས་ཀྱི་ང་ལ་དོག་ཟོན་བྱེད་སྲིད། ཡིན་ན་ཡང་ང་རང་ཆོས་ལུགས་ལ་དད་པ་མེད་པས་དེར་བརྟེན་མི་ཚང་མས་ཡིད་ཆེས་བརྟན་པོ་ བྱེད་ཀྱི་ཡོད།  ཁོང་ཚོས་བསམ་པར་ངས་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་ལས་དོན་བྱས་ཚེ་འཚམ་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགོད་པ།   དེ་འདྲ་བཤད་ན་ཁྱེད་རང་བར་གནས་མ་ཡིན་ནམ།

ཀྲུའུ་ཝེ་ཆུན།   དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས་ཀྱི་བར་གནས་མ་ཡིན། ཆོས་ལུགས་ཁག་གི་ཁྲོད་ང་རང་བར་གནས་ཡིན།

གསར་འགོད་པ།  ཁྱེད་ རང་ཡང་མི་རིགས་གནད་དོན་ཐད་ཞིབ་འཇུག་ཕྱག་ལས་གནང་མཁན་ཞིག་ཡིན་ང་རང་ཡང་དེ་སྔ་ ཁྱེད་རང་རྩོམ་ཡིག་ཞིག་ལྟ་མྱོང་ཡོད། དེའི་ནང་གྲངས་ཉུང་མི་རིགས་མཉམ་བསྲེས་ཀྱི་གནད་དོན་བཤད་འདུག  འཛམ་གླིང་གི་ཁྱབ་ཁོངས་ནང་ང་ཚོས་གསལ་པོ་མཐོང་བར་གཞིགས་ན། གྲངས་ཉུང་མི་རིགས་མཉམ་བསྲེས་ཐུབ་པའི་དཔེ་མཚོན་གཅིག་ཀྱང་མེད།  ཀྲུང་གོར་གྲངས་ཉུང་མི་རིགས་ཧ་ཅང་གི་མང་པོ་ཡོད་པས་ཁོང་བཙན་ཤེད་བཏང་ནས་མི་རིགས་མཉམ་བསྲེས་བྱེད་དགོས་ཟེར་ན་གྲུབ་འབྲས་ཐོན་གྱི་རེད་དམ།  ངའི་ལྟ་ཚུལ་ནི་གྲངས་ཉུང་མི་རིགས་དེ་དག་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནང་ཁོང་ཚོ་རང་ཉིད་རང་རང་གདམ་ག་བྱེད་ཆོག་ན་འགྲིག་གི་རེད་དམ།

ཀྲུའུ་ཝེ་ཆུན།  ཁྱེད་ རང་གི་བཤད་པའི་གྲངས་ཉུང་མི་རིགས་བཙན་ཤེད་མ་བྱས་པར་མི་རིགས་མཉམ་བསྲེས་དང་དེ་ བཞིན་གྲངས་ཉུང་མི་རིགས་ཁྲིམས་ལུགས་ཁྱབ་ཁོངས་ཁྲོད་རང་རང་གདམ་ཁ་བྱེད་ཆོག་ཟེར་ བ་དེ་འགྲིག་པ་ཞིག་ཡིན།  དོན་དངོས་ཐོག་ང་ཚོས་ཀྱང་དེ་ལྟར་བྱེད་ཀྱི་ཡོད།   ཐུན་ མོང་གི་ཁྲིམས་ལུགས་ཁྱབ་ཁོངས་ཁྲོད་ང་ཚོའི་མི་རིགས་ཁག་མི་དམངས་རྣམས་དབང་ཆ་ འདྲ་མཉམ་དང་མི་རིགས་ཚང་མར་རང་རང་གི་དཔལ་འབྱོར་དང་། རིག་གནས།   སློབ་གསོ།   ཡི་གེ་དེ་བཞིན་ཁག་མི་འདྲ་བའི་བྱེད་སྒོ་ཚང་མར་དབང་ཆ་འཐུས་ཚང་ཡོད།

ངའི་ངོས་ནས་བཤད་ན།  དེང་ སྐབས་རྒྱལ་སྤྱིའི་རྙོག་འཛིང་ཆེ་བའི་རྣམ་པ་དང་རྒྱལ་ནང་གི་འཕེལ་རྒྱས་ཀྱི་འགན་ འཁྲི་ལྗིད་པོ་དེའི་འོག་ང་ཚོའི་མི་རིགས་ཁག་གི་མི་དམངས་ཕན་ཚུན་ཐུན་མོང་རང་ བཞིན་དང་།  གཅིག་མཚུངས་རང་བཞིན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་དགོས་པ་ལས་མི་རིགས་ཕན་ཚུན་ བར་ལ་ཧེ་བག་རྒྱ་ཆེར་གཏོང་རྒྱུ་མེད།   དཔེར་ན།   མི་ རིགས་ཁག་གི་མི་དམངས་ཚོས་རང་སོ་སོའི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་ གཏོང་དགོས་པ་དེ་ང་ཚོའི་རྩ་དོན་ཡིན་ལ་དེ་ནི་ང་ཚོའི་ཁྲིམས་ལུགས་ནང་གཏན་འཁེལ་ བྱས་ཡོད།

དེ་དང་དུས་མཚུངས།  ང་ཚོ་རྒྱལ་ཁབ་གཅིག་ནང་འཚོ་གནས་བྱས་ནས་བསྡད་ཡོད་པས་དེར་བརྟེན་ཚང་མས་ཤེས་པའི་སྐད་རིགས་གཅིག་བེད་སྤྱོད་བཏང་ན་ལེགས་ཤོས་ཡིན།  མི་རིགས་ཕན་ཚུན་འབྲེལ་བ་དང་འཚོ་བ་བསྐྱལ་སྐབས་ཧ་ཅང་གི་སྟབས་བདེ་པོ་ཡོད།   དེ་ནི་རྒྱལ་ཁབ་ཀྱི་གཅིག་འགྱུར་གྱི་སྐད་ཡིག་དེ་ཡིན།  རྒྱལ་ཁབ་ཀྱི་གཅིག་འགྱུར་གྱི་སྐད་ཡིག་ཁྱབ་སྤེལ་དང་བེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་དགོས།   ང་ཚོའི་རྒྱལ་ཁབ་ལ་ཡང་ཁྲིམས་ལུགས་ཡོད།   ད་དུང་དཔེར་ན།   ཏཱ་ ལའི་བླ་མས་རྒྱ་རིགས་བོད་ཁུལ་དུ་སྐྱོད་པར་ངོལ་རྒོལ་བྱས་པ་དང་། དེས་བོད་མི་རིགས་ཀྱི་ཁུལ་དུ་འགྱུར་ལྡོག་འགྲོ་བར་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ན་ཡང་། ཀྲུང་ གོའི་དེ་སྔའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་བོད་ལྗོངས་ནི་ས་རྒྱ་ཤིན་ཏུ་ཆེ་བས་ བོད་རིགས་སྤུན་ཟླ་ཁྲི་༢༠༠ཁོ་ནར་བསྟེན་ནས་འཛུགས་སྐྲུན་མི་ཐུབ་པས་རྒྱ་རིགས་ ཚོས་ཁོང་ཚོར་འཛུགས་སྐྲུན་ཐད་རོགས་རམ་བྱེད་དགོས་པ་དེ་མི་འགྲིག་པ་མེད།  ང་ཚོས་ཏེང་ཞའོ་ཕིང་གི་སྐད་ཆར་མོས་མཐུན་བྱེད་ངེས་ཡིན་ཏཱ་ལའི་བླ་མའི་སྐད་ཆར་ངོལ་རྒོལ་བྱེད་རྒྱུ་ཡིན།   དེས་མ་ཟད་ཏཱ་ལའི་བླ་མས་བོད་ལྗོངས་སུ་ལས་ཀ་བྱེད་མཁན་གྱི་རྒྱ་རིགས་ཚང་མ་ཕྱིར་འབུད་གཏོང་དགོས་ཞེས་བརྗོད་མྱོང་ཡོད།  གལ་ཏེ་ཏཱ་ལའི་བླ་མས་བརྗོད་པ་ལྟར་བྱས་ཚེ་ང་ཚོ་མི་རིགས་མང་པོའི་རྒྱལ་ཁབ་ངོས་ནས་བཤད་ན་ཧ་ཅང་གི་གོད་ཆག་ཆེན་པོ་ཞིག་ཡིན།

གསར་འགོད་པ།  གནད་ དོན་དེའི་ཐོག ང་ལ་བསམ་འཆར་མི་འདྲ་བ་ཡོད། ཁྱེད་རང་གིས་གསུངས་པའི་ཡིག་ཆ་དེ་ངས་ཞིབ་ཚགས་ངང་ལྟ་མྱོང་ཡོད་ལ་ཁྱེད་རང་གིས་ གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་ལན་སློག་པ་ཡང་ངས་གཐོང་མྱོང་།  ཡིག་ཆ་དེ་ད་ལྟ་ངའི་དཔེ་ཁུག་ནང་ཡོད། ཁོང་གི་དགོངས་དོན་གཙོ་བོ་ནི་རྒྱ་རིགས་དང་མི་རིགས་གཞན་གྱི་མི་རྣམས་བོད་ ལྗོངས་ནས་ཕྱིར་འབུད་གཏོང་རྒྱུ་དེ་མིན་པར།  མ་འོངས་པའི་ནང་གཞི་རྒྱ་ཆེ་བའི་རྒྱ་རིགས་དང་མི་རིགས་གཞན་གྱི་མི་རྣམས་བོད་ ལྗོངས་སུ་གནས་མ་སྤོ་བ་དེ་ཡིན།

ཀྲུའུ་ཝེ་ཆུན།  ངས་བཤད་པ་དེ་སྤྱི་ལོ༡༩༨༧ལོར་ཏཱ་ལའི་བླ་མས་ཨ་རིའི་རྒྱལ་ཚོགས་སུ་འགྲེམ་ བསྒྲགས་བྱས་པའི༼བོད་ལྗོངས་ཀྱི་གནད་དོན༽ཞེས་པ་དང་འབྲེལ་བའི་ཇུས་གཞི་ལྔ་དེ་ ཡིན་པ་དང་དེའི་ནང་གི་སྐད་ཆ་གཅིག་དུམ་བུ་གཅིག་ངས་ཁྱོད་ལ་བཤད་མཆོག  དེ་ནི༼བོད་རིགས་མི་རྣམས་ཀྱིས་གལ་སྲིད་འཚོ་གནས་ལ་རེ་བ་བྱས་ཚེ།  ངེས་པར་དུ་རྒྱ་རིགས་བོད་དུ་གནས་སྤོ་མཚམས་འཇོག་བྱེད་དགོས་པ་དང་ཆབ་ཅིག་དེ་དག་ ཀྲུང་གོར་ཕྱིར་ལོག་བྱེད་དགོས༽ཅེས་པའི་སྐད་ཆ་དེས་ཐེ་ཚོམ་མེད་པའི་ཐོག་ནས་བོད་ དུ་ཡོད་པའི་རྒྱ་རིགས་རྣམས་ཕྱིར་འབུད་བྱེད་པའི་ཆེད་དུ་ཡིན།

གསར་འགོད་པ། མཐའ་མའི་གྲོས་མོལ་གྱི་ཟིན་ཐོ་ནི་༢༠༠༨ལོར་ཡིན་ནམ།

ཀྲུའུ་ཝེ་ཆུན། ངས་ཁྱེད་ཀྱིས་བཤད་པ་དེ༢༠༠༨ལོར་ཏཱ་ལའི་བླ་མས་ང་ཚོར་སྤྲད་པའི་བོད་མི་དང་ འབྲེལ་བའི༼ཚད་མཐོའི་རང་སྐྱོང་༽ཞེས་པའི་འགྲེལ་བཤད་དེ་ཡིན་པ་ཤེས་སོང་།  ཟིན་བྲིས་དེའི་ནང་ཏཱ་ལའི་བླ་མས་རང་ཉིད་ཀྱིས་གསུངས་པའི༼བསམ་འཆར་ལྔ༽དེའི་ནང་ གི་རྒྱ་རིགས་ཕྱིར་འབུད་བྱེད་དགོས་ཞེས་པའི་སྐད་ཆ་དེ་ཕྱིར་འཐེན་མ་བྱས་པ་མཟད་་ རང་ཉིད་ཀྱིས་བཤད་པའི་སྐད་ཆར་ཁས་ལེན་མི་བྱེད་པ་དེ་རེད།

གསར་འགོད་པ།  ཏཱ་ ལའི་བླ་མས་ང་ཚོའི་དམིགས་ཡུལ་ནི་རྒྱུན་རིང་བོད་དུ་གནས་སྡོད་བྱེད་མཁན་གྱི་ རྒྱ་རིགས་རྣམས་ཕྱིར་འབུད་བྱེད་རྒྱུ་དེ་མིན་པར་གཞི་རྒྱ་ཆེ་བའི་རྒྱ་རིགས་བོད་ དུ་གནས་སྤོ་མི་ཆོག་པ་དེ་ཡིན།

ཀྲུའུ་ཝེ་ཆུན།   ཁྱེད་རང་གི་གཟབ་ནན་བྱེད་དགོས་པ་ནི་པར་གཞི་གང་འདྲ་ཞིག་གི་ནང་དུ་ཡང་ཏཱ་ལའི་བླ་མས་༼ བོད་དུ་གནས་སྤོ་བྱེད་མཁན་གྱི་རྒྱ་རིགས་ཀྲུང་གོར་ཕྱིར་ལོག་བྱེད་དགོས་༽ཞེས་ པའི་སྐད་ཆ་དེ་སྔར་ནས་ད་བར་ཕྱིར་འཐེན་བྱེད་མྱོང་མེད།   འདས་ཟིན་པ་འམ་ད་ལྟ་གང་ཞིག་ཡིན་རུང་བོད་ལྗོངས་ནི་ཀྲུང་གའི་མངའ་ཁོངས་ཀྱི་གྲས་ཞིག་ཡིན།  ཀྲུང་གོའི་སྤྱི་དམངས་རྣམས་ཀྱིས་རང་གི་རྒྱལ་ཁོངས་ནང་རང་མོས་བཞིན་གནས་སྤོ་དང་འཚོ་བ་བསྐྱལ་ཆོག་པའི་དབང་ཆ་ཡོད།    དེ་ནི་ཤེས་དཔལ་དང་དམངས་གཙོ་ལྡན་པའི་རྒྱལ་ཁབ་ཀྱི་དོར་ཐབས་མེད་པ་ཞིག་ཡིན།       ཏཱ་ལའི་བླ་མར་ཀྲུང་གོའི་སྤྱི་དམངས་བོད་ལྗོངས་སུ་སྐྱོད་པར་བཀག་འགོག་བྱེད་དབང་མེད།

གསར་འགོད་པ།  བྱས་ན།  ཀྲུང་གོའི་མི་ཚང་མ་ཤང་ཀང་དུ་གནས་སྤོ་བྱེད་ཆོག་གམ།

ཀྲུའུ་ཝེ་ཆུན།   ཚང་མས་ཤེས་གསལ་རེད།  ཤང་ ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན། ༼རྒྱལ་ཁབ་གཅིག་ལམ་ལུགས་གཉིས་༽ལག་བསྟར་བྱས་ནས་མི་འབོར་གནད་དོན་ལམ་ལུགས་དེའི་ འོག་བཀོད་སྒྲིག་བྱས་ཡོད་པས་བོད་ཀྱི་གནད་དོན་དང་ཁྱད་པར་ཆེན་པོ་ཡོད།  ཁྲོམ་ རའི་དཔལ་འབྱོར་ཆ་རྐྱེན་འོག་ཞིང་ཆེན་གཞན་གྱི་མི་རྣམས་བོད་ཁུལ་དུ་འཛུགས་ སྐྲུན་དང་། འཕེལ་རྒྱས། ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་རོགས་རམ་བྱེད་པར་སྐྱོད་པས་༼མི་རིགས་ཀྱི་ཐོབ་ ཐང་༽བལྟས་ནས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།     དོན་ དངོས་ཐོག་བོད་ཀྱི་མི་འབོར་གྱི་མི་རིགས་གྲུབ་ཆ་འགྱུར་ལྡོག་ཆེན་པོ་དེ་ཙམ་ བྱུང་མེད་ད་ལྟའི་བར་བོད་རིགས་ཀྱི་མི་འབོར་དེ་སྤྱིའི་མི་འབོར་གྱི་བརྒྱ་ཆ་༩༠ ཡན་ཟིན་གྱི་ཡོད།   བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་བཅས་ནི་བོད་ལྗོངས་སྒོ་བཀག་བྱས་པའི་གྲུབ་ འབྲས་མ་ཡིན་པར་རྒྱལ་ཡོངས་ཀྱི་མི་དམངས་རྣམས་ཀྱིས་ཕན་ཚུན་རོགས་རམ་དང་འབྲེལ་བ་ བྱས་པའི་གྲུབ་འབྲས་ཞིག་ཡིན།

གསར་འགོད་པ།   ང་རང་བོད་ཕྱོགས་ཀྱི་སྐུ་ཚབ་ལ་ཐུག་འཕྲལ་བྱས་མྱོང་པ་མ་ཟད།   ཁྱེད་རང་དང་གྲོས་མོལ་བྱེད་བཞིན་པའི་འཐུས་ཚབ་པ་དེ་ཡང་ངོ་ཤེས།   ཏྰ་ལའི་བླ་མའང་མཐོང་མྱོང་།  ང་ཁོའི་ལྟ་བ་ཡོད་ཚད་ལ་མོས་མཐུན་མེད།  དཔེར་ན“བོད་ཆེན་པོ”ཞེས་པའི་ལྟ་བ་ལྟ་བུ་ཡིན།  འོན་ཀྱང་ཁོས་དྲན་ཐོའི་ནང་དུ་ངས་ཁོ་རང་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་མཐོང་མ་བྱུང་།  ཁྱེད་ཀྱིས་ཕྱིས་ཀྱི་གསར་འགོད་པ་སྣེ་ལེན་ཚོགས་འདུའི་སྟེང་ཏྰ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པར་སྐྱོན་བརྗོད་བྱས་འདུག།  ང་རང་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་བོད་ཕྱོགས་ཀྱི་ལྟ་ཚུལ་ལ་བར་ཁྱད་དེ་འདྲའི་ཆེན་པོ་གནས་པར་ཧ་ལས་བྱུང་།  དེ་ནི་འཇིག་རྟེན་གཉིས་དང་འདྲ་བོ་རེད།

ཀྲུའུ་ཝེ་ཆུན།   ངས་ཐོག་མར་ཁྱེད་ཀྱི་བཤད་སྟངས་ལ་ཡོ་བསྲང་ཅིག་བྱེད།  ཁྱེད་ཀྱིས་ཏྰ་ལའི་བླ་མའི་ཕྱོགས་དེར་“བོད་ཕྱོགས”ཞེས་གླེང་མོད།   ཏཱ་ལའི་བླ་མའི་ཕྱོགས་ནི“བོད་ཕྱོགས”མིན་ཏེ།     བོད་ལྗོངས་ཀྱི་ཚབ་བྱེད་ནི་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་འགོ་ཁྲིད་འོག་གི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཡིན་ལ།  ཏྰ་ལའི་རུ་ཚོགས་ནི་རྒྱལ་ཁབ་ལ་ངོ་ལོག་པའི་ཚོགས་པ་ཞིག་རེད།  ཏྰ་ལའི་བླ་མས་ཨ་རིའི་རྒྱལ་ཚོགས་ཀྱི“བྱེད་སྟངས་ལྔ”དང་ཧྥ་རན་སིའི་སུ་ཐུ་ར་བྷོའི“གྲོས་གཞི་གསར་པ་བདུན”གྱི་སྐོར་དེ་ལ་ང་ཡང་ཁྱེད་དང་འདྲ་བར་ནན་ཏན་གྱིས་ཞིབ་འཇུག་བྱས་པ་ཡིན།   གལ་ཏེ་ང་ཚོས་དོན་ཚན་རེ་རེ་བཞིན་རྩོད་པ་བྱས་ཚེ།   དེ་རིང་གི་གྲོས་བསྡུར་འདི་རྙོག་འཛིང་ཆེན་པོ་ཞིག་ཏུ་འགྱུར་ངེས།  ཁྱེད་ཀྱིས་ཏྰ་ལའི་བླ་མ་ལ་ཁ་བྲལ་གྱི་བསམ་ཕྱོགས་མེད་པར་བསྟན།  ངས་འདི་རུ་ཁོས་ཉེ་ལམ་གྱི་སྐད་ཆ་ཁ་ཤས་དྲངས་ནས་བཤད་དེ། ཏྰ་ལའི་བླ་མས་ཁ་ན་ཏའི་སྨྱན་སྦྱོར་གྱིས་བཅར་འདྲི་བྱེད་དུས་བཤད་རྒྱུར།  “དེང་སྐབས་བོད་མི་མང་པོར་ལྟ་ཚུལ་འདི་འདྲ་ཞིག་ཡོད་དེ།  བོད་མི་ཡོད་ཚད་ཀྱིས་རང་བཙན་བྱེད་འདོད་ལ།  ང་ཁོ་ནས་རང་བཙན་བྱེད་མི་འདོད”ཅེས་པ་དང་།  གལ་ ཏེ་ཁྱེད་ཀྱིས་ང་ལ་རང་གིས་རང་བཙན་བྱེད་འདོད་དམ་ཀྲུང་གོའི་ནང་དུ་འདུག་འདོད་ ཅེས་སྐད་ཆ་འདྲི་དུས། ལན་དེ་ནི་ང་ཚོས་རང་བཙན་བྱེད་འདོད་ཅེས་བཤད་པ་ཁོ་ཐག་ཡིན། ༢༠༡༢ལོའི་ཟླ༣པའི་ཚེས༢༥ཉིན།   ཏྰ་ལའི་བླ་མའི་གསར་འགྱུར་དྲ་བར་བཀོད་དོན།    ཏྰ་ལའི་བླ་མས“མི་རིགས་ལས་འགུལ་”ཞེས་པར་ཁ་བརྡ་བྱེད་དུས་བཤད་རྒྱུར།   “བོད་ལྗོངས་ལ་ལོ་རྒྱུས་སྟེང་བཤད་ན་རང་བཙན་བརྩོན་ལེན་གྱི་དབང་ཆ་ཡོད་ལ།  འདི་ནི་ཁེ་དབང་ཞིག་རེད། ངས་འཆད་པའི་དབུ་མའི་ལམ་ནི་དེང་གི་དཀའ་སྡུག་གི་གནས་བབ་ལ་དམིགས་པ་ཡིན།  དཀའ་ སྡུག་གི་གནས་བབ་འདི་བྱེད་ཐབས་ཅི་འདྲ་སྤྱད་ན་ཐག་གཅོད་ཐུབ་པའི་བྱེད་སྟངས་ཤིག་ ཡིན། དེ་བས་བོད་རང་བཙན་ལ་ཁོ་རང་གི་རྒྱུ་མཚན་དང་གནས་ལུགས་ལྡན”ཟེར།  ༢༠༡༡ལོའི་ཟླ༢པའི་ཚེས༡༡ཉིན། 《རྒྱ་གར་དུས་རབས་ཚགས་པར》དུ་བཀོད་པར།  ཏྰ་ལའི་བླ་མས་རྒྱ་གར་དུ་གཏམ་བཤད་སྤེལ་ཞིང་ཐ་ན་འུད་སྒྲོག་ཀྱང་བྱས་ཡོད།  “རྒྱ་གར་ལ་ཀྲུང་གོ་ལས་ལྷག་པའི་བོད་ལྗོངས་ཀྱི་བདག་དབང་བཟུང་ཆོག་པའི་གནས་ལུགས་ཡོད”ཅེས་སྐད་ཆ་འདིའི་རིགས་ཐེངས་མང་པོར་བཤད་སོང་།  ༢༠༡༡ལོའི་ཟླ༦པའི་ཚེས༩ཉིན། ཏྰ་ལའི་ཚོགས་ཁག་གི་སྲིད་གཞུང་རྫུན་མའི་འགོ་གཙོ་བློ་བཟང་སེང་གེ་ཡིས་རྒྱ་གར་གྱི《ཁ་བརྡ》དུས་དེབ་ལ་བཤད་རྒྱུར།  “བོད་རང་བཙན་དང་བོད་རང་སྐྱོང་གི་ལྟ་བར་འགལ་བ་མེད་དེ།  རྩོད་སྒྲུབ་ཀྱི་ཟུར་ནས་བལྟས་ན།  བོད་རང་བཙན་ནི་རྩ་དོན་གྱི་དམིགས་ཡུལ་དང་།  བོད་རང་སྐྱོང་ནི་དངོས་ཡོད་དམིགས་ཡུལ་རེད”ཟེར།  ཏྰ་ལའི་བླ་མ་དང་བློ་བཟང་སེང་གེ་ཡིས“དབུ་མའི་ལམ”དང“བོད་རང་བཙན”བར་གྱི་འབྲེལ་བ་བརྗོད་པ་ཧ་ཅང་གསལ་ཏེ།    ངས་གླེང་ཕྱོགས་འདི་འདྲར་རྒྱུན་དུ་དུས་དེབ་དང་ཚགས་པར་སྟེང་སྐྱོན་བརྗོད་བྱས་པ་ཡིན་མོད།  ཁོ་ཚོས་དེར་འགྲེལ་བཤད་ཅི་ཡང་བྱས་མེད།   དེ་འདྲའི་གླེང་ཕྱོགས་ལ་ངས་དཔེ་བརྗོད་ད་དུང་མང་པོ་དྲངས་ཆོག   ལྷག་པར་དུ་བློ་བཟང་སེང་གེ་ཡིས “བོད་རང་བཙན” ནི་རྩ་དོན་གྱི་དམིགས་ཡུལ་དང་།  “བོད་རང་སྐྱོང”ནི་དངོས་ཡོད་དམིགས་ཡུལ་ཡིན་ཞེས་པས་ཏྰ་ལའི་བླ་མའི་བསམ་ཚུལ་ལབ་ཡོད་པ་ཧ་ཅང་གསལ་པོ་རེད།  དེ་ཡང་ཆབ་སྲིད་སྟེང་ཐབས་ཤིན་ཏུ་མཁས་པོ་མིན་ཏེ།  ཏྰ་ལའི་བླ་མར་གཏོར་བརླག་ཆེན་པོ་ཐེབས་སྲིད་པ་དང་།  ཏྰ་ལའི་བླ་མ་དང་བློ་བཟང་སེང་གེའི་དེ་འདྲའི་གླེང་ཕྱོགས་ལ་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་ཁོ་ཚོར་ཡིད་ཆེས་བྱེད་སྲིད་དམ།    ཞོར་ནས་ངས་ཡང་འབྲེལ་ཡོད་ཀྱི་གནད་དོན་ཞིག་བཤད།   ང་དང་ཏྰ་ལའི་བླ་མའི་སྐུ་ཚབ་པ་ལོ་ངོ༡༠རིང་ཐེངས༡༠ལ་འཕྲད་མྱོང་།   ད་ལྟ་ཅིའི་ཕྱིར་འཕྲད་མི་ཐུབ་པ་རེད་ཟེར་ན།  དེའི་རྒྱུ་མཚན་ནི་བློ་བཟང་སེང་གེ་ཡིས་རྗེས་ཕྱོགས་ཀྱི་ཐུག་འཕྲད་ནི“ཡུལ་གྱར་སྲིད་གཞུང”དང་ཀྲུང་གོའི་སྲིད་གཞུང་བར་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་པ་དང་།  ཏྰ་ལའི་བླ་མས་ཀྱང་ཐེངས་མང་པོར།   རྗེས་ཕྱོགས་ཀྱི་ཐུག་འཕྲད་གྲོས་མོལ་གྱི་བྱ་བ་བློ་བཟང་སེང་གེ་ཡིས་འགན་ཁུར་དགོས་ཞེས་བསྟན།  ཡང་ ཅིག་བཤད་ན། དེ་ནི་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་དང་ཁ་བྲལ་རིང་ལུགས་ཀྱི་སྲིད་གཞུང་རྫུན་ མའི་བར་གྱི་ཐུག་འཕྲད་གྲོས་མོལ་ཡིན་ཞེས་པ་དེ་རེད།    དོན་ དེའི་ངོ་བོ་ནི་ཏྰ་ལའི་བླ་མ་དང་བློ་བཟང་སེང་གེས་ཐུག་འཕྲད་གྲོས་མོལ་འགོ་ བརྩམས་མ་ཐག་ང་ཚོར་དོན་དངོས་ཐོག་སྲིད་གཞུང་རྫུན་མའི་ཁྲིམས་མཐུན་རང་བཞིན་ལ་ ཁས་ལེན་དུ་འཇུག་པའི་རེ་བ་བཅིངས་འདུག   ཆ་རྐྱེན་དེ་འདྲར་ཀྲུང་དབྱང་སྲིད་གཞུང་གཏན་ནས་ཡིད་འཐད་མི་སྲིད་པས།   ཐུག་འཕྲད་གྲོས་མོལ་གཏན་ནས་བྱེད་མ་ཐུབ་པ་རེད།

གསར་འགོད་པ།   ངས་ཁྱེད་དང་གྲོས་མོལ་བྱས་པའི་འཐུས་ཚབ་པ་ངོ་ཤེས་ཀྱིན་ཡོད།      ཁོ་ཚོས་གྲོས་མོལ་མི་བྱེད་པ་ནི་མིག་སྔའི་གནས་ཚུལ་འོག་གྲོས་མོལ་ལ་སྙིང་པོ་མི་འདུག་པས་ཡིན་ཏེ།    ཁོ་ཚོས་བོད་ལྗོངས“ཡུལ་གྱར་སྲིད་གཞུང”གི་མིང་ཐོབ་ཀྱིས་གྲོས་མོལ་བྱེད་པ་གཏན་ནས་བཤད་མྱོང་མེད་པ་དང༌།  ངས་ཤེས་གསལ་ལྟར་ན་ཁྱེད་ཀྱིས་གྲོས་མོལ་ཕྱོགས་ཀྱིས་ཁོ་ཚོའི་གྲོས་མོལ་རེ་བའི་ཐད་ཀྱི་སྙན་ཞུ་ཞིག་འབྲི་དགོས་ཟེར།   ཁོ་ཚོས་ཀྱང་བྲིས་འདུག ཁྱེད་ཀྱིས་ཕ་རོལ་ཕྱོགས་ཀྱི་ལྟ་བ་དང་ལེན་བྱེད་འདོད་མེད་ན།  ཅིའི་ཕྱིར་ཁོ་ཚོར་ད་དུང་གྲོས་མོལ་བྱེད་དགོས།

ཀྲུའུ་ཝེ་ཆུན།  དྲི་བ་དང་པོར།  ཁྱེད་ཀྱིས་བཤད་པའི“གྲོས་མོལ་འཐུས་ཚབ་པ”ནི་སྐུ་ཞབས་རྒྱ་རི་བློ་གྲོས་ཡིན་སྲིད།  དངོས་གནས་སྐུ་ཞབས་འདིས་ཁོས་བོད་ལྗོངས“ཡུལ་གྱར་སྲིད་གཞུང”གི་ཚབ་བྱས་ནས་ང་དང་གྲོས་མོལ་ གཏན་ནས་བཤད་མ་མྱོང༌།  ཁོས་བཤད་རྒྱུར་ཁོས་ཏཱ་ལའི་བླ་མའི་མི་སྒེར་གྱི་ཚབ་བྱེད་ཀྱིན་ཡོད་ཟེར།  རྒྱུ་མཚན་དེ་འདྲའི་དབང་གིས།  ང་ཚོས་ད་གཟོད་གྲོས་མོལ་བྱེད་ཐུབ་པ་བྱུང༌།  འོན་ཀྱང་དེང་སྐབས་ཏཱ་ལའི་ཚོགས་པས་སྲིད་འཛིན་པ་བློ་བཟང་སེང་གེ་ཡིས་ཡང་དང་བསྐྱར་དུ་རྗེས་ཕྱོགས་ཀྱི་ཐུག་འཕྲད་གྲོས་མོལ་ནི“ཡུལ་བྱོལ་སྲིད་གཞུང”དང་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གཉིས་ཀྱིས་གྲོས་མོལ་བྱེད་དགོས་ཟེར། དེས་སྟབས་ཀྱིས་ཐུག་འཕྲད་གྲོས་མོལ་གྱི་རྨང་གཞིར་ཁྱོན་ཡོངས་ནས་གཏོར་བརླགས་བྱས་པ་རེད།   ངས་ཤེས་གསལ་ལྟར་ན།   སྐུ་ཞབས་རྒྱ་རི་བློ་གྲོས་ཡིས་བློ་བཟང་སེང་གེའི་སྤྱོད་ཚུལ་ལ་དོན་དངོས་སྟེང་འཐད་པ་མིན་པ་དང༌།  སྤྱིར་སྐུ་ཞབས་རྒྱ་རི་བློ་གྲོས་དང་ངེད་གཉིས་ཀྱི་ལྟ་བ་གཅིག་མཐུན་མིན་མོད།   འོན་ཀྱང་ངས་ཁོ་ལ་བརྩི་བཀུར་ཆེན་པོ་བྱེད་ཀྱིན་ཡོད།  ཁོ་ནི་དོན་དངོས་སུ་བློ་བཟང་སེང་གེ་སོགས་ཀྱིས་གྲོས་མོལ་གོ་གནས་ནས་མཐར་བསྐྲད་པ་རེད།    དྲི་བ་གཉིས་པར། ང་ཚོས་དུས་རིམ་སྔོན་མ་ཞིག་གི་རིང་དུ་ཐེངས་མང་པོར་ཏཱ་ལའི་བླ་མའི་མི་སྒེར་འཐུས་ཚབ་དང་གྲོས་མོལ་བྱས་པ་ནི།    ལོ་རྒྱུས་སྟེང་ཏཱ་ལའི་བླ་མས་རྒྱལ་ཁབ་ལ་ཧུར་ཐག་གིས་བྱ་བ་བསྒྲུབས་མྱོང༌།  ངས་བཤད་པ་ནི་བོད་ཞི་བའི་བཅིངས་འགྲོལ་དང༌།  ཆིངས་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དེ་ཡིན།   སྐབས་དེ་དུས་ཁོ་ནི་བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ཇུས་འགོད་མཁན་རེད།   ཏཱ་ ལའི་བླ་མའི་ཆོས་ལུགས་ཀྱི་ཐོབ་ཐང་ནི་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་གཏན་ འཁེལ་བྱས་པ་ཡིན། ང་དང་ཁོས་མི་སྒེར་འཐུས་ཚབ་པའི་གྲོས་མོལ་ནི་དོན་དངོས་ཐོག་ལོ་རྒྱུས་སྲོལ་ རྒྱུན་ལ་བརྩི་བཀུར་བྱས་པ་ཡིན།  དུས་རབས་སྔོན་མར་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང༌།  ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གིས་འཐུས་ཚབ་པ་མངགས་ནས་ཏཱ་ལའི་བླ་མ་དང་འབྲེལ་བ་བཙུགས་ཤིང༌།  ཐེངས་མང་པོར་ཁོས་ལྟ་སྐོར་ཚོགས་པ་བཙུགས་ནས་བོད་ལྗོངས་སུ་ལྟ་སྐོར་བྱེད་པར་གདན་འདྲེན་བྱས།  ང་ཚོར་དམིགས་ཡུལ་གཅིག་ཡོད་དེ།   དེ་ནི་ཁོས་ཁ་བྲལ་བྱེད་སྒོ་མཚམས་འཇོག་པར་བརྩོན་ལེན་དང༌།  རྒྱལ་གཅེས་ཀྱི་ཡང་དག་པའི་ལངས་ཕྱོགས་སུ་འགྲེངས་པ་ལས་ཁོ་དང“བོད་ཀྱི་གནད་དོན”ཞེས་པ་དེ་རིགས་ལ་གྲོས་མོལ་བྱེད་རྒྱུ་དེ་མིན།

གསར་འགོད་པ། ཁོང་གིས་སྔ་མོ་ནས་ཁ་བྲལ་ལས་འགུལ་མཚམས་བཞག་ཡོད་པ་རེད།

ཀྲུའུ་ཝེ་ཆུན། མ་རེད། དེ་ནི་ཁྱེད་ཀྱི་ལྟ་ཚུལ་རེད། ཁོང་ཚོས་བཤད་པའི་དབུ་མའི་ལམ་ཟེར་བའི་ངོ་བོ་ནི་བོད་རང་བཙན་ཟེར་བ་དེ་རེད། ངས་ད་ཅིར་གསལ་པོ་བཤད་ཡོད། ཁོ་ཚོར་ཡིག་ཆ་འབྲི་བའི་རེ་བ་ཞུས་པ་ནི། དོན་དངོས་སུ་ངས་སྐུ་ཞབས་རྒྱ་ར་བློ་གྲོས་ལ། ཁྱེད་ཅག་གིས་བཏོན་པའི་རེ་བ་དེ་དག་ལ་ཀྲུང་དབྱང་གིས་ཁྱེད་ཚོ་དང་གྲོས་མོལ་བྱེད་མི་སྲིད་མོད། འོན་ཀྱང་གལ་སྲིད་ཁྱེད་རང་ཚོའི་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་སྐད་ཆ་གསལ་པོ་ ཞིག་གླེང་ཐུབ་པ་བྱུང་ན།  ང་ཚོས་ཁྱེད་ཚོ་ཀྲུང་དབྱང་གི་ཕྱོགས་ནས་ལངས་ཡོད་མིན་ལ་ཁྲུན་ཐག་གཅོད་སླ་ཞེས་ཡང་ནས་ཡང་དུ་བཤད་མྱོང་དེ་ཡིན། ནང་དོན་ཧ་ཅང་གསལ་ཏེ། གཅིག་ནས་ངས་ཁྱེད་ཅག་ལ་བོད་ལྗོངས་ཀྱི་ཆབ་སྲིད་གོ་གནས་རིགས་ཀྱི་སྐོར་ནས་གྲོས་མོལ་མི་བྱེད།  གཉིས་པ་ནི་ངས་ཁྱེད་ཅག་གི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་ཡོད་མེད་ལ་བལྟས་ཆོག། མཐའ་མཇུག་ང་ཚོས་ཁོ་ཚོའི་ཡིག་ཆ་ལྟ་དུས་ཁོང་ཚོའི་ལངས་ཕྱོགས་ལ་འགྱུར་བ་བཏང་མི་འདུག

གསར་འགོད་པ།  ཁྱེད་ཀྱིས་གྲོས་མོལ་ཕྱོགས་གཉིས་ཀྱིས་ཕ་རོལ་བའི་ལྟ་ཚུལ་མི་འདྲ་བ་གང་རུང་ལ་གོང་བཀུར་བྱེད་པའི་བསམ་བློ་ནང་ལྟར་བཏང་ན་མི་ཆོག་གམ།  བོད་ཕྱོགས་ཀྱི་འཐུས་མིས་དེ་ལྟར་བསམ་གྱིན་ཡོད། གལ་སྲིད་ཁྱེད་ཀྱི་དམིགས་ས་ནི་ཕ་རོལ་པོ་ཁྱེད་ཀྱི་བསམ་ཚུལ་མཐུན་ཡོད་མིན་ལ་ཞིབ་བཤེར་བྱེད་པ་ཁོ་ན་ཡིན་ཚེ། དེ་འདྲའི་གྲོས་མོལ་ལ་དོན་སྙིང་ཡོད་དམ།

ཀྲུའུ་ཝེ་ཆུན། ང་ཚོས་དེ་ལ་ཐུག་འཕྲད་གྲོས་མོལ་ཟེར་བ་ལས་གྲོས་མོལ་མི་ཟེར། དཔེ་བཞག་ན། ངས་ཁྱེད་དང་གླེང་མོལ་བྱེད་པར་མཚོན་ན། ང་ཚོ་ནི་འདྲ་མཉམ་ཡིན། ཡིན་ན་ཡང་ཏཱ་ལའི་ཚོགས་ཁག་ལ་ཆ་བཞག་ན་ ༡༩༥༩ ལོར་ངོ་ལོག་ཟིང་འཁྲུག་བསླངས་ནས་ཕམ་ཁ་བྱུང་རྗེས་སུ་རྒྱལ་ཕྱིར་བྲོས་བྱོལ་དུ་ཕྱིན་ནས་བོད་རང་བཙན་རྒྱལ་ཁབ་བཙུགས་ནས་ཁྱབ་བསྒྲགས་བྱས་པ་དང༌།  རང་ཉིད་ཀྱི་རྩ་ཁྲིམས་དང༌། སྲིད་གཞུང༌། གྲོས་ཚོགས་སོགས་རྫུན་མ་བཙུགས་པའི་ངོ་ལོག་པའི་ཚོགས་ཁག་ཞིག་ཡིན་སྟབས། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་ཁོ་དང་འདྲ་མཉམ་གྱི་གོ་གནས་ཤིག་ནས་གླེང་མོལ་བྱེད་མི་དཔེ། ༡༩༦༤ ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་དུ་ཏཱ་ལའི་བླ་མའི་གོ་ཐོབ་མེད་པར་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང༌། དེའི་ནང་དུ་ཏཱ་ལའི་གནད་དོན་གྱི་ངོ་བོ་དང༌། ཏཱ་ལའི་བླ་མའི་ ༡༩༥༩ ལོར་བསླངས་པའི་རྒྱལ་ཁབ་ལ་ངོ་ལོག་ནས་གསར་བརྗེ་ལ་རྒོལ་བའི་ངོ་ལོག་ཟིང་འཁྲུག་དང༌། ཕྱི་ཕྱོགས་སུ་བྲོས་བྱོལ་དུ་ཕྱིན་པ། བཙན་བྱོལ་སྲིད་གཞུང་རྫུན་པ་བཙུགས་པ། ཁྲིམས་རྫུན་མ་བཙུགས་པ་ལ་སོགས་པས་ཁོ་རང་སྔ་མོ་ནས་མེས་རྒྱལ་དང་མི་དམངས་ལ་གཏན་དུ་མི་མཇལ་བར་བདེན་དཔང་བྱས་ཡོད།   དེ་བས་ང་ཚོས་མུ་མཐུད་ནས་གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་ཁོས་རང་གི་སྐྱོན་ངེས་ལེན་དང་བཅོས་བསྒྱུར་བྱས་ནས་ཀྲུང་དབྱང་སྲིད་གཞུང་དང༌།  རྒྱལ་ཡོངས་མི་དམངས་ཀྱིས་བཟོད་བསྲན་གནང་བར་རེ་བ་འདོན་པ་ལས།  ཁོའི་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་བསམ་དོན་ལ་འདྲ་མཉམ་གྱིས་གྲོས་མོལ་བྱེད་པའི་འབྲེལ་བ་ཞིག་མི་གནས། ང་དང་སྐུ་ཞབས་རྒྱ་རི་བློ་གྲོས་གཉིས་སྒེར་ནས་འདྲ་མཉམ་ཡིན་ཡང༌། གླེང་མོལ་བྱེད་སྐབས།  ང་རང་ཀྲུང་དབྱང་སྲིད་གཞུང་གིས་མངག་པའི་མི་སྣ་ཞིག་ཡིན་པའི་ཆ་དང༌། ཁོང་རང་ཏཱ་ལའི་བླ་མའི་སྐུ་ཚབ་ཞིག་པའི་ཆ་དེ་གཉིས་ནས་ངས་ལྟ་སྟངས་ནན་པོ་འཛིན་པ་ལས་གཞན་མེད།

གསར་འགོད་པ།  འོ་ན་ཁྱེད་གཉིས་ཀྱི་གྲོས་མོལ་ལ་དོན་སྙིང་ཅི་ཡང་མེད་ལ། མ་འོངས་བར་ཡང་གྲོལ་མོལ་བྱེད་ཀྱི་མ་རེད་དམ།

ཀྲུའུ་ཝེ་ཆུན། ངས་ བསམ་ན་དོན་སྙིང་མེད་པ་མ་རེད། དོན་སྙིང་ནི་ང་ཚོའི་ཀྲུང་དབྱང་གིས་ལྟ་ཚུལ་དང་རེ་བ་ཁོ་ཚོར་བརྒྱུད་དེ་ཐད་ཀར་ཏཱ་ལཱའི་བླ་མར་སྤྲོད་རྒྱུ་དེ་ཡིན།

གསར་འགོད་པ། འདི་ནི་སྒེར་ངོས་ནས་ཡིན་ནམ།

ཀྲུའུ་ཝེ་ཆུན། ཡིན་ཏེ།  ངས་ཀྱང་ཏཱ་ལའི་བླ་མས་ཀྲུང་དབྱང་གིས་ཁོ་ལ་སྐྱོན་བརྗོད་གནང་བ་དེར་རྣམ་འགྱུར་ག་འདྲ་འཛིན་པ་དང་། འགྱུར་ལྡོག་གཏོང་མིན་དེ་ཡིན། ཐུག་འཕྲད་གྲོས་མོལ་བྱེད་པའི་སྒོ་ང་ཚོས་ད་རུང་བརྒྱབ་མེད། འོན་ཏེ་རྩ་དོན་ནི་སྔར་བཞིན་ཡིན། ཕྱི་རྒྱལ་གྱི་གྲོགས་པོ་འགས་སྐྲན་ནད་དེ་ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་གྱི་འཐབ་རྩོད་ཀྱི་ངོ་བོ་གང་ཞིག་ཡིན་པ་ གསལ་བོར་ཤེས་ཀྱིན་མེད། དེ་གསལ་བོར་ཤེས་རྗེས་ད་གཟོད་གནས་ཚུལ་གཞན་དག་ཧ་གོ་བ་རེད།

གསར་འགོད་པ། ང་རང་གིས་ཧུར་བརྩོན་གྱིས་ཐུག་འཕྲད་གྲོས་མོལ་གྱིས་ངོ་བོ་ལ་རྒྱུས་ལོན་བྱས་པ་མ་ཟད། ཕྱོགས་གཉིས་ཀའི་ལྟ་སྟངས་ལ་ཡང་རྒྱུས་ལོན་བྱས་ཡོད།  གལ་ སྲིད་འདི་ལྟར་ཡིན་ན་གྲོས་མོལ་ལ་འབྲས་བུ་ཅི་ཡང་མེད།  ངས་ལྟོས་ན་ཏཱ་ལའི་བླ་མ་ནི་དོན་དངོས་ལ་གཞིགས་པའི་གྲོས་མོལ་བྱེད་གྲོགས་ཤིག་ རེད། གལ་སྲིད་ཉིན་ཞིག་ཁོང་ཚེ་འདས་བྱུང་ཚེ། ངས་བལྟས་ན་གྲོས་མོལ་ལ་དཀའ་ངལ་སྔར་བས་ཆེ་རུ་འགྲོ་སྲིད་ལ། འདི་ལྟར་ཆགས་ན་ཀྲུང་གོའི་ཁེ་ཕན་ལའང་མི་འཚམ་པ་རེད།

ཀྲུའུ་ཝེ་ཆུན།   ཏཱ་ ལའི་རུ་ཚོགས་ཀྱི་འཐབ་རྩོད་ནི་ང་ཚོས་བོད་ལྗོངས་འཕེལ་རྒྱས་དང་དམངས་ཕན་འཚོ་བ་ ཇེ་ལེགས་སུ་སོང་བའི་གཙོ་གནད་ཆ་རྐྱེན་རེད། དེ་བས་འདི་འདྲའི་ཁ་བྲལ་ཚོགས་པ་ཞིག་གིས་ཕྱི་རྒྱལ་དུ་ལས་འགུལ་བསླང་བ་དང་། ང་ཚོར་ཡང་གནོད་ཚབས་ངེས་ཅན་ཐོན་བཞིན་ཡོད་པས།  ཚོགས་ པ་འདིའི་ཁ་ཕྱོགས་ལ་ང་ཚོས་དོ་སྣང་བྱེད་དགོས་བྱུང་། ང་ཚོས་རེ་བ་ནི་ཁོང་སྐུ་བཞུགས་ཀྱི་དུས་ཚོད་ལ་དྲང་བདེན་གྱི་གདམས་གསེས་བྱས་ སྟེ། ཁ་བྲལ་ལས་ཕྱིར་འབུད་རྒྱུ་དེ་ཡིན།  དེ་ མིན་པར་ཁ་བྲལ་གྱི་ལངས་ཕྱོགས་བཟུང་ན། ང་ཚོར་ཡང་ཐབས་ཤེས་གཞན་མི་འདུག། ཆེས་རྨང་གཞིར་གྱུར་བའི་དོན་དངོས་ཞིག་ནི། བོད་ལྗོངས་ཀྱི་ལས་དབང་དང་མདུན་ལམ་ནི་བོད་ལྗོངས་མི་དམངས་དང་ཀྲུང་གོའི་མི་ དམངས་ཀྱི་ལག་ཏུ་ཡོད་ལ། ཏཱ་ལའི་ཚོགས་པའི་ལག་ཏུ་ཡོད་པ་མ་རེད། ངའི་བསམ་པར་ཡང་ཏཱ་ལའི་སྐུ་ཚེ་རིང་པོར་བཞུགས་པ་དང་། ཁོང་གིས་རྟགས་ལྟས་ལ་དགུང་ལོ་ ༡༡༣ ལ་བཞུགས་རྒྱུ་དང་། གལ་ཏེ་ཁོང་འདས་ཚར་བ་ལ་ཁ་ཤས་ནས་འཇིགས་བསྐུལ་གྱི་ལག་ཐབས་སྤྱད་དེ་ང་ཚོ་དང་ འགྲན་ཡང་། དེ་ལ་དོ་ཁུར་སྤུ་ཙམ་ཡང་མེད་ལ་ལོ་རྒྱུས་ཀྱི་སྔོན་མ་ནས་བདེན་དབང་བྱས་ཚར་བ་ ཞིག་ཡིན། འདི་འདྲའི་འགྲན་རྩོད་ཀྱིས་ནམ་ཡང་རྒྱལ་མྱོང་ཡོད་པ་མ་རེད།   གཞན་དེ་རིང་གི་འཇིག་རྟེན་ཁོར་ཡུག་དུ་སུ་ཞིག་གིས་འཇིགས་བསྐུལ་བསླངས་པ་དེ་ ཆབ་སྲིད་ཀྱི་རང་ཉིད་རང་གིས་སྲོག་གཅོད་དང་གཅིག་མཚུངས་རེད།  དེ་ རིང་ཉིད་ནས་གཟབ་ནན་གྱིས་ངས་སྐད་ཆར་ཉན་པར་བཀའ་དྲིན་ཞུ་བ་དང་། ཁྱེད་ནི་ད་ལྟའི་བར་དུ་ངས་མཐོང་བའི་ཕྱི་རྒྱལ་གསར་འགོད་པ་ལས་གནད་དོན་འདིའི་ ཕྱོགས་ཀྱི་རྒྱུ་ཆ་མང་པོ་ལྡན་པ་ཞིག་རེད། མཐའ་མཇུག་ངས་ཁྱེད་ལ་ཡིག་ཆ་ཞིག་སྟེར། ཕལ་ཆེར་ཁྱེད་རང་གི་ས་བཀྲ་འདི་དག་མཐོང་ཡོད་ཤས་ཆེ། འདི་ནི་ ༢༠༡༠ ལོར་བསྐྱར་པར་གྱི་ཏཱ་ལའི་རང་རྣམ་ཡལ་གྱར་ཁྲོད་ཀྱི་རང་དབང་ཞེས་པའི་ལྷན་ཐབས་རི་མོ་རེད། ཀྲུང་གོ་བ་སུ་དང་སུ་ཞིག་ཡིན་རུང་ས་བཀྲ་འདི་མཐོང་ཚེ་ཏཱ་ལའི་བླ་མར་དད་མོས་སྐྱེས་སྲིད་དམ།

གསར་འགོད་པ། བོད་ཆེན་མོ་ཟེར་བ་འདིར་ང་དང་ཁྱེད་གཉིས་ཀྱི་ལྟ་བ་གཅིག་མཐུན་དང་། ངས་བལྟས་ཀྱང་ཁོང་ཚོའི་རེ་བ་ཤིན་ཏུ་ཆེན་པོ་ཆགས་འདུག

ཀྲུའུ་ཝེ་ཆུན། ཁྱེད་ གྱི་མཉམ་འཇོག་གྱིས་དང་། ཁོང་གི་རེ་བ་ནི་བོད་ཆེན་པོ་ལས་མི་ཚད་པར། ཁོང་གིས་ས་བཀྲ་འདི་ལས་ཤིན་ཅང་གཙོས་ཤར་ཕྱོགས་ཏུ་རུ་ཀ་དང་སོག་པོའང་རྒྱལ་ཁབ་གཅིག་ལ་རྩིས་ཡོད་པ་རེད། ང་ཚོའི་ཏུང་པེ་ཞིང་ཆེན་གསུམ་ལའང་མིན་ཀྲིག་རྒྱལ་ཁབ་ཟེར་བ་སོགས་དཔེ་འདི་འདྲ་མང་པོ་ཡོད་པ་རེད།

གསར་འགོད་པ། འདི་དོན་དངོས་དང་འགལ་བ་ཞིག་རེད།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    གཤམ་གྱི་ཀྲུའུ་ཝེ་ཆོན་གྱི་ལན་འདེབས་འདིའི་ནང་། རྒན་ལྷ་མོ་སྐྱབས་ཀྱི་མིང་ནས་བཟུང་སྟེ་དགག་འདུག རྒན་ལགས་ནས་གཞུང་འབྲེལ་ཐོག་ལན་འདེབས་མ་གནང་གོང་ལ། སྒེར་ངོས་ནས་ལན་འདེབས་ཅིག་གནང་དགོས་ངོས་རེད། ཆབ་སྲིད་པ་བཅའ་འདོད་ན་རང་ཉིད་ཀྱི་སྐད་ཆར་རང་ཉིད་ཀྱི་བདག་རྒྱག་ཐུབ་དགོས་ནི་རེད། ལན་ཡག་ཐག་ཆོད་ཅིག་ཡོང་བའི་རེ་བ་བྱས་བསྡད་ཡོད།
    http://www.tibet3.com/news/content/2013-11/28/content_1338603.htm

    Reply
  2. ཤག་སྒང་པ། says:
    ལོ་ 12 སྔོན།

    ང་ཚོ་ལ་གཏིང་རིང་ཞིང་། ཤུལ་ཐག་རིང་བའི་ལམ་ཁ་ཞིག

    དངོས་གནས་གཞུང་འབྲེལ་ལན་འདེབས་ཛ་དྲག་ཏུ་དགོས་པར་མཐོང་།

    དངོས་འབྲེལ་དུ་བསྒྱུར་ཡོད་ན་དོན་དག་གཏིང་རིང་རེད།

    གསར་འགྱུར་ཚ་པོ་རེད།

    Reply
  3. གླང་དར་མ། says:
    ལོ་ 12 སྔོན།

    གསར་འགོད་པའི་དྲི་བ་ཁག་ཧ་ཅང་གཏིང་ཟབ་པོ་རེད་ལ་ཀྲུག་གི་དྲིས་ལན་ཁག་ཀྱང་གཏིང་ཟབ་པོ་རེད། ངྷ་རམ་ས་ལའི་ཆབ་སྲིད་པ་ཐབ་ཆག་ཚོ་ལས་རྒྱ་ནག་གི་ཆབ་སྲིད་པ་ཚོ་དངོས་གནས་དྲང་གནང་ཆབ་སྲིད་པ་རེད། དུས་བབ་དྲ་ཚིགས་ཐོག་སྐུ་ཞབས་ཀྲུག་གི་བཅར་འདྲི་སྔ་རྗེས་གཉིས་བཏང་བ་དེ་དག་གིས་བཙན་བྱོལ་ནང་གི་རྩོམ་པ་པོ་རུ་ཁས་ཆེ་པ་ཚོ་དང་ཆབ་སྲིད་པར་རློམ་ཡོད་མཁན་དག་བག་འཁུམས་པར་བཟོས་འདུག

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འདི་འདྲ་ལ་གཞུང་འབྲེལ་གྱིས་ལན་འདེབས་གནང་དགོས། ལན་འདེབས་ཚོགས་ཆུང་དེ་གང་ན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese