མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེ་མཆོག་གི་སྐུ་གཟུཊ་གནས་སྟངས་ཛ་དྲག་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ད་ལྟ་རྒྱའི་བཙོན་འོག་ན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། བོད་མི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁོང་གི་ཆེད་དུ་ལས་འགུལ་སྣ་ཚོགས་སྤེལ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། བོད་པའི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྤྲུལ་སྐུ་བདེན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ད་ལྟ་རྒྱ་ནག་གི་བཙོན་འོག་ན་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས་ཁོང་གི་ཆེད་དུ་ལས་འགུལ་གང་ཐུབ་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་བྱས་ཏེ་རིན་པོ་ཆེ་མཆོག་ལ་སྨན་བཅོས་ཆེད་ཕྱི་ལོགས་སུ་གདན་འདྲེན་ཞུ་ཐུབ་གནང་གལ་ཆེ་སྐོར་བསྒྲགས་སོང་།

གསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གི་འབྲེལ་ཡོད་གྲོགས་པོ་དགེ་བཤེས་ལྷ་རམས་པ་ཉི་མ་ལགས། གཞན་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་ངྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག་ཅིང་། དགེ་བཤེས་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གནས་ཚུལ་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་ཁོང་གི་སྐོར་ལ་གསུང་བཤད་གནང་པ་སོགས་ཀྱི་ཆེད་སྒྲིག་གློག་བརྙན་གསར་པ་ཞིག་དབུ་འབྱེད་བཅས་གནང་སོང་།

དགེ་བཤེས་ཉི་མ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནས་ཚུལ་ངོ་སྤྲོད་གནང་བར། རྒྱ་གཞུང་གིས་རིན་པོ་ཆེ་འཛིན་བཟུང་བྱས་ནས་ད་བར་ནང་མི་ཚོ་ཁོང་ལ་ཐུག་འཕྲད་ཐེངས་ ༧ ཙམ་བྱུང་ཡོད་ཅིང་། ༢༠༡༢ ལོའི་ཟླ་ ༨ ཚེས་ ༡༦ ཉིན་ཐུག་འཕྲད་སྐབས་ཁོང་གིས་ཕྱག་བྲིས་ཤིག་གནང་བ་ཉེན་རྟོག་པས་འཕྲོགས་ཏེ། ཡི་གེ་དེའི་ནང་ཆབ་སྲིད་གནད་དོན་ཡོད་མེད་ལ་ཞིབ་འཇུག་རྗེས་ཕྱིར་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཀྱང་ཕྱིར་སྤྲད་མེད་པ་དང་། རྗེས་སུ་ཤེས་རྟོགས་བྱུང་བར་ཡི་གེ་དེའི་ནང་། “ ངས་རྒྱ་ནག་གི་ཁྲིམས་དང་འགལ་བའི་ལས་དོན་ཏིལ་འབྲུ་ཙམ་བྱས་མེད། ཁྱེད་རང་ཚོས་གོང་རིམ་ག་འདྲ་ཞིག་ལའང་ཞུ་གཏུག་བྱེད་ཐུབ་ན་བྱོས། ཡི་གེ་དེ་འཁྱེར་ནས་ལས་ཁུངས་གང་སར་ཞུ་གཏུག་བྱོས།” ཞེས་བཀའ་ཕེབས་ཡོད་སྐོར་སོགས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ཐུག་འཕྲད་ལ་འགྲོ་མཁན་རིམ་པས་རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་པ་དང་ཁོང་གློ་བུར་དྲན་མེད་དུ་བརྒྱལ་འགྲོ་པ། ཞབས་གཉིས་ཀྱང་བདེ་ཐང་མེད་པ་ཆགས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱ་གཞུང་གི་ཉེན་རྟོག་པ་དང་ལས་བྱེད་ཚོས་ཀྱང་རིན་པོ་ཆེ་ལ་ན་ཚ་ཡོད་སྐོར་བརྗོད་ཡོད་པ། གཞན། ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཡང་བསྐྱར་ཁོང་གི་གཉེན་ཉེ་ཚོ་བཙོན་ཁང་དུ་ཐུག་འཕྲད་དུ་བསྐྱོད་སྐབས། རིན་པོ་ཆེ་མཆོག་གིས་ “ ངའི་དོན་དུ་ཁྱོད་ཚོས་གོང་རིམ་ལ་ཞུ་གཏུག་གང་བྱེད་དགོས་ན་བྱོས་ཤིག  ལ་ལས་གོང་རིམ་ལ་ཞུ་གཏུག་དང་ལས་འགུལ་སོགས་སྤེལ་ན། ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་པའི་སྐོར་ཤོད་མཁན་ཡོད་ཚོད་འདུག་ཀྱང་། ང་དེང་སྐབས་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་བ་རེད། ཞུ་གཏུག་དང་ལས་འགུལ་སོགས་གང་ཞིག་བྱེད་དགོས་ཀྱང་བྱོས་” ཞེས་གསུངས་ཡོད་པ་དང་། ཐུག་འཕྲད་འགྲོ་མཁན་མི་གསུམ་གྱིས་རིན་པོ་ཆེ་མཆོག་དངོས་སུ་མཇལ་སྐབས་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་དང་། བཀའ་མོལ་གནང་དུས་སྐུ་གཟུགས་འདར་གསིག་རྒྱག་པ་དང་མཚམས་རེར་དྲན་མེད་དུ་བརྒྱལ་འགྲོ་བ་སོགས་ཀྱི་གནས་ཚུལ་ཛ་དྲག་ཆགས་སྟབས། ཁོང་གི་སྐུ་ཚེ་ཡུན་བཞུགས་ཡོང་མིན་ཐོག་ལ་སེམས་འཚབ་ཆེན་པོ་ཆགས་ཡོད་ཚུལ་སོགས་བརྗོད་སོང་།

ཁོང་གིས་འབོད་སྐུལ་གནང་དོན། རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཆེད་དམིགས་བསལ་ལས་འགུལ་ག་རེ་སྤེལ་ཐུབ་ན་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཉེ་ཆར་རིན་པོ་ཆེ་མཆོག་གི་ན་བཟའ་སོགས་དགོན་པར་བསྐུར་ཡོད་འདུག གནས་ཚུལ་དེ་དག་ལ་གཞིགས་ན་གཙོ་བོ་རིན་པོ་ཆེ་མཆོག་གི་སྐུ་འཚོ་བཞུགས་བྱེད་མིན་ལ་སེམས་འཚབ་ཆེན་པོ་ཆགས་འདུག རབ་བྱུང་ན་རིན་པོ་ཆེ་ཕྱིའི་རྒྱལ་ཁབ་ཅིག་ཏུ་སྨན་བཅོས་ཆེད་ལེན་ཐུབ་ཐབས་ལ་ངེས་པར་དུ་རྒྱབ་རོགས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན་ཞེས་བརྗོད་སོང་།  

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། རིན་པོ་ཆེའི་དགུང་ལོའི་གནས་བབ་ལ་བསམ་བློ་བཏང་ཚེ་སྔོན་མ་རིན་པོ་ཆེ་བཙོན་འཇུག་བྱེད་སྐབས་ཀྱི་སྐུ་པར་ནང་ཁོང་གི་སྐུ་གཟུགས་གཟི་བརྗིད་ཆེན་པོ་ཡོད། ད་ལྟའི་ཆར་སྐུའི་གནས་བབ་ཀྱི་ཉམས་ཤོར་ཚར་བ་དང་དངོས་སུ་མཇལ་ཚེ་བཟོད་མ་ཐུབ་པ་ཞིག་ཆགས་ཡོད་པ་དང་། དེ་རིང་འབྲེལ་ཡོད་ཚོས་གསར་འགོད་གསལ་བསྒྲགས་འདི་སྤེལ་གནང་བ་ཧ་ཅང་གལ་ཆེན་པོ་རེད། རིན་པོ་ཆེ་མཆོག་གིས་ངས་ཁྲིམས་དང་འགལ་བའི་ཕྱག་ལས་གང་ཡང་གནང་མེད། ཁྲིམས་གཏུག་སོགས་ལས་འགུལ་གང་ཐུབ་སྤེལ་རོགས། ང་ལ་མ་ཉེས་ཁ་གཡོག་བྱས་སོང་། ཞེས་གསུངས་པ་དངོས་གནས་གསལ་བོ་ཞིག་རེད། བོད་ནང་དུ་ཁོང་གི་ཆེད་ཁྲིམས་གཏུག་གཙོས་ལས་འགུལ་རིམ་པ་མང་པོ་སྤེལ་ཡང་། རྒྱ་ནག་ནང་རང་དབང་དང་དྲང་བདེན་གྱིས་ཞུ་གཏུག་བྱེད་ས་མེད་སྟབས། རྒྱལ་སྤྱིའི་ཐོག་ཞུ་གཏུག་བྱ་རྒྱུ་གལ་ཆེན་པོ་རེད།

གཞན་ཁོང་གིས། ཉེ་ཆར་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ནང་འོས་འདེམས་བྱུང་བ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་དགག་པ་གང་ཡང་བརྒྱབ་མེད་ཀྱང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐོང་གི་གནས་སྟངས་ཇེ་སྡུག་འགྲོ་བཞིན་པའི་སེམས་འཚབ་ཡོད་པ་འབྲེལ་ཡོད་ལ་ཞུ་བཞིན་ཡོད་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རིན་པོ་ཆེའི་སྐོར་འདྲི་རྩད་གནང་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ ༡༩༥༠ ལོའི་བོད་ཟླ་ ༩ པའི་ལྷ་བབས་དུས་ཆེན་ཉིན་སྐུ་འཁྲུངས་ཏེ་ད་ཆར་དགུང་གྲངས་ ༦༤ ལ་ཕེབས་ཡོད་པ་དང་། ཁོང་རྒྱ་གར་དུ་ཕེབས་ཏེ་ ༡༩༨༢ ནས་ ༡༩༨༧ ལོའི་བར་སློབ་གཉེར་གནང་ཡོད་ཅིང་། རྗེས་སུ་གཞིས་བཞུགས་མི་མང་གི་རེ་འདོད་ལྟར་བོད་ལོག་སྟེ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་མཚན་མོར་རྒྱ་གཞུང་གིས་གསང་སྟབས་ཀྱིས་འཛིན་བཟུང་གིས་ད་བར་ལོ་ ༡༡ ཙམ་ཕྱིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. ངག་དབང་། says:
    ལོ་ 13 སྔོན།

    སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་རྒྱལ་ལ་འཐེན་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་རེད། ངས་སྔོན་མ་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པའི་གཏམ་ནང་། བོད་ནང་གི་ཆབ་སྲིད་བཙོན་པ་རྙིང་པ་ཚོ་དང་། ལྷག་པར་དུ་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་མེད་པར་རྒྱ་ནག་གི་བཟང་བཙོན་འོག་བེད་སྤྱོད་གཏོང་བཞིན་པ་དག་ཕྱི་རྒྱལ་དུ་སྨན་བཅོས་ལ་ཐེན་དགོས་སྐོར་འཁོད་འདུག་པ་དེ་ཧ་ཅང་གདམ་ངག་ཆེན་པོ་ཞིག་ཏུ་མཐོང་སོང་། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་མིའི་སྒྲིག་འཛུགས་སོགས་ཀྱིས་ལས་འགུལ་ཆུང་ཚགས་རིགས་སྤེལ་ནས་སྡོད་པ་ལས་བོད་ནང་གི་ཆབ་སྲིད་བཙོན་པ་དང་ཆབ་སྲིད་ཐོག་ཕྱག་ལས་རླབས་ཆེན་གནང་མཁན་ཚོ་ཕྱི་རྒྱལ་ཁག་ལ་ཐེན་ཐུབ་པ་ཡིན་ན་ལས་ཀ་བྱས་ཟིན་པ་ཚོར་ངོ་སོ་ཆེན་པོ་ཞིག་ཆགས་ཡོད་པའི་མ་ཚད་གཞས་བཞུགས་མི་མང་ཡོངས་ལ་སེམས་ཤུགས་དང་སྤོབས་པ་སྤེལ་སྐྱེ་གཞི་ཆེན་པོ་ཞིག་ཆགས་ཡདོ་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese