མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཁང་ནང་གཏམ་བཤད་ལས་ཁྱིམ་ཚང་ནང་འགྲེལ་བཤད་བྱོས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཕྲོད་བསྟེན་ལས་ཁུངས་ཀྱིས་གཞིས་ཆགས་ཁག་གི་འཕྲོད་བསྟེན་ལས་བྱེད་ཚོར་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གྱི་ཟབ་སྦྱོང་ཞིག་སྤྲད་དེ་ལས་གཞི་འདི་ཧ་ཅང་གལ་ཆེན་ཞིག་ཡིན་སྟབས་འབྲེལ་ཡོད་ཚོས་གང་ཐུབ་ཅི་ནུས་ཀྱིས་ཤུགས་བསྐྱོན་རོགས་ཞེས་བཀའ་གནང་སོང་།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་ཐོག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ས་གནས་གཞིས་ཆགས་ཁག་གི་སྨན་ཁང་གི་འགན་འཛིན་རྣམ་པ་དང་འབྲེལ་ཡོད་ལས་བྱེད་བཅས་ལ་ཉིན་ ༣ རིང་གི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་སྦྱོང་བརྡར་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། དྲུང་འཕར་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ཕེབས་འདུག་ལ། ཟབ་སྦྱོང་སྟེང་རྒྱ་གར་ནང་ལོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ ༢༥ ནས་འབྲེལ་ཡོད་ལས་བྱེད་ ༣༡ ཙམ་མཉམ་ཞུགས་གནང་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། “ སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ང་ཚོས་མང་ཚོགས་ལ་སྨན་བཅོས་ཐད་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་ཆེད་དབུ་འཛུགས་བྱས་པ་ཞིག་ཡིན་ལ། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གལ་འགངས་ཆེ་བ་ལྔའི་ནང་གི་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དང་ཐོག་ང་ཚོས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འཆར་གཞི་སྒྲིག་སྐབས། མི་ཁྲི་ ༢ ཀྱི་དམིགས་ཚད་བཟུང་སྟེ་ལས་གཞི་གཏན་འབེབས་བྱས་ཡོད་ཀྱང་། ད་སྔ་མི་ཁྲི་ ༡ ལྷག་ལས་བྱུང་མེད་སྟབས། ཐོག་མའི་དམིགས་ཚད་མ་ལོངས་བ་དེས་ལས་གཞི་འདི་གནས་དང་མི་གནས་ལ་གཏན་གཏན་ཁྱད་པར་ཞིག་བཟོ་ཡི་ཡོད་པ་རེད། དེ་ཚང་མས་མཁྱེན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལས་ཀ་ག་རེ་བྱས་ཀྱང་དམིགས་ཡུལ་ངེས་ཅན་ཞིག་འཛིན་རྒྱུ་གལ་ཆེན་པོ་འདུག ང་ཚོས་མི་ཁྲི་ ༥ ཡི་དམིགས་ཚད་བཟུང་བ་ཡིན་ན་ཕལ་ཆེར་ཁྲི་ ༢ བསླེབ་པའི་རེ་བ་ཡོད་པ་རེད། དམིགས་ཚད་ཁྲི་ ༢ བཟུང་ན་ཁྲི་ ༡ ལས་བསླེབས་ཐུབ་མེད་པར་བརྟེན། ཚང་མས་སོ་སོའི་ས་གནས་གཞིས་ཆགས་ཁག་གི་མི་འབོར་གྱི་བརྒྱ་ཆ་ ༥༠ སྨན་བཅོས་ལྟ་སྐྱོང་ནང་བསླེབ་ཐུབ་པར་འབད་བརྩོན་གནང་རོགས། ས་གནས་མི་མང་ལ་ལས་གཞིའི་འགྲོ་གྲོན་དང་ཁེ་ཕན་སོགས་ཕྱི་གསལ་ནང་གསལ་བྱས་ཏེ་འགྲེལ་བཤད་རྒྱག་རྒྱུ་དང་། འདུ་འཛོམས་སར་སྦྱར་ཡིག་སྦྱོར་བ་དང་གསར་ཁང་བརྒྱུད་ནས་ཁྱབ་བསྒྲགས་མང་ཙམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་བར་དུ་ང་ཚོས་ཚོགས་ཁང་ནང་འཕྲོད་བསྟེན་གོ་རྟོགས་སྤེལ་བ་རེད། ད་ནས་བཟུང་ཁྱིམ་ཚང་རེ་རེའི་ནང་ཕྱིན་ཏེ་འཕྲོད་བསྟེན་སྐོར་འགྲེལ་བཤད་རྒྱག་དགོས་ཀྱི་འདུག”ཅེས་གསུངས་བ་དང་འབྲེལ། བོད་མིའི་འདུས་སྡོད་ཁུལ་དུ་མ་དང་བྱིས་པའི་འཕྲོད་བསྟེན། འགོས་ནད་མ་ཡིན་པའི་ནད་རིགས་སྔོན་འགོག་སོགས་ལ་གོ་རྟོགས་གོང་འཕེལ་གྱི་ལས་འགུལ་མང་པོ་སྤེལ་དགོས་སྐོར་དང་། དེ་བཞིན་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་གནང་མཁན་ཚོས་བཟང་སྤྱོད་དང་སྤྱི་སེམས་ལྡན་པའི་ཐོག་ནས་ཆ་ཤས་ལེན་དགོས་སྐོར་སོགས་གསུངས་སོང་།  

དེ་རྗེས་འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་སྐོར་གསུང་སྐབས།   བོད་ནང་འཕྲོད་བསྟེན་སྐོར་གྱི་གོ་རྟོགས་སྤེལ་བ་སྐོན་པོ་ཡིན་ཡང་ཁོར་ཡུག་དང་གནམ་གཤིས་སོགས་ཀྱིས་ནད་རིགས་རང་བཞིན་གྱིས་ཉུང་ཉུང་ཡིན་ཡང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་པོ་རྒྱ་གར་ཚ་བའི་ལུང་པར་བཙན་བྱོལ་དུ་བསླེབས་རྗེས། གནམ་གཤིས་སོགས་ཀྱིས་བོད་མི་མང་པོ་རྐྱེན་འདས་སུ་གྱུར་བར་བརྟེན། གཞི་ནས་བོད་མི་ཚོར་གཙང་སྦྲ་འཕྲོད་བསྟེན་གལ་ཆེན་པོ་ཡིན་པའི་ཚོར་སྣང་བསླེབས་ཡོད་སྐོར་དང་། སྔོན་ཆད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློ་ནད་(TB)ཕོག་པའི་གྲངས་འབོར་ཞེ་དྲག་མང་པོ་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་དང་འཕྲོད་བསྟེན་སྐོར་གྱི་གོ་རྟོགས་གོང་འཕེལ་གཏོང་བའི་ལས་འགུལ་མང་དུ་སྤེལ་བ་བརྒྱུད། དེང་སང་གློ་ནད་ཕོག་པ་སྔོན་ཆད་དང་བསྡུར་ན་ཉུང་དུ་ཕྱིན་ཡོད་མོད། མི་མང་ལ་གོ་རྟོགས་མུ་མཐུད་སྤེལ་མ་ཐུབ་པ་ཡིན་ན། དེང་སང་བོད་མིའི་སྤྱི་ཚོགས་ནང་(MTI TB)ནད་པ་མང་པོ་འབྱུང་བཞིན་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་དུ་ན་ཚ་དེ་མང་པོ་སླེབ་ཀྱིན་ཡོད་སྟབས།  འཕྲོད་བསྟེན་གོ་རྟོགས་ལས་འགུལ་དང་དཔལ་འབྱོར་གྱི་མཐུན་རྐྱེན་ཙམ་མིན་པར་དོ་བདག་རང་ངོས་ནས་རྒྱུན་ལྡན་གྱི་བྱ་སྤྱོད་དང་བཟའ་བཏུང་ལ་དོ་ཁུར་གནང་དགོས་སྐོར་དང་། དེང་སང་འཛམ་གླིང་རང་བཞིན་གྱི་ནད་རིགས་སྣ་ཚོགས་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་ནང་ནད་རིགས་སྣ་ཚོགས་སླེབ་ཀྱིན་ཡོད་སྟབས། དེ་རིགས་ལ་སྐབས་འཕྲལ་བོད་མིའི་སྒྲིག་འཛུགས་དང་ས་གནས་འབྲེལ་ཡོད་ཚོས་མི་མང་ནང་གོ་རྟོགས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཟབ་སྦྱོང་སྐབས་རྒྱ་གར་གྱི་སྨན་བཅོས་ལྟ་སྐྱོང་ཚོགས་པ་(Micro Insurance Academy )ཡི་ལམ་སྟོན་འོག ཚོགས་པ་དེའི་ཁྱད་ལས་པ་ཞིག་ཆེད་གཏོང་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་འཛུལ་ཞུགས་བྱེད་ཐབས་སྐོར་ལམ་སྟོན་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་སྡེ་ཚན་གྱི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་སྨན་བཅོས་ཞུ་ལེན་གྱི་ཡིག་ཆ་ཚང་དགོས་རིགས་ཀྱི་འབྲེལ་ཡོད་ལས་བྱེད་སོགས་ནས། ཁྱབ་ཁོངས་ཚོགས་ཞུགས་པ་ཚོར་སྨན་བཅོས་ལྟ་སྐྱོང་གནང་ཕྱོགས་ལམ་སྟོན་དང་དོགས་གཞིའི་རིགས་གོ་བསྡུར་གནང་རྒྱུ་ཡིན་འདུག  

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༨ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 2

  1. བསྟན་ཆོས། says:
    ལོ་ 12 སྔོན།

    གླང་དར་ལགས། རྦེད་དེ་ཕམ་ཉེས་སུ་མ་ཕྱིན་པར་ཨུ་ཚིགས་གནང་དགོས་ངེས་ཤིག་ཡིན་ཅིས་མ་མཁྱེན་པ་ཡིན་ནམ། ང་སྡོད་སའི་རྒྱལ་ཁབ་འདིར་ནད་པ་སྨན་རིན་གྱི་དཀའ་ངལ་རྩ་བ་ནས་འཕྲད་ཀྱི་མི་འདུག
    བོད་མི་སོ་སོའི་ངོས་ནས་བསམ་བློ་འདི་འདྲ་གཏོང་དགོས། ད་ཆ་སྒོར་རྡོག་འགའ་སྤྲོད་དགོས་ཀྱང། རང་ཉིད་ཐང་ཐང་ཡིན་པས་སྐྱོན་མེད་ལ། མ་འོང་བར་ཅིག་ན་ཚེ་དཀའ་ངལ་གང་ཡང་མེད་པའི་ཁེ་ལ་ཐུགས་བསམ་བཞེས་དགོས། མ་ཟད་རང་ཉིད་མ་ན་ཡང་ན་མཁན་ཚོ་ལ་ཕན་ཙང། དགེ་བའི་བྱ་བ་ཡིན་པ་ངོ་ཤེས་པ་བྱེད་དགོས།

    Reply
  2. གླང་དར་མ། says:
    ལོ་ 12 སྔོན།

    འཕྲོད་བསྟེན་ལས་ཁུངས་ཀྱི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཟེར་བ་འདིར་ཕམ་ཉེས་འགྲོ་བཞིན་ཡོད་བཞིན་དུ་ཨུ་ཚུགས་བསྐྱོན་དོན་ག་རེ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese