མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་མོལ་ཐེངས་གཉིས་པ་ཚོགས་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་གིས་གསལ་བསྒྲགས་སྤེལ་ཏེ་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་སྐོར་གྱི་གྲོས་མོལ་ཐེངས་གཉིས་པ་དེ་གནང་རྒྱུ་ཡིན་ཟེར།

ཁ་སང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་ (Ban ki-moon)མཆོག་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ༢༠༡༤ ལོའི་༡ ཚེས་ ༢༢ ཉིན་སིད་སུའི་གྲོང་ཁྱེར་ཇི་ནེ་ཝར་སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་ཐབས་སྐོར་ལ། སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་གཙོ་བྱས་ཏེ། ཨ་རི་དང་ཨུ་རུ་སུ། ཡུ་རོབ་མཐུན་ཚོགས་དང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་མཉམ་ཞུགས་ཐོག་གྲོས་མོལ་ཐེངས་གཉིས་པ་དེ་གནང་རྒྱུ་ཡིན་ཚུལ་བརྗོད་འདུག

རྒྱལ་ཚོགས་དྲུང་མཆོག་གིས་ཐེངས་འདིའི་ཞི་མོལ་ཐོག་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན་ཇི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེ་རི་ཡའི་གནད་དོན་ཐོག་བཞག་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་གྲོས་མོལ་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་ཞི་མོལ་བརྒྱུད་དེ་སེ་རི་ཡའི་མང་ཚོགས་ཀྱི་རང་དབང་གི་མངོན་འདོད་སྐོང་ཐུབ་པ་དང་། སེ་རི་ཡའི་ནང་གི་ཚོགས་པ་ཁག་དང་ལྷག་པར་བུད་མེད་དང་བྱིས་པའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེད་རེ་ཡིས་ “ འབྱུང་འགྱུར་སེ་རི་ཡའི་ཞི་མོལ་ཚོགས་འདུའི་སྟེང་སེ་རི་ཡའི་དཀའ་རྙོག་སེལ་ཏེ་བར་བརྒལ་སྲིད་གཞུང་གསར་བ་ཞིག་འཛུགས་ཐུབ་པའི་གོ་སྐབས་ཡག་ཤོས་ཡིན” ཞེས་བརྗོད་འདུག་ཀྱང་། སེ་རི་ཡའི་གྱེན་ལོག་ཚོགས་པའི་མགྲིན་ཚབ་པ་ལོད་ཡེ་ ( Luay Mekdad) ཡིས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སེ་རི་ཡའི་ཞི་མོལ་ལ་འདོད་བློ་ཚིམ་པའི་ཁོར་ཡུག་ཅིག་ད་དུང་བསྐྲུན་མེད་པ་དང་། བར་བརྒལ་སྲིད་གཞུང་བཙུགས་པའི་རིང་སྲིད་འཛིན་བྷ་ཤཱར་གྱི་གོ་གནས་དབང་ཚད་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་ཚུལ་བྷེ་བྷེ་སེ་གསར་འགོད་པར་བརྗོད་འདུག སེ་རི་ཡ་སྲིད་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་མེད་པར་གྲོས་མོལ་ཚོགས་འདུ་ལ་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། ཆབ་སྲིད་གནད་དོན་གང་ཡིན་ལ་གྲོས་མོལ་བྱས་ཆོག་ཀྱང་སྲིད་འཛིན་བྷ་ཤཱར་ (Bashar al-Assad) གྱི་གོ་གནས་ཐོག་ལ་གྲོས་མོལ་བྱེད་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད།

ཟླ་འདིའི་ནང་ཇི་ནེ་ཝར་སེ་རི་ཡའི་གནད་དོན་སྐོར་ལ་གྲོས་མོལ་ཞིག་བྱས་ཡོད་ཀྱང་། དེར་སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་མཉམ་ཞུགས་རྒྱབ་སྐྱོར་བྱས་མེད་སྟབས་ཐག་གཅོད་གང་ཡང་བྱེད་ཐུབ་མེད་ཅིང་། དེ་ནི་སེ་རི་ཡའི་གཞུང་གིས་ཨི་རན་ཚོགས་འདུར་མཉམ་ཞུགས་བྱས་པར་ངོ་རྒོལ་བྱས་པ་དང་། གྱེན་ལོག་ཤོག་ཁག་གིས་སྲིད་འཛིན་བྷ་ཤཱར་གྱིས་རྩ་དགོངས་མ་ཞུས་བར་སེ་རི་ཡའི་གཞུང་དང་མཉམ་དུ་གྲོས་མོལ་བྱ་རྒྱུ་མིན་སྐོར་བརྗོད་ཡོད་སྟབས་ཚོགས་འདུར་གྲུབ་འབྲས་འཐོན་མེད།   

གནད་དོན་དབྱེ་ཞིབ་པ་ཚོས་སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་བར་གྱི་གྲོས་མོལ་ལ་དོན་འབྲས་སོན་དགོས་ན། དུས་ཚོད་དང་ས་ཆ། མཉམ་ཞུགས་བྱེད་མཁན་རྒྱལ་ཁབ་ཚོའི་མིང་ཐོ། ཕྱོགས་གཉིས་ཀྱིས་མོས་མཐུན་ཡོད་པའི་དོན་ཚན་ཁག་ཁ་གསལ་བཟོ་དགོས་པ་བཅས་ནི་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་བཞི་ཡིན་པ་དང་། ད་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ཚོད་དང་ས་ཆ་གཏན་འཁེལ་ཟིན་ཡང་མཉམ་ཞུགས་རྒྱལ་ཁབ་དག་དང་། ལྷག་པར་དུ་ཕྱོགས་གཉིས་ཀྱིས་མོས་མཐུན་ཡོད་པའི་དོན་ཚན་གང་དག་ལ་གྲོས་མོལ་བྱ་རྒྱུ་ཡིན་པ་ཁ་གསལ་མེད་པ་དེ་ནི་རྙོག་འཛིང་ཅན་ཞིག་ཡིན་སྐོར་བརྗོད་ཡོད།

༢༠༡༠ ལོ་ནས་བཟུང་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཁ་ཆེའི་དཔྱིད་དུས་གསར་བརྗེ་བྱུང་བ་དང་སྦྲགས། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན། སེ་རི་ཡའི་མང་ཚོགས་ཀྱིས་སྲིད་འཛིན་བྷ་ཤཱར་གྱིས་རྩ་དགོངས་ཞུ་དགོས་པའི་ངོ་རྒོལ་བྱས་སྟབས། སེ་རི་ཡའི་གཞུང་གིས་མང་ཚོགས་མང་པོ་དམར་གསོད་བཙོན་འཇུག་བྱས་ཤིང་། མང་ཚོགས་ཀྱིས་སེ་རི་ཡའི་རང་དབང་དམག་དཔུང་ཞེས་པ་གསར་འཛུགས་བྱས་ཏེ་སྲིད་གཞུང་གི་དམག་དཔུང་ལ་ཁ་གཏད་བཅག་ཡོད། ད་ལྟའི་བར་སེ་རི་ཡའི་ཟིང་འཁྲུག་ཁྲོད་མང་ཚོགས་ས་ཡ་གཅིག་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། གཞན་ས་ཡ་༩ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་ཕྱིན་ཡོད།

ད་ལྟའི་སྲིད་འཛིན་བྷ་ཤཱར་ཁྱིམ་རྒྱུད་ཀྱིས་ ༡༩༧༡ ལོ་ནས་ད་བར་གྱི་ལོ་ངོ་ ༤༢ ལྷག་རིང་སི་རེ་ཡའི་སྲིད་དབང་བཟུང་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese