མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་གཟའ་ཟླ་བའི་ཉིན་སྒེར་གྱི་དཀའ་ངལ་འོག་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ནས་རྩ་དགོངས་ཞུས་ཡོད་འདུག

དེ་རིང་སྤྱི་འཐུས་ལྷན་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༥ འཁོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གི་མཚན་ཐོག་ཕུལ་སྙན་ནང་ ”ད་ལམ་ཕྲན་སྒེར་གྱི་གནད་དོན་མང་པོ་ཞིག་ལ་བརྟེན་སྤྱི་འཐུས་མཚན་གནས་ནས་རྩ་དགོངས་མི་ཞུ་ཀ་མེད་བྱུང་བར་དེ་ལུགས་དགོངས་བཞེས་སྐྱབས་འཇུག་ཡོང་བ་ཞུ་རྒྱུ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྣམ་པས་བོད་བསྟན་སྲིད་མི་རིགས་བཅས་པའི་རྩ་དོན་ལ་སྔར་ལས་ལྷག་པའི་ཧུར་བསྐྱེད་དང་། བོད་དོན་བདེན་མཐའ་མྱུར་གསལ་གྱིས་གཞིས་བྱེས་མཉམ་འཛོམས་མྱུར་ཤར་ཡོང་བའི་སྨོན་འདུན་བཅས་ ” ཞེས་གསལ་འདུག ཁོང་དགོངས་ཞུས་ཀྱི་ཚབ་གསར་ཐད་སྤྱི་ལྷན་སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་འོས་བསྡུའི་སྐབས་བརྒྱ་ཆ་ལོན་པ་ཡོད་མེད་སྐོར་དབུས་འོས་བསྡུ་ལས་ཁང་འགན་འཛིན་མཆོག་ལ་བཀའ་འདྲི་ཞུས་པར་བརྒྱ་ཆ་ལོན་པའི་སྒུག་ཐོ་མེད་གནས་གསུངས་བྱུང་། ཞེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

མཆན། 9

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    ད་ངེས་པར་མདོ་སྨད་མི་མང་གིས་གཟབ་གཟབ་བྱས་ནས་སྤྱི་མི་ཚད་ལྡན་ཞིག་འདེམས་དགོས་པ་རེད། ༡ ཤེས་ཡོན་ཡོད་པ། ༢ འཇོན་ཐང་ཡོད་པ། ༣ ལས་ཀའི་ཉམས་མྱོང་ལྡན་པ། ༤ གཏམ་བཤད་མཁས་པོ། ༥ བོད་རང་གི་སྐད་ཡིག་ལ་བྱང་ཆ་ལྡན་པའི་ཐོག་སྐད་ཡིག་གཞན་ཤེས་མཁན་གྱི་ན་གཞོན་ཞིག་འདེམས་དགོས་པ་རེད།

    Reply
  2. ཆོས་བཟང་། says:
    ལོ་ 12 སྔོན།

    སྐུ་ངོ་ཟེར་བ། མ་ཤེས་ཤེས་ཁུལ་མ་བྱེད་ལོ། སྒུག་ཐོའི་ནང་ཡོད་པ་ཚེ་རིང་གཡུ་སྒྲོན་ཡིན་པ་ལས། སྒྲོལ་མ་ཚེ་རིང་མ་རེད་ལོ། སྒྲོལ་མ་ཚེ་རིང་དབུས་གཙང་ཡིན་པ་ལས། མདོ་སྨད་ཡིན་དོགས་མེད་ལོ།

    Reply
  3. སྐུ་ངོ། says:
    ལོ་ 12 སྔོན།

    སྒྲིག་གཞི་མི་ཤེས་མཁན་ཚོས་སྐད་རྒྱག་གི་མ་འདུག ལྷག་པར་དོལ་རྒྱལ་དང་མཚན་སྨོད་ཞུ་མཁན་ལ་རྒྱབ་སྐྱོར་ཞུ་མཁན་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་ཚོས་འཁྲབ་ཀི་མ་བསྡད་ན་ཡག་གི་རེད།

    སྒུག་ཐོ་གཉིས་ཡོད་པ་དེ་སྒྲོལ་མ་ཚེ་རིང་དང་མཁྱེན་རབ་གཉིས་བཅུགས་ཚར་བ་རེད། དེ་གཉིས་རྒྱལ་རོང་ཟླ་བ་སྐུ་གཤེགས་པ་དང་འཕེལ་རྒྱས་སྒྲོལ་མས་དགོངས་ཞུའི་ཚབ་རེད། གཞན་གང་ཡང་ཡོད་པ་མ་རེད། ངོ་ཚ་ཟེར་བ་ཟིག་ཁྱོན་ནས་མེད་མཁན་འདི་ཚོས་འཁྲབ་ཁུལ་བྱས་ན་གད་མོ་ཤོར་གི

    མ་གཞྀ་ནས། མདོ་སྨད་མི་མང་གིས་ག་དུས་ཡིན་ནའང་༸རྒྱལ་བ་རིན་པོ་ཆེར་སྐུར་འདེབས་མཚན་སྨོད་ཞུ་མཁན་ཞིག་ལ་འོས་མི་ལྡུགས་ཐག་གཅོད་ཡིན། དཀའ་ལས་མ་རྒྱག རྟ་མ་ཆས་གོང་ལ་སྒ་མ་བྲེལ་ལོ།།

    Reply
  4. ཤག་སྒང་པ། says:
    ལོ་ 12 སྔོན།

    སྒུག་ཐོ་མེད་པ་དེས་ཆག་སྒོ་བསླངས་པ་རེད། དུས་ཚོད། འགྲོ་གྲོན། མགོ་རྙོག སོགས་ཧ་ཅང་ཆེན་པོ་བཟོས་པ་རེད།

    སྔོན་འགྲོ་ཡི་འོས་བསྡུ་བྱ་དགོས་ན་དེ་བས་ཀྱང་རྡབ་གསིག་ཆེན་པོ་རེད།

    ཆ་མ་འཚོལ་སོང་།

    གླེང་འོས་པ་ཞིག་རེད་སྙམ་མོ།།

    Reply
  5. དོན་གྲུབ་རྒྱལ། says:
    ལོ་ 12 སྔོན།

    ད་འཁྲབ་ཀི་མ་འདུག རེ་བ་མ་རྒྱབ་ན་ཡག་གི་རེད། སོ་སོས་སོ་སོ་ངོ་མི་ཤེས་པ་འདི་ཡ་མཚན་རེད། མི་ཚང་མ་ལྐུགས་པ་སིག་གེ་མ་རེད་ཝ།།

    Reply
  6. ནོར། says:
    ལོ་ 12 སྔོན།

    ད་མོ་ལ་ལགས་དང་མཆོག་ཅེས་པའི་ཞེ་ཚིག་གི་ཆོ་ལོ་དེ་མི་རན་གི། ངོ་མ་ཡིན། མོའི་ཚབ་ཏུ་སུ་ཡོང་མིན་དེའང་སྒྲིག་གཞི་ལྟར་འགྲོ་དགོས་པ་རེད། ཀླུ་མཁར་བྱམས་ལ་བརྒྱ་ཆ་ལོངས་མེད་ན་ཁ་ཁ་རེད་མ་གཏོགས། དེ་མིན་་་་་་

    Reply
  7. བསྟན་འཛིན། says:
    ལོ་ 12 སྔོན།

    བརྒྱ་ཆ་ལོན་པའི་སྒུག་ཐོ་མེད་ཟེར་བ་སྐྱག་རྫུན་རེད།  མོའི་ཚབ་ལ་སྐུ་ཞབས་ཀླུ་མཁར་བྱམས་ཕེབས་དགོས་རེད།   གལ་ཏེ་ཁོང་གི་འགྲོ་ལམ་བཀག་པ་ཡིན་ན་རྩ་བ་ནས་འགྲིག་གི་མེད།  མོས་ད་བར་དུ་རྩ་དགོངས་མ་ཞུས་པའི་དམིགས་ཡུལ་གཙོ་བོ་ཡང་དེ་ཡིན་པ་ང་ཚོས་ཤེས་ཡོད།  གང་ལྟར་སྐུ་ཞབས་ཀླུ་མཁར་ལུགས་མཐུན་བཞིན་མདོ་སྨད་ཀྱི་སྤྱི་འཐུས་སུ་ཕེབས་བཅུག་ན་འདས་པ་འདས་པའི་སར་འཇོག་གི་ཡིན།  དེ་མིན་ཁོང་བཀག་པ་ཡིན་ན་རྙོག་དྲ་ཅི་ཙམ་ཡོང་གི་ལྟོས་ཤིག

    Reply
  8. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ད་རེས་མདོ སྨད་འོས་གྲངས་༡༡པ་ཀླུ མཁར་བྱམས་སླེབས་པ་དགོས།ཁོ་ལ་འགག་རྐྱེན་སྤྲད་དེལམ་ཁ་བཀག་མཁན་ཡོད་ཚེ་ངས་དེ་ནས་མདོ་སྨད་ཀྱི་འགོ་བ་ཚོར་རེ་བ་རྩ་ནས་མི་བྱེད་པ་མ་ཟད།ཕྱིན་ཆད་དྲང་བོ་དང་ཆིག་སྒྲིལ་ཟེར་བ་ཡོང་ཐབས་མེད་པ་ཤེས་དགོས།

    Reply
  9. ཉི་མ་རྒྱ་མཚོ། says:
    ལོ་ 12 སྔོན།

    ལམ་ཁ་ཡག་ཤོས་དེ་ག་རང་རེད། ད་བར་དུ་རྩ་དགོངས་མ་ཞུས་པར་ག་རེ་བྱས་ནས་བསྡད་པ་ཡིན་ནམ། ད་བསམ་བློ་གཏོང་དགོས་ས་དེ། མོ་རང་གི་ཚབ་ཏུ་མདོ་སྨད་སྤྱི་འཐུས་སུ་ཞིག་ཡོང་གི་རེད་དམ། ཡང་བསྐྱར་མདོ་སྨད་མི་མང་ལ་འོས་བསྡུ་བྱེད་གི་རེད་དམ་ཡང་ན་ཇི་ལྟར་འདེམས་རྒྱུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese