མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོས་སར་ཆད། མི་དགོས་སར་ལྷག

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་བློ་ལྡན།

སྤྱིར་འཛམ་གླིང་འདིའི་ནང་ཆོས་ལུགས་དང་ལྟ་གྲུབ་མི་འདྲ་བ་ཇི་སྙེད་ཅིག་ཡོད་རུང་མི་རྣམས་ཆོས་ལུགས་དེ་དང་ལྟ་གྲུབ་དེ་ལ་དོ་སྣང་དང་དད་པ་སོགས་བྱེད་དང་མི་བྱེད་ནི་སོ་སོའི་རང་དབང་ལས་བཙན་བཀའ་གཏོང་མཁན་མེད་ལ། ཅི་སྟེ་བཙན་དབང་གིས་བསྐུལ་ན་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ལས་འདས་ཤིང་རང་དབང་གི་ཐོབ་ཐང་བཙན་འཕྲོག་བྱས་པ་ཞིག་ཏུ་བརྩིས་པ་ལས་དྲང་བདེན་གྱི་ཀུན་སྤྱོད་རང་བཞིན་ལྡན་པ་ཞིག་ཏུ་ག་ལ་བགྲངས།

འོན་ཀྱང་འཚམས་རེར་ང་ཚོས་ལས་དོན་དངོས་ཐོག་འབབ་སྐབས་རྒྱུ་མཚན་དང་མི་ལྡན་པ་དང་དུས་རབས་ཀྱི་རྗེས་སུ་གོམ་པ་རྒྱག་མ་ཐུབ་པ་ཡང་ན་ཆེས་ཡིད་སྐྱོ་བ་ཞིག་ལ་༧གོང་ས་མཆོག་གི་བཀའ་དགོངས་ལ་རྟོག་དཔྱོད་ཀྱི་རྩལ་རྫོགས་མ་ཐུབ་པའི་འཐུས་ཤོར་གྱི་རྣམ་པ་དུ་མ་ཞིག་མངོན་རྒྱུ་ཡོད། དཔེར་ན། སློབ་གྲྭ་ཁག་གི་ཆོས་དགེའམ་ལྟ་གྲུབ་སློབ་དགེར་བཙན་དབང་གིས་སྔ་དགོང་ཞལ་འདོན་འཚོགས་སྐབས་འགྲོ་དགོས་པའི་སྒྲིག་གཞི་བཟོས་པ་ལྟ་བུ་དེ་རེད།

རང་ཉིད་སིམ་ལ་གཏན་སློབ་ཏུ་གཞི་རིམ་ནས་འགྲིམ་སྐབས་བཙན་བཀའི་སྒྲིག་གཞི་འདི་ལྟར་ཆོས་དགེའམ་ལྟ་གྲུབ་སློབ་དགེ་ལ་བཀོལ་སྤྱོད་བྱས་པ་ཞིག་ཚད་མས་འཇལ་མྱོང་མེད། ལར་ནས་ལྟ་གྲུབ་རིས་མེད་སློབ་གྲྭའི་ཁོར་ཡུག་ཅིག་དང་དེ་ཡང་ཆོས་བྱེད་པའི་གནས་སྐབས་ཤིག་ཏུ་སྐོར་སྲུང་བ་ལྟ་བུ་འགན་བདག་དང་ཆོས་དགེ་བཅས་ཀྱིས་བསྐོར་ནས་མི་ངོ་རེ་རེའི་ཁ་ནས་ཞལ་འདོན་སྐྱོར་མིན་རྟག་ཏུ་བལྟ་སྲུང་བྱས་དང་བྱེད་མུས་ཀྱི་ལམ་སྲོལ་འདི་དུས་སྐབས་དང་འཚམ་པ་ཞིག་ཏུ་གཏན་ནས་མ་མཐོང་།

ལམ་སྲོལ་འདི་ལ་གཟུ་བོས་བལྟས་ན་དམར་པོ་གུང་ཁྲན་སྲིད་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་སྒྲིག་བཀོལ་སྤྱོད་སྐབས་མི་ངོ་རེ་རེའི་ཁ་ནས་བཙན་བཀའ་བཅད་པའི་བརྗོད་པ་དེ་འདོན་མིན་རྟོག་ཞིབ་བྱས་པ་དང་ཅིའི་ཕྱིར་མི་མཚུངས། ང་ཚོས་རིས་མེད་སློབ་གྲྭའི་ཁོར་ཡུག་ཅིག་ཏུ་ཆོས་བྱེད་པའི་སྐབས་བལྟ་སྲུང་ནན་པོ་འདི་ལྟ་བུའི་བྱེད་སྟངས་དེ་ནི་གོ་ལ་འདིའི་སྟེང་གི་ཆོས་བྱེད་པ་ཡེ་ཤུ་དང་ཁ་ཆེ། ཧིན་རྡུ་སོགས་ནམ་མཁའི་སྐར་ཚོགས་ལྟར་ཡོད་པ་དེ་དག་གི་ཆོས་བྱེད་ལུགས་དང་ཡང་ཡོངས་སུ་འགལ་ཟླར་མངོན།

ང་ཚོ་ནི་སྤྱིར་ནང་པ་དང་ཡང་སྒོས་བོད་རིགས་ནང་པའི་སྤྱི་ཚོགས་ཤིག་གི་ཆོས་བྱེད་སྟངས་དེ་དམིགས་བསལ་ཁྱད་དུ་འཕགས་པ་ཞིག་དགོས་པ་མ་ཡིན་ནམ། ལམ་སྲོལ་ངན་པ་འདི་ལྟ་བུ་ནི་སྔར་སློབ་གྲྭ་ཁག་ཏུ་མེད་ཀྱང་བར་ལམ་ཞིག་ནས་བཙན་སྒྲིག་འདི་སུ་ཡིས་བཀས་བཅད་ཅིང་དམིགས་ཡུལ་དང་དགོས་པ་གང་ལ་དམིགས་པའང་ཆ་མ་རྟོགས། གང་ལྟར་༧གོང་ས་མཆོག་གིས་མང་ཚོགས་དང་ཤེས་རིག་ཚོགས་ཆེན་སྐབས་སོ་སོ་དང་སློབ་གྲྭ་ཁག་ཏུ་དུས་ནས་དུས་སུ་ཡང་ནས་ཡང་དུ་སློབ་གྲྭའི་ཆོས་དགེའམ་ལྟ་གྲུབ་སློབ་དགེ་བཙུགས་པའི་ཐོག་མའི་དགོངས་གཞི་དང་རེ་འདུན་བཅས་ཀྱི་བཀའ་སློབ་གང་གནང་བ་དེ་དག་གཏན་ནས་མ་རྟོགས་པའམ་རྟོགས་ཀྱང་བཤད་ཡམ་དུ་བརྩིས་པ་གང་ལྟར་གནད་དོན་འདི་ནི་ཏན་ཏན་དགོས་སར་ཆད། མི་དགོས་སར་ལྷག་པ་ལྟ་བུ་འགྱུར་བར་མཐོང་།  

དགོས་སར་ཆད་པ་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པའི་སློབ་གྲྭ་ཞིག་གི་ཞལ་འདོན་ཚོགས་པའི་ཁོར་ཡུག་དེ་ཕྱི་ནས་སྒྲིག་འཛུགས་ཀྱིས་བདམས་པའི་རྣམ་པ་ཞིག་མ་ཡིན་པར་སློབ་མ་ཚོའི་སེམས་ནང་རང་བཞིན་གྱིས་དང་སྣང་དང་རང་དབང་གི་སེམས་པའི་སྒོ་ནས་ཞལ་འདོན་སྐྱོར་བའི་གོམས་གཤིས་ཤིག་ངེས་པར་སྐྲུན་དགོས་པ་དང་། ལྷག་པར་ཞལ་ནས་འདོན་པའི་ཚིག་བཟང་པོ་དག་གི་དོན་རྣམས་ཡིད་ལ་ཤར་སྒོམ་དང་འདྲེས་ནས་འདོན་པའི་གོམས་གཤིས་འཇགས་པའི་ཁོར་ཡུག་ཁྱད་པར་བ་སྟེ་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་ཞིག་ཏུ་བཟོ་དགོས་པའི་བཀའ་ཡིས་བཅད་ན་ཕྲན་བུའི་བཟང་ཕྱོགས་ཤིག་ཏུ་མཐོང་ཞིང་། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོ་དུས་རབས་ཉི་ཤུ་རྩ་གཅིག་གི་ནང་པ་བྱ་དགོས་པར་གསུངས་པའི་གནད་དོན་དེར་ཕྲན་བུའི་དགོངས་བཞེས་ཀྱིས་བསྒྱུར་བཅོས་དང་ཡར་རྒྱས་ཀྱི་མདུན་སྐྱོད་བྱ་དགོས་ཀྱང་དེ་ནི་ད་བར་དགོས་སར་ཆད་པ་དེ་ཡིན།

ཡང་དུས་རབས་ཉེར་གཅིག་པའི་བོད་རིགས་ནང་པའི་སོན་རྩ་གསོ་སྐྱོང་བྱེད་སའི་ཁོར་ཡུག་ཅིག་གིས་སྤྱིར་འཛམ་གླིང་ནང་གི་ཆོས་བྱེད་པ་གཞན་སུ་གཅིག་དང་མི་མཐུན་པ་ལྟ་ཅི། སྐོར་སྲུང་བའི་འཇིགས་སྣང་གི་འོག་ཏུ་ཆོས་བྱེད་ལུགས་དེ་ལྟ་བུ་ནི་དུས་རབས་དང་གོམ་པ་འདེགས་འཇོག་མ་ཐུབ་པ་མ་ཚད་ཤིན་ཏུ་རྗེས་ལུས་ཀྱི་རྣམ་པ་གསལ་པོ་ཞིག་ཡིན་པས་ཆོས་དགེའམ་ལྟ་གྲུབ་སློབ་དགེ་ལ་རྟག་ཏུ་ཞལ་འདོན་སྐབས་སྐོར་སྲུང་བ་བསྲུང་བྱའི་ལས་དོན་གཉེར་དུ་གཏོང་བ་ལྟ་བུའི་བཙན་བཀའི་ཕྱག་རྒྱ་ཆེན་པོ་དེ་དུས་རབས་དང་གོལ་བས་མི་དགོས་སར་ལྷག་པ་དེ་ཡིན།

དེས་ན་ལྟ་གྲུབ་སློབ་དགེ་རྣམ་པར་བཀོལ་བའི་བཙན་བཀའི་ལས་དོན་དེ་ཡོངས་སུ་བསྐྱུར་ཏེ་བདུན་རེའི་ནང་སློབ་མ་ཚོས་ངག་ནས་གསུང་བའི་ཚིག་བཟང་པོ་དག་གི་དོན་རྣམས་འགྲེལ་བརྗོད་དང་འབྲེལ་སྒོམ་རྒྱག་སྟངས་ཀྱི་གོམས་གཤིས་བཟང་པོ་སློབ་མ་ཚོར་འཇགས་ཐུབ་པའི་ལས་དོན་བཀོལ་ཐུབ་ན། ད་གཟོད་༧གོང་ས་མཆོག་གིས་སློབ་གྲྭ་ཁག་ཏུ་ལྟ་གྲུབ་སློབ་དགེའམ་ཆོས་དགེ་བསྐོ་འཇོག་བྱས་པའི་ཐོག་མའི་དགོངས་གཞི་དེ་སྒྲུབ་ཅིང་། ལྷག་པར་གཞོན་སྐྱེས་ཚོ་དུས་རབས་ཉེར་གཅིག་པའི་བོད་རིགས་པའི་ནང་པའི་མཚན་ཉིད་རྫོགས་ཐུབ་པ་ལྟ་ཅི་ཆོས་ལ་རྒྱུ་མཚན་ཤེས་པའི་དད་སྣང་དང་རྒས་ཤིང་འཁོགས་པའི་སྐབས་སུའང་ཆོས་ཀྱི་སྣང་བ་མ་ནུབ་པར་ཡོང་ངེས། དེ་ནི་མི་རབས་གསར་བ་ཚོར་སྒྲུབ་པའི་ཞབས་འདེགས་བླ་ན་མེད་པ་ཞིག་ཡིན་ན་ད་ལྟའི་སློབ་གྲྭ་ཁག་གི་སྔ་དགོང་ཞལ་འདོན་སྐབས་སུ་ཆོས་དགེ་རྟག་ཏུ་བསྲུང་བྱར་བཀོལ་བའི་བཙན་བཀས་བཅད་པའི་མུས་ལོང་གི་ལམ་ལུགས་དེ་བསྐྱུར་ཏེ། དུས་རབས་ཉེར་གཅིག་པའི་ནང་པའི་སློབ་གྲྭ་ཞིག་གི་ཞལ་འདོན་འཚོགས་སྟངས་ཤིག་ཏུ་ངེས་པར་བསྒྱུར་བཅོས་གཏོང་དགོས་པར་སེམས་སོ།། །། 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 13 སྔོན།

    ང་ཚོའི་སྤྱི་ཚོགས་ནང་། གཞི་རིམ་གྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་མ་སོང་བར་རེ་བ་ཞེ་དྲགས་མེད་པ་རེད། ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese