མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐེ་ལན་ཌིའི་གཞུང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མར་ཐེ་ལན་ཌིའི་རྒྱལ་སར་མང་ཚོགས་ ༡༠༠༠༠༠ ལྷག་འདུ་འཛོམས་ཀྱིས་ད་ལྟའི་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ་སྲིད་བློན་ཡཱེང་ལུག་གིས་དགོངས་པ་ཞུ་དགོས་པའི་རེ་འདུན་བཏོན་ཡོད་འདུག  

ཟླ་འདིའི་ཚེས་ ༢༤ ཉིན་ནས་བཟུང་ཐེ་ལན་ཌིའི་ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཟུར་པ་སུ་ཐེབ་ (Suthep Thaugsuban)ཀྱིས་སྣེ་འཁྲིད་འོག ཐེ་ལན་ཌིའི་རྒྱལ་ས་བྷན་ཁཱོག་ཁུལ་གྱི་མི་མང་ཆིག་འབུམ་ ༡༠༠༠༠༠ ལྷག་གཞུང་ལམ་སྟེང་འདུ་འཛོམས་བྱས་ཏེ། ཐེ་ལན་ཌིའི་སྲིད་བློན་ལྕམ་ཡཱེང་ལུག(Yingluck Shinawatra )མཆོག་གིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། ཐེངས་འདིར་མང་ཚོགས་ཀྱིས་ངོ་རྒོལ་བྱས་དོན་ནི། ད་ལྟའི་གཞུང་འཛིན་མི་སྣའི་ཁྲོད་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཡིན་པ་དང་། གྲོང་གསེབ་ཁུལ་དུ་འབྲས་ཀྱི་འཚོ་སྣོན་སྤྲོད་པའི་སྲིད་བྱུས་ལ་འདོད་པ་མེད་པ། གཞུང་གིས་ནག་ཉེས་ཅན་ལ་གུ་ཡངས་གཏོང་པ། དེ་བཞིན། སྲིད་བློན་ཟུར་པ་ཐཱེག་སིན་(Thaksin)གྱིས་གཞུང་གི་འཛིན་སྐྱོང་ནང་ཐེ་གཏོག་བྱེད་ཀྱི་ཡོད་ལུགས་སོགས་བརྗོད་ཡོད་འདུག   

གནས་ཚུལ་དེར་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཐེ་ལན་ཌིའི་སྲིད་བློན་མཆོག་གིས་ཉེན་རྟོག་པ་དང་དམག་མི་ཚོར་མང་ཚོགས་ཀྱི་ངོ་རྒོལ་དེ་ཞི་བའི་ཐོག་ནས་ལྷིང་འཇགས་ཡོང་ཐབས་བྱེད་དགོས་པ་ལས། དྲག་གནོན་རིགས་གཏན་ནས་བྱེད་མི་ཆོག་པའི་བཀའ་བཏང་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་( Banki-moon ) མཆོག་གིས་ཀྱང་ཐེ་ལན་ཌིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་གིས་འཚེ་མེད་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་མི་མང་དང་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཐེངས་འདིའི་ངོ་རྒོལ་དེ་ནི་ཐེ་ལན་ཌིའི་ནང་ལོ་གསུམ་རྗེས་སུ་བྱུང་བའི་ངོ་རྒོལ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་ཅིང་། ངོ་རྒོལ་བ་རྣམས་གཞུང་གི་དཔལ་འབྱོར་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་། ནང་སྲིད་ལྷན་ཁང་། དེ་བཞིན་གཞུང་གི་ལས་ཁུངས་ལྟེ་གནས་ཁག་མདུན་དུ་འཛོམས་ཏེ་ངོ་རྒོལ་སྐད་འབོད་དང་སྲིད་གཞུང་སྒོ་རྒྱག་དགོས་པའི་རེ་འདུན་བཏོན་ཡོད་འདུག

ངོ་རྒོལ་བ་ཚོའི་རེ་འདུན་ལྟར། ད་ལྟའི་སྲིད་གཞུང་སྒོ་རྒྱག་དགོས་མིན་ཐད་འདས་པའི་ཉིན་གསུམ་རིང་ཐེ་ལན་ཌིའི་ཆབ་སྲིད་ཚོགས་པ་ཁག་གིས་རྒྱལ་ཡོངས་གྲོས་ཚོགས་བསྐོངས་ཏེ་འཐུས་མི་ ༤༣༡ ཙམ་གྱིས་འོས་ཤོག་བླུགས་མཐར། ད་ལྟའི་གཞུང་ལ་དགག་བྱ་མེད་པའི་འོས་ཤོག་ ༢༩༧ དང་། ངོ་རྒོལ་ཤོག་ཁག་ལ་འོས་ཤོག་ ༡༣༤ བཅས་ཐོབ་སྟེ་སྲིད་བློན་ཡཱེང་ལུག་གིས་མགོ་འཁྲིད་པའི་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག  

ལྕམ་སྐུ་ཡཱེང་ལུག་མཆོག་ནི་ ༡༩༦༧ ལོར་ཐེ་ལན་ཌིའི་རྒྱ་རིགས་འབྱོར་ལྡན་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆབ་སྲིད་དང་འཛིན་སྐྱོང་ཐོག་མཐོ་སློབ་ཐོན་རྗེས་ཨ་རིར་སློབ་སྦྱོང་དུ་བསྐྱོད་ཡོད་པ་དང་། དེའི་རྗེས་ཕྱིར་ཐེ་ལན་ཌིར་ལོག་སྟེ་གཅེན་པོ་ཐག་སིན་གྱི་ཁ་པར་ཁེ་ལས་ནང་ཕྱག་ལས་སྟེ་རིམ་གྱིས་ཁེ་ལས་དེའི་འགན་འཛིན་ཆགས་ཡོད་འདུག ད་ལྟ་པེའུ་ཐའེ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་གཅིག་ལྕོག་གནང་གི་ཡོད་ཅིང་། ཁོང་མོ་ནི་ཐེ་ལན་ཌིའི་སྲིད་བློན་ ༢༨ པ་དང་ཐེ་ལན་ཌིའི་ལོ་རྒྱུས་ཐོག་གི་ལོ་ན་ཆུང་ཤོས་ཀྱི་སྲིད་བློན་དེ་ཆགས་ཡོད་འདུག

མཆན། 1

  1. གླིང་དར་མ། says:
    ལོ་ 9 སྔོན།

    སྲིད་བློན་དངོས་གནས་མཛེས་མ་འདུག རྒྱ་རིགས་ཡིན་ཚེ་རྒྱ་ནག་ལ་ཤ་ཞེན་ཡོད་ངེས་རེད། མི་མང་གྱེན་ལོག་པ་ཚོས་ལྐོག་ཟ་རུལ་སུངས་སོགས་ལ་ངོ་རྒོལ་བྱས་པར་རྒྱབ་སྐྱོར་ཡོད། ཡིན་ནའང་ཐེ་ལན་ཌིའི་སྲིད་བློན་མཛེས་མ་འདི་ལྟ་བུ་ཞིག་ལ་ངོ་རྒོལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist