མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ཨ་རུ་ནཱ་ཅལ་གྱི་བོད་མི་ ༡༧ ཁེ་ན་ཌར་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་བྱེད་རྒྱུའི་ལས་གཞིའི་ཁྲོད་རིམ་པ་དང་པོའི་མི་ ༡༧ ཙམ་སང་ཉིན་གཏོང་རྒྱུ་ཡིན་པ་དང་། རིམ་པ་གཉིས་པ་དང་གསུམ་པ་སོགས་ཟླ་བ་རྗེས་མའི་ནང་གཏོང་ཐུབ་རྒྱུར་ཚོད་དཔག་གནང་གི་ཡོད་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༩ པ་ནས་བཟུང་ཨ་རུ་ནཱ་ཅལ་མངའ་ཁུལ་གྱི་བོད་མི་ཆིག་སྟོང་ཁེ་ན་ཌར་གནས་སྤོའི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་ལྟར། ད་ལོའི་ལོ་མགོར་ཨ་རུ་ནཱ་ཅལ་གྱི་བོད་མིའི་གཞིས་ཆགས་ཁག་གསུམ་ནས་མི་ ༩༠༠ ཙམ་རྒྱན་བརྒྱབ་སྟེ་འདེམས་སྒྲུག་བྱས་ཡོད་པ་དང་། དེ་དག་ལས་མི་ ༢༠༤ ཙམ་གྱི་གཟུགས་པོར་བརྟད་དཔྱད་བརྒྱུད་མི་ ༡༧ ཙམ་གནས་སྤོ་རིམ་པ་དང་པོའི་ནང་ཚུད་དེ། ཟླ་འདིའི་ཚེས་ ༢༩ ལྡི་ལི་ནས་ཁ་ལམ་བརྒྱུད་ཁེ་ཎ་ཌར་གཞིས་སྤོ་བྱེད་རྒྱུ་ཡིན་པ་དང་། རིམ་པ་གཉིས་པ་དང་གསུམ་པ་ཟླ་བ་རྗེས་མའི་ནང་གཏོང་ཐུབ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་འདུག  

འདི་གའི་གསར་འགོད་པས་གོང་གནས་ཚུལ་སྐོར་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ ཨ་རུ་ནཱ་ཅལ་ཁུལ་གྱི་མི་ཆིག་སྟོང་ཁེ་ན་ཌར་གནས་སྤོ་བྱེད་རྒྱུ་ཡིན་པ་ཚང་མས་མཁྱེན་གསལ་རེད། མི་ཆིག་སྟོང་ལས་ ༩༠༠ ཙམ་ང་ཚོས་རྒྱན་བརྒྱབ་སྟེ་བདམས་ཚར་བ་རེད། དེ་དག་ལས་མི་ ༢༠༤ ཙམ་ལ་ད་ལོའི་ཕྱི་ཟླ་ ༥ པའི་ནང་ལྡི་ལིར་གཟུགས་པོ་བརྟག་དཔྱད་གཏོང་གི་ཡོང་དགོས་ཀྱང་། ནང་སྲིད་ལས་ཁུངས་ཀྱིས་རེ་སྐུལ་ཞུས་པ་ལྟར་ཁེ་ན་ཌའི་གཞུང་ཚབ་ཀྱི་མི་སྣ་གཉིས་ཡར་ས་གནས་སུ་ཕེབས་ཏེ་བརྟག་དཔྱད་དང་བཅར་འདྲི་སོགས་བྱས་ཏེ། རིམ་པ་དང་པོའི་ནང་མི་ ༡༧ ཙམ་ཟླ་བ་འདིའི་ཚེས་ ༢༩ ཉིན་གཏོང་རྒྱུ་གཏན་ཁེལ་ཡོད་པ་རེད ” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ད་རེབ་མི་ ༡༧ ཙམ་ལས་མེད་པའི་རྒྱུ་མཚན་གང་ཡིན་དང་འཕྲོད་བསྟེན་བརྟག་དཔྱད་སྐབས་ནད་གཞི་གཙོ་བོ་གང་དག་འཐོན་ཡོད་མེད་དྲིས་པར། “ ད་རེབ་མི་ ༡༧ ཙམ་ལས་གཏོང་མ་ཐུབ་པ་དེ་ཕར་ཕྱོགས་ནས་རོགས་པ་བྱེད་མཁན་དང་གོ་སྒྲིག་སོགས་ཀྱི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ཐོག་མ་རིམ་པ་དང་པོའི་ནང་མི་ཉི་ཤུ་རྩ་གྲངས་ཤིག་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་། མི་ཁག་ཅིག་ལ་འཕྲོད་བསྟེན་བརྟག་དཔྱད་ཐོག་ནས་འགོག་རྐྱེན་འཕྲད་དེ་ད་རེབ་དངོས་སུ་གཏོང་ཐུབ་པ་ཁྱིམ་ཚང་ཁ་ཤས་དང་མི་ཧྲང་ཧྲང་ཁག་ཅིག་བཅས་ཁྱོན་མི་ ༡༧ ཡོད་པ་རེད” ཅེས་དང་། “ ནད་གཞི་གཙོ་བོ་གློ་ནད་དང་གྲུམ་བུ་དེ་འདྲ་རེད། དེ་ཚོར་འགྲོ་ཆོག་གི་མ་རེད་ལབ་ཡོད་པ་མ་རེད། དུས་ཚོད་ངེས་ཅན་ཞིག་སྤྲད་དེ་སྨན་བཅོས་བྱེད་དགོས་པ་དང་། རྗེས་སུ་བསྐྱར་དུ་བརྟག་དཔྱད་བཏང་སྟེ་ན་ཚ་མེད་ན་རིམ་པའི་གནས་སྤོ་བྱེད་ཆོག་གི་རེད། གཞན་བརྟག་དཔྱད་སྐབས་འཛམ་གླིང་ཐོག་ཞེད་སྣང་ཆེན་པོ་བྱེད་དགོས་པའི་ཨེ་ཙི་སོགས་ད་སྔ་འཐོན་མ་སོང་།” ཞེས་བརྗོད་སོང་།

ཐོག་མ་ཁེ་ན་ཌར་གནས་སྤོ་བྱེད་མཁན་གཅིག་ལ་ཕར་ནས་སྦྱིན་བདག་མི་ལྔ་འཚོལ་དགོས་པ་དང་དེ་དག་ལས་གཅིག་བོད་པ་ཡིན་དགོས་པ་སོགས་ཀྱི་ཆ་རྐྱེན་བཞག་ཡོད་པ་དེ་གང་འདྲ་ཆགས་ཡོད་མེད་དང་། དེ་དག་གི་རོགས་རམ་དུས་ཡུན་ག་ཚོད་ཡིན་མིན་དྲིས་པར། ཁོང་གིས། “ སྤྱིར་བཏང་ཕར་འགྲོ་མཁན་གཅིག་ལ་མི་ལྔའི་སྦྱིན་བདག་དགོས་ཟེར་གྱི་ཡོད་ཀྱང་། དེའི་ནང་མི་གཅིག་ངེས་པར་དུ་བོད་པ་ཡིན་དགོས་ཟེར་བ་དེ་འདྲ་ཡོད་པ་མ་རེད། སྦྱིན་བདག་བྱེད་པའི་ཆ་རྐྱེན་ཚང་ན་ལྔ་ཆ་བོད་པ་ཡིན་ནའང་འགྲིག་གི་རེད། ཁྲིམས་ལུགས་གཞིར་བཟུང་ཁོ་རང་གི་དངུལ་ཁང་འཛིན་བྱང་ཐོག་ཉུང་མཐར་ཁེ་ན་ཌའི་སྒོར་མོ་ཁྲི་གཉིས་ཡོད་དགོས་པ་དང་། སོ་སོ་རང་བདག་གི་སྡོད་ས་དང་ལས་ཀ་བྱེད་ཆོག་པའི་ཡིག་ཆ་སོགས་སྟོན་རྒྱུ་ཡོད་དགོས་པ་རེད། སྦྱིན་བདག་གི་དུས་ཡུན་དེ་ད་ལྟ་བཤད་ཐུབ་ཀྱི་མི་འདུག ཕར་ནས་སྡོད་ས་དང་ལས་ཀ་འགྲིག་ཚར་བ་ཡིན་ན་སྦྱིན་བདག་ཀྱང་མཚམས་ཆད་འགྲོ་བ་རེད་བསམ་གྱི་འདུག” ཅེས་བརྗོད་བྱུང་།

ཡང་ཁོང་ལ་ད་རེབ་འཕར་འགྲོ་མཁན་ཚོའི་འགྲོ་སོང་ཇི་ལྟར་གཏོང་གི་ཡོད་མེད་དྲིས་པར། “ཕར་ཚུར་གནམ་གྲུའི་གླ་ཆ་དང་དྲི་བ་དྲིས་ལན་སྐབས་ཀྱི་འགྲོ་སོང་སོགས་སྒེར་ངོས་ནས་གཏོང་ཐུབ་མཁན་ཡིན་ན་སྒེར་གྱིས་གཏོང་གི་ཡོད་པ་རེད། གཏོང་མ་ཐུབ་མཁན་ཚོས་ཁེ་ན་ཌའི་གཞུང་ལ་བུ་ལོན་གནང་རོགས་ཞེས་ཞུས་པ་ཡིན་ན། ཁེ་ན་ཌའི་གཞུང་གིས་བུ་ལོན་གནང་བའི་ལམ་སྲོལ་འདུག དེར་བརྟེན་ཉུང་ཤས་ཤིག་གིས་འགྲོ་སོང་རང་ངོས་ནས་གཏོང་གི་འདུག མང་ཆེ་བས་བུ་ལོན་གཡར་རོགས་ཞུ་བཞིན་འདུག” ཅེས་བརྗོད་བྱུང་།

ཁོང་ལ་རིམ་པ་གཉིས་པ་གསུམ་པ་ག་དུས་གཏོང་རྒྱུ་དྲིས་པར། “ རིམ་པ་གཉིས་པ་དེ་ཟླ་བ་ ༡༢ པའི་ཚེ་ཤར་དང་རིམ་པ་གསུམ་པ་ཟླ་མཇུག དེ་ནས་ལོ་རྗེས་མའི་ཟླ་བ་དང་པོ་བཅས་ལ་རིམ་པ་བཞིན་གཏོང་རྒྱུ་དང་། ༢༠༡༦ ལོའི་ཟླ་ ༤ ཡས་མས་ལ་མི་ཆིག་སྟོང་དེ་ཕར་བཏང་ཚར་དགོས་ཀྱི་ཡོད་པ་རེད” ཅེས་བརྗོད་བྱུང་།

གཞིས་སྤོ་གནང་མཁན་ཚོར་ཁེ་ན་ཌའི་མི་སེར་ཐོབ་ཐང་ག་དུས་རག་མིན་དྲིས་པར། ཁོང་གིས། “ད་ཐེངས་བོད་མི་གནས་སྤོར་བྱེད་མཁན་ཚོར་མཚོན་ན་གཞུང་འབྲེལ་ཡིན་སྟབས། ཁོ་ཚོ་ཁེ་ཎ་ཌའི་ནང་བསླེབས་ཏེ་ཟླ་གཅིག་གཉིས་ནང་ལག་དེབ་ལྗང་ཁུ་ (Green Card) རག་འགྲོ་བ་རེད། དེའི་ཐོག་ནས་ལས་ཀ་བྱེད་པ་དང་ཕར་ཚུར་འགྲུལ་བཞུད་སོགས་བྱེད་ཆོག་གི་ཡོད་པ་རེད། ཁེ་ན་ཌའི་མི་སེར་ཆགས་པ་ལ་དེ་སྔོན་ཡིན་ན་ལོ་ ༢ འགོར་གྱི་ཡོད་ཅིང་། ཕྱིས་སུ་ལོ་གཅིག་འཕར་སྣོན་བྱས་ཏེ་ལོ་ ༣ གྱི་མཚམས་སུ་གཞི་ནས་མི་སེར་ཆགས་རྒྱུའི་སྔོན་བརྡ་ཞིག་འབྱོར་གྱི་ཡོད་པ་དང་། སྔོན་བརྡ་དེའི་ནང་བཅར་འདྲིའི་དུས་ཚོད་ཅིག་སྤྲད་ཡོད་པ་རེད། དྲི་བ་དྲིས་ལན་དེར་ཡིག་རྒྱུགས་འཕྲོད་པ་ཡིན་ན། ཟླ་བ་གཉིས་གསུམ་རྗེས་ལ་རྒྱལ་ཁབ་ཀྱི་སེར་ཁས་ལེན་དམ་བཅའ་ཞིག་འབུལ་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་ཟླ་བ་གཅིག་ཡས་མས་ནང་མི་སེར་ལག་འཁྱེར་དེ་རག་འགྲོ་བ་རེད” ཅེས་བརྗོད་སོང་།

མཇུག་ཏུ་ཁོང་ལ་ད་རེབ་ཕར་འགྲོ་མཁན་ཚོ་ན་ཚོད་དང་སློབ་སྦྱོང་སོགས་མི་སྒེར་གྱི་གནས་སྟངས་གང་འདྲ་ཡོད་པ་དྲིས་པར་ཁོང་གིས། “ཐོག་མའི་ང་ཚོའི་འཆར་གཞིར་རིམ་པ་དང་པོའི་ནང་སློབ་སྦྱོང་དང་ཕྱོགས་གང་ཐད་ནས་གང་འཚམ་ཡག་པོ་ཡོད་མཁན་རྐྱང་གཏོང་ཐུབ་པ་ཡིན་ན། ཕར་ཕྱོགས་ནས་ཀྱང་ང་ཚོའི་རྒྱལ་ཁབ་ནང་བླངས་པའི་མི་དེ་ཚོར་སློབ་སྦྱོང་དང་ལས་ཀ་ཡག་པོ་བྱེད་ཐུབ་མཁན་རེད་བསམ་པ་ཡོང་གི་རེད། དེ་ལྟར་བྱུང་ན་མ་འོངས་པར་ཡང་མི་ཆིག་སྟོང་ཉིས་སྟོང་བསྐྱར་དུ་གཏོང་ཐུབ་པར་རེ་བ་ཡོད་སྲིད་པ་རེད་ཅེས་བསམ་བློ་བཏང་པ་རེད ”ཅེས་བརྗོད་བྱུང་།

གཞིས་སྤོ་རིམ་པ་དང་པོ་དེ་ཁེ་ཎ་ཌའི་གྲོང་ཁྱེར་ཌོ་རོན་ཌོན་( Toronton)དང་ཝན་ཀོ་ཝར་ (Vancauver)། ཨོ་ཊ་ཝ་ (Ottawa) བཅས་སུ་གཏོང་རྒྱུ་ཡིན་ཞིང་། ད་ལྟ་་ཁེ་ཎ་ཌའི་ནང་བོད་མི་ ༦༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད་འདུག ༡༩༧༢ ལོར་ཁེ་ན་ཌ་གཞུང་གིས་རྒྱ་གར་བྱང་ཕྱོགས་སུ་གཞིས་ཆགས་པའི་བོད་རིགས་ ༢༣༠ སྐྱབས་བཅོལ་དུ་བླངས་ཡོད་འདུག 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༨ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 8

  1. སེངྒེ་ says:
    ལོ་ 12 སྔོན།

    གསར་འབྱོར་འགྲོ་དགོས་ན་ཌྲ་ལོམང་པོ་སྤྲད་ནས་འགྲོ་ཡང་ན་ཆབ་སྲིད་བཙུན་ཟུར་དང་ཆབ་སྲིད་བཙོན་ཟུར་རྫུན་མ་བྱེད་ཐབས་བྱེད་ནས་འགྲོ་ན་མ་གཏོགས་གོ་སྐབས་མི་འདུག་ག

    Reply
  2. བར་ཕུ་ཕུན་ཚོགས། says:
    ལོ་ 12 སྔོན།

    གང་མགྱོགས་གནང་རོགས།

    Reply
  3. དོན་གྲུབ་རྒྱལ། says:
    ལོ་ 12 སྔོན།

    གཞིས་ཆགས་མི་མང་གི་དཀའ་ངལ་ལབ་དུས། ཕྱི་རྒྱལ་ལ་བཏང་ཞག་ན་སེལ་འགྲོ་ཡ་ཅིག་གེ་མ་རེད་ཝ། དངོས་ནས་བྱས་ན་ཕྱི་རྒྱལ་ལ་བཏང་ཡ་འདི་བུ་གུར་ཅི་རིལ་སྤྲད་ནས་སྒོར་ཕུད་པ་དང་འདྲ་བོ་འདུག་གཱ དངོས་ནས་དཀའ་ངལ་སེལ་ཡ་ཡིན། མི་མང་དེ་གེ་དེ་ལ་རྩ་དོན་ལ་སེམས་ཁུར་ཡོད་པ་ཞིག སོ་སོའི་ཆོས་དང་རིག་གཞུང་ལ་ཤ་ཞེན་ཡོད་པ་ཞིག་བཟོ་དགོས་པ་མ་རེད་དམ། སོ་སོའི་བུ་གུ་བོད་པ་ཆ་ཚང་ཞིག་བཟོ་རྒྱུའི་སེམས་ཤུགས་ཡོད་པ་ཞིག་ཆགས་ཐུབ་ན་གཞི་ནས་དཀའ་ངལ་ཚང་མ་སེལ་གི་རེད་ཝ། དེ་མིན་ཕྱི་རྒྱལ་ལ་བཏང་ནས་བསྡད་ཡ་དེས་རྩ་བ་ནས་ཁུངས་འཁྱོལ་གི་མ་རེད་ལ། རྒྱ་གར་ནང་གི་སྒྲིག་འཛུགས་བརྟན་པོ་གནས་མ་ཐུབ་ཡ་གི་རྐྱེན་གཅིག་དང། བོད་ནང་གི་བོད་མི་ཚཽའི་ཡིད་ཆེས་བརླག་ཡ་ཅིག་ཆགས་སྲིད་པ་རེད་གདའ།། གཟབ་གཟབ་བྱས་ན་མ་གཏོགས།། དཔོན་པོ་ཚོས་ས་སོས་ཁེ་ཕན་དང་འོས་ཤོག་ཆེད་ལས་ཀ་བྱས་ན་ག་བ་ཡོང་གི་རེད།།

    Reply
  4. དོན་གྲུབ་རྒྱལ། says:
    ལོ་ 12 སྔོན།

    བློ་བཟང་སེང་གེས་གཞིས་ཆགས་ཀྱི་མི་མང་སྐྱོ་པོ་ཚོའི་ཨམ་འཇོག་དཀྲོགས་ཡ་གི་བཀའ་མོལ་གནང་སྟེ། ཕྱི་རྒྱལ་ལ་བཏང་གི་ཡིན་རབ། སྒྲོ་ལོ་མང་པོ་རག་ཡོད་རབ་བཤད་ནས། མདོ་དོན་གཞིས་ཆགས་མི་མང་ལ་མཐཽང་ཆུང་དང་གནས་ཚད་དམའ་པོ་ཞེ་པོ་ཅིག་མཐོང་གི་ཡོད་པ་དེ་ཁྱད་མཚར་རེད། གཞིས་ཆགས་ཟེར་པ་འདི་དེ་འདྲ་ཞིག་ཡིན་ན་དངོས་གནས་ཐབས་སྐྱོ་པོ་རེད།་ གཞུང་ཞབས་ཚོའང་དེ་འདྲ་རེད། ལྟོ་རག་ན་འགྲིག་བསྡད་པའི་ཟོལ་འདྲ་པོ་ཞིག་འདུག་གཱ སོ་སོས་རང་འགུལ་གྱིས་འཁུར་བླངས་ནས་ཅིག་བྱས་ཡ་མི་འདུག་གཱ དངོས་གནས་འདི་འདྲ་ཡིན་ན། ང་ཚོས་མ་འོངས་པར་གཞིས་ཆགས་མི་མང་ཚཽའི་གྲོད་ཁོག་མ་ཁེབས་པར་དཀའ་ལས་འཕྲད་ས་རེད། བློ་བཟང་སེང་གེ་ལགས་ཀྱིས་མགྱོགས་པོར་སྐུ་ངལ་མ་གསོས་དུས་ཞེ་དྲག་དཀའ་ལས་ཁག་ས་རེད། སྤྱི་ཡོངས་ནས་སྤུས་ཚད་སྡུར་རུ་སྡུག་རུ་འགྲོ་གི་འདུག

    Reply
  5. གླིང་དར་མ། says:
    ལོ་ 12 སྔོན།

    བཀའ་ཤག་གིས་གཟབ་གཟབ་མ་བྱས་ཚེ་ལས་གཞི་འདི་རྦོ་ལུགས་རྒྱུའི་ཉེན་ཁ་ཏན་ཏན་འདུག ལས་གཞི་འདི་ཐོག་མར་སྤྱི་ལོ་ ༢༠༡༡ ཟླ་ ༩ ་པའི་ནང་ལ་མགོ་འཛུགས་བྱས་པ་རེད། ལོ་གཉིས་ལྷག་རིང་ལ་མི་ ༡༧ ་གཞི་ནས་གཏོང་ཐུབ་པ་བྱུང་བ་རེད། ལས་གཞི་འདི་ལོ་ ༥ ་ཡི་འཆར་གཞི་ཞིག་རེད། སྤྱི་ལོ་ ༢༠༡༦ ་ཟླ་བ་ ༤ ་པའི་ནང་ལ་ལས་གཞི་འདུ་སྒོ་རྒྱག་དགོས་པ་རེད།
    དེ་ནས་ནང་སྲིད་དྲུང་ཆེ་མཆོག་གིས་མ་འོངས་པར་ཡང་མི་ཆིག་སྟོང་ཉིས་སྟོང་གཏོང་ཐུབ་པའི་རེ་བ་ཡོད་པ་རེད་ཟེར་འདི་ལ་རྗེས་སུ་ཡི་རངས་ཡོད་འདིའི་ཕྱོགས་ལ་མུ་མཐུད་ཤུགས་བསྐྱོན་གནང་རོགས།

    Reply
  6. མི་རྒོད། says:
    ལོ་ 12 སྔོན།

    མི་རྗེ་སྲིད་སྐྱོང་མཆོག་གི་མཛད་རྗེས་ལ་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན་གང་ལ་ཟེར་ལ་ལས་གཞི་འདི་སྔོན་མ་ནས་ཡོད་ཀྱང་ཕྱི་ནང་འགོག་རྐྱེན་དུ་མ་ལས་བརྟེན་ནས་ད་བར་ལུས་པ་གསལ་པོ་རེད།
    ཁེ་ན་དྲ་ནི་རྒྱ་དམར་ལ་མགོ་བོ་མི་ཞུམ་མཁན་རྒྱལ་ཁབ་རེད་དེ། ཡིནའང་འཛམ་གླིང་ཚོང་འབྲེལ་ལ་བརྟེན་དགོས་པ་བརྟེན་ལས་སླ་པོ་ཞིག་ག་ནས་ཡོང་། ངས་བལྟས་ན་སྣང་བ་སྐྱིད་པོ་བྱེད་འདོད་མཁན་གཅིག་ཡིན་ཚེ་ཁོང་རང་གླ་ཕོགས་ཆེ་ཐག་གཅོད་ལེན་ནས་ནུབ་ཕྱོགས་སུ་ཆེད་ལས་གནང་ན་འགྲིག་མཁན་ཞིག་རེད། ་་་་་་་་

    Reply
  7. ལྷ་སྲས། says:
    ལོ་ 12 སྔོན།

    བློ་བཟང་སེང་གེ་ལགས། ད་ངོ་ཚ། འོས་ཤོག་དང་མིང་གྲགས་ཀྱི་དོན་དུ་དེ་འདྲ་རང་ད་མ་གནང། ཇོ་རུ་ཚེ་རིང་གིས་བཤད་པ་ལྟར། ལོ་ལྔའི་ནང་མི ༡༠༠༠ གཏོང་གི་ཡིན་ན། ལོ་གཉིས་དང་ཕྱེད་ཀར་མི ༡༧ ལས་གཏོང་མ་ཐུབ་པ་འདི་ཅི་རེད། ད་ཁྱེད་བློ་བཟང་སེང་གེ་ཟེར་བའི་མི་འདི། དངོས་གནས་སྣང་བ་སྐྱིད་པོ་ཞེ་དྲག་ཡོད་ས་རེད།།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    གནས་སྤོ་ལས་གཞི་འདི་མགོ་བཙུགས་ནས་ཧ་ལམ་ལོ་གཉིས་ལྷག་འདས་ཟིན། དེ་སྔ་ཕྱིར་བསྒྲགས་བྱས་པ་ལྟར་ན་ལས་གཞི་འདི་ལོ་ལྔའི་ནང་མཇུག་བསྡུ་དགོས་པ་ཞིག་ཡིན་བསམ་སོང་། ལོ་གཉིས་ལྷག་གི་ནང་མི་ ༡༧ ལས་གཏོང་མ་ཐུབ་ན། མི་ ༡༠༠༠ དུས་བཅད་ནང་གཏོང་ཐུབ་མིན་ཐད་དོགས་པ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese