མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་ངྷ་སར་འབྱོར་སོང་།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྐང་འཁོར་སྐྱོར་སྐྱོད་པ་རིན་པོ་ལགས་དེ་རིང་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ་ངྷ་ས་ཁུལ་གྱི་ཚོགས་པ་དང་མི་མང་ཚོས་ཕེབས་བསུའི་མཛད་སྒོ་ཚོགས་པའི་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རིན་པོ་སོགས་བོད་མི་སྒེར་ངོས་ནས་བོད་དོན་ལས་འགུལ་སྤེལ་མཁན་ཚོར་བསྔགས་བརྗོད་གནང་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་། རྐང་འཁོར་བོད་དོན་ཞུ་གཏུག་སྐོར་སྐྱོད་པ་རིན་པོ་ལགས་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་ངྷ་ས་ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱི་གོ་སྒྲིག་འོག ངྷ་ས་ཉིན་སློབ་རྩེད་ཐང་དུ་ཐེངས་འདིའི་ལས་འགུལ་མཇུག་བསྡོམས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་བཅས་ཕེབས་ཏེ། ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་མི་མང་ཚོས་རིན་པོ་ལགས་སུ་ཕེབས་བསུའི་ཁ་བཏགས་སྒྲོན་འབུལ་ཞུས་སོང་།  

ཨ་རིར་གནས་སྡོད་རིན་པོ་ལགས་ཀྱིས། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བྷེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནས་མགོ་བཙུགས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་ ༡༣ ཙམ་བརྒྱུད་དེ། ཉི་ཧོང་དང་ཐའེ་ཝན། ཧོང་ཀོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ ༥ ཙམ་ནང་འདས་པའི་ཟླ་ངོ་ ༨ དང་ཉིན་ ༢༠ ཙམ་རིང་ལྕགས་རྟ་སྐོར་སྐྱོད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་ཅིང་། ཉེ་ཆར་བལ་ཡུལ་ནང་སྐོར་སྐྱོད་གྲུབ་རྗེས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་གཞུང་བསྣམས་ཏེ་རྒྱ་གར་གྱི་གནས་ཆེན་ཁག་ལ་མཇལ་སྐོར་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་ཁག་དང་གཞིས་ཆགས་ཁག་བཅས་སུ་སྐོར་སྐྱོད་གནང་ཡོད།

དེ་རིང་གི་མཛད་སྒོའི་ཐོག་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རིན་པོ་ལགས་ལ་ཕེབས་བསུ་ཞུ་དགོས་པའི་དམིགས་ཡུལ་སྐོར་ལ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་ད་རེབ་ཙམ་མིན་པར་ ༢༠༠༠ ལོ་ནས་སྔ་ཕྱིར་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་། ཐེངས་འདིར་ཟླ་ངོ་བརྒྱད་ལྷག་རིང་རྒྱལ་ཁབ་ ༡༨ ལྷག་གི་ནང་བོད་དོན་ཞུ་གཏུག་སྐོར་སྐྱོར་གནང་བའི་བློས་གཏོང་སྙིང་སྟོབས་སོགས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ཅེས་སོགས་བརྗོད་སོང་།

དེའི་རྗེས་བོད་དོན་ལས་འགུལ་བ་རིན་པོ་ལགས་ཀྱིས་བོད་མི་ཚང་མས་དམིགས་ཡུལ་གཅིག་གི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་དང་། ལྷག་པར་དུ་བོད་ནང་དཀའ་ངལ་ཆེན་པོ་ཡོད་པ་རྒྱལ་སྤྱིའི་ཐོག་གསལ་སྟོན་བཟོ་ཐབས་གནང་གི་ཡོད་པ་བཞིན་ཁོ་རང་སྒེར་ངོས་ནས་ཀྱང་བོད་པ་ཞིག་ཡིན་པའི་ལས་འགན་དེ་འཁྱེར་ནས་སྐོར་སྐྱོད་གནང་བ་ཡིན་སྐོར་བརྗོད་སོང་། རིན་པོ་ལགས་ཀྱིས་བརྗོད་དོན། “ ང་རང་བུ་ཕྲུག་གཉིས་ཀྱི་ཨ་ཕ་ཞིག་རེད། ད་ལྟ་ངའི་ཕྲུ་གུ་གཉིས་ཀྱི་ཨ་མ་ང་དང་མཉམ་དུ་མེད་ཀྱང་། ངས་གོ་སྐབས་འདི་བརྒྱུད་ནས་མོ་རང་གིས་བུ་ཕྲུག་གཉིས་ལ་ལྟ་སྐྱོང་གང་ལེགས་གནང་བའི་བཀའ་དྲིན་གྱིས་ང་རང་འདི་ལྟར་ཕྱིན་ཏེ་ལས་འགུལ་ལམ་ལྷོངས་ལྡན་པ་ཞིག་བྱུང་བ་དང་། གཉིས་པ་ས་གནས་གང་དུ་ཕྱིན་ཡང་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ། བོད་པ་དང་ཕྱི་རྒྱལ་བ་མི་སྒེར་མང་པོ་ཞིག་གི་ལམ་སྟོན་རྒྱབ་སྐྱོར་འོག་འདས་པའི་ཟླ་ངོ་ ༨ ལྷག་རིང་སྐོར་སྐྱོད་ཀྱིས་དེ་རིང་གཟུགས་པོ་ཐང་པོའི་ཐོག་ནས་འདིར་འབྱོར་ཐུབ་པ་བྱུང་བ་རེད། ངས་ཁོང་ཅག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་འདིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་དང་ཆོལ་ཁ་གསུམ་གྱི་སྐུ་ཚབ་ཚོས་རྒྱབ་སྐྱོར་གྱི་རྣམ་པའི་སྣེ་ལེན་གནང་བར་ཧ་ཅང་དགའ་བོ་བྱུང་། འདིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན་ང་རང་མི་ཕལ་བ་ཞིག་ཡིན་ནའང་ང་རང་ཚོའི་བསམ་བློ་དང་འཐབ་རྩོད་གཅིག་པ་ཡིན་པ་དང་། དེ་ཡང་ཁ་ཙམ་མིན་པར་མཉམ་རུབ་དང་མཐུན་སྒྲིལ་ཡོད་པ་གསལ་བོ་མཚོན་གྱི་ཡོད” ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ ངས་ད་སྔ་བོད་དོན་ལས་འགུལ་ཞིག་སྤེལ་བ་དེ་ངས་ཞེ་དྲག་ཅིག་འཇོན་སོང་ཟེར་གྱི་མེད་ལ་དེ་ལྟར་བསམ་པ་ཡང་ཡིད་ན་མེད། ངས་ཐོག་མ་རང་ཉིད་ལ་དྲི་བ་དྲིས་ཏེ་སོ་སོ་ངོས་ནས་ག་རེ་བྱེད་ཐུབ་པ་དང་འཇོན་གྱི་འདུག དེའི་སྐོར་ལ་བསམ་བློ་མང་པོ་བཏང་པ་ཡིན། མི་སུ་ཞིག་ཡིན་ཡང་སོ་སོས་ངོས་ནས་ག་རེ་བྱེད་ཐུབ་པ་དང་ག་རེ་འཇོན་གྱི་འདུག་དེ་ལ་རན་པོ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད། ངས་གཅིག་བྱེད་ཀྱི་ཡོད་པ་དེ་ཁྱེད་རང་ཚོས་ཀྱང་མ་བྱས་ན་ཡག་པོ་མ་རེད་རྩ་བ་ནས་ཞུ་ཡི་མེད། གཙོ་བོ་སོ་སོས་སོ་སོར་དྲི་བ་བཏང་ནས་བོད་དོན་སྒྲུབ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་།

སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། “རིན་པོ་ལགས་ཀྱིས་བོད་དོན་ལས་འགུལ་དེ་རིང་འདིར་མཇུག་བསྡུ་བའི་རྣམ་པ་ཙམ་རེད་མ་གཏོགས་ཁོ་རང་གི་མི་ཚེའི་ནང་བོད་བསྟན་སྲིད་མི་རིགས་ཆེད་ལས་ཀ་བྱེད་རྒྱུ་མཚམས་བཞག་ཡོད་པ་མ་རེད། ང་ཚོའི་འཐབ་རྩོད་འདི་ཆབ་སྲིད་རང་བཞིན་གྱི་འཐབ་རྩོད་ཅིག་རེད། འདི་ལ་གཅིག་ཅེ་ན་མི་ཐོག་མང་པོ་འགོར་སྲིད་ལ། གཅིག་ཅེ་ན་དུས་ཚོད་ཐུང་ཐུང་ནང་སེལ་སྲིད་པ་རེད། དངོས་ཡོད་གནས་ཚུལ་ཐོག་ང་ཚོས་རྒྱ་ནག་ལ་དྲག་པོས་འཛིང་ནས་བོད་དོན་སེལ་ཐུབ་ཡོད་པ་མ་རེད་ལ། རྒྱལ་ཁབ་གཞན་ཞིག་གིས་ང་ཚོའི་ཆེད་རྒྱ་ནག་ལ་དམག་བརྒྱབ་ནས་ང་ཚོར་རང་བཙན་དང་རང་སྐྱོང་བསྐྲུན་ཐབས་དེ་ལས་ཀྱང་མི་སྲིད་པ་ཞིག་རེད། གནས་སྟངས་དེའི་འོག་ནས་བོད་ནང་བོད་མི་སྐྱ་སེར་རྒན་དར་གཞོན་གསུམ་མང་པོ་ཞིག་གིས་སོ་སོའི་ཚེ་སྲོག་ཚུན་ཆད་བློས་བཏང་སྟེ་ཨུ་ཐུག་ཐབས་ཟད་ཀྱི་ལས་འགུལ་སྣ་ཚོགས་ཤིག་གནང་གི་ཡོད་པ་རེད།” ཅེས་དང་། ཁོང་གིས་མུ་མཐུད་དོན། “ སྤྱིར་རྒྱལ་སྤྱིའི་ཐོག་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་དགོས་ཀྱི་ཡོད་ཀྱང་དེ་གལ་ཆེ་ཤོས་མ་རེད། གལ་ཆེས་ཤོས་དེ་ང་རང་ཚོས་ལས་འགུལ་སྤེལ་དགོས་པ་དེ་རེད། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་ཡིན་ན་གནད་དོན་དེ་ཤེས་པའི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། ད་ལྟ་རིན་པོ་ལགས་ལྟ་བུའི་གང་ཟག་གཅིག་གིས་ལས་འགུལ་སྤེལ་བ་དེ་བོད་ནང་བློས་གཏོང་ག་རེ་བྱེད་ཀྱི་ཡོད་པ་དེ་སོ་སོར་དྲི་བ་བཏང་སྟེ་ལན་རག་པ་ཞིག་རེད། མ་འོངས་པར་ཁོང་གིས་འཆར་གཞི་བསྒྲིགས་ཏེ་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་སོགས་ཀྱི་ནང་ལས་འགུལ་སྤེལ་བར་ལམ་ལྷོངས་ཡོང་སྨོན་འདུན་ཞུ་བཞིན་ཡོད” ཅེས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་གང་ཟག་སྒེར་བ་ཁག་ཅིག་གིས་ལས་འགུལ་སྤེལ་གྱི་ཡོད་པར་བསྔགས་བརྗོད་གནང་དོན། “ མི་སྒེར་གྱི་བོད་དོན་ལས་འགུལ་སྤེལ་བ་རིན་པོ་གཅིག་པོ་མ་རེད། དཔེར་ན། ང་ཚོའི་སྤྱི་ཚོགས་ནང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལྟ་བུ་ཡིན་ན་ཁོང་གིས་ཀྱང་ནང་མི་ཚང་མ་བློས་བཏང་ནས་གོམ་པ་བརྒྱབ་སྟེ་བོད་ཀྱི་ས་མཚམས་བར་ཕྱིན་པ་རེད། ད་ལྟའི་ཆར་ཁོ་རང་གང་དུ་ཡོད་མེད་དང་ཤི་གསོན་གནས་སྟངས་མ་ཤེས་པར་ལྷག་བསྡད་ཡོད། ད་ལྟའི་གནས་སྟངས་ལ་བལྟས་ན་ཕལ་ཆེར་ཁོ་རང་བོད་ཀྱི་ས་ཁུལ་ནང་བསླེབས་ཏེ་དཀའ་ངལ་ཞེ་དྲག་མྱོང་གི་མེད་ན་བསམ་པ་དྲན་གྱི་འདུག གང་ཡིན་ཟེར་ན། གལ་སྲིད་རྒྱ་གར་ནང་ཡོད་ན་རྒྱ་གར་སྐོར་སྲུང་བས་བཟུང་སྟེ་ཁྲིམས་ཁང་ལ་གཏུག་དགོས་པ་རེད་མ་གཏོགས་དོན་མེད་ཉར་བསྡད་ན་འགྲིག་གི་ཡོད་པ་མ་རེད། དེ་རིང་གི་གོ་སྐབས་འདི་དང་བསྟུན་ཏེ་མང་ཚོགས་ལ་དྲན་གསོ་ཞིག་བྱས་ན་ཕན་ཐོགས་མི་ཡོང་ངམ་བསམ་བྱུང་།

གཞན། སུད་སིའི་བློ་བརྟན་རྣམ་གླིང་ལགས་ཀྱིས་ཀྱང་སུད་སིའི་རྒྱལ་ས་ནས་ཇི་ནེ་ཝ་བར་བོད་ནང་དུ་རང་ལུག་མེར་བསྲེགས་མང་པོ་གནང་གི་ཡོད་སྟབས། ནམ་རྒྱུན་ནང་བཞིན་ལས་འགུལ་སྤེལ་བ་ཡིན་ན་མང་ཚོགས་ཀྱིས་དོ་སྣང་སླེབ་ཀྱི་མེད་དུས་གསར་གཏོད་ཀྱི་རྣམ་པས་རོ་སྒམ་དྲུད་དེ་ལས་འགུལ་སྤེལ་ཡོད་པ་རེད། ད་དུང་ཨ་རིའི་ནང་བོད་དོན་ཆེད་གོམ་བགྲོད་གནང་མཁན་མང་པོ་ཡོད” ཅེས་དང་། “ དེ་རིང་རིན་པོ་ལགས་འདིར་ཕེབས་ཏེ་ཁོ་རང་གི་ཉམས་མྱོང་མང་ཚོགས་ལ་བཤད་པ་ཧ་ཅང་ཡག་པོ་འདུག ལྷག་པར་དུ་གཞོན་སྐྱེས་ཚོར་ཡིད་འགུལ་ཐེབས་པའི་རེ་བ་ཁོ་རང་གིས་འདོད་ཀྱི་ཡོད་པ་རེད་ལ་ང་ཚོས་ཀྱང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། ད་ཐེངས་ཁོང་རང་འདིར་བསླེབས་པའི་ཞོར་དུ་བོད་ཕྲུག་ཁྱིམ་སྡེ་གཙོས་ངྷ་སའི་གཡས་གཡོན་གྱི་བསྟི་གནས་ཁག་ཏུ་ཉམས་མྱོང་གསུང་ཐུབ་ཚེ་ཕན་ཐོགས་ཡོང་གི་རེད། ངས་སྒྲིག་འཛུགས་ཁག་གི་འགན་འཁུར་མཁན་ཚོ་ལའང་ཞལ་པར་བཏང་ནས་འདི་འདྲའི་གོ་སྐབས་སྐྲུན་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན”  ཞེས་གསུངས་སོང་།

མཇུག་ཏུ་གསར་འགོད་པ་ཚོས་རིན་པོ་ལགས་སུ་དྲི་བ་དྲིས་ལན་འགའ་གནང་རྗེས་མཛད་སྒོ་མཇུག་བསྒྲིལ་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 4

  1. སྣང་གསལ། says:
    ལོ་ 13 སྔོན།

    རན་པོ་ལགས་སུ་འཚམས་དྲིན་དང་ཡིད་རང་ཞུ་་་་་་

    Reply
  2. བསྟན་འཛིན་ཕུན་ཚོགས། says:
    ལོ་ 13 སྔོན།

    རིན་པོ་ལགས་ཀྱི་ལས་འགུལ་འདིར་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་ཡི་རངས་ཡོད།

    Reply
  3. ཚེ་རིང་རྡོ་རྗེ། says:
    ལོ་ 13 སྔོན།

    གསར་འགོད་པ་ལགས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མ་འོངས་པར་ཁོང་གིས་འཆར་གཞི་བསྒྲིགས་ཏེ་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌི་སོགས་ཀྱི་ནང་ལས་འགུལ་སྤེལ་བར་ལམ་ལྷོངས་ཡོང་སྨོན་འདུན་ཞུ་བཞིན་ཡོད་གསུངས་པ་དེ་ག་རེ་གསུང་གི་ཡོད་རེད། རིན་པོ་ལགས་ཀྱིས་རྐང་འཁོར་སྐོར་སྐྱོད་དེ་ད་དུང་རྒྱལ་ཁབ་གཞན་དག་ནང་གནང་འཆར་ཡོད་པ་རེད་དམ།

    Reply
  4. བློ་བཟང་དབང་ཕྱུག། says:
    ལོ་ 13 སྔོན།

    ཕོ་གསར་འདིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ཡོ་རོབ་རྒྱལ་ས་སྦར་སིལ་ནས་ལས་འགུལ་ཐོག་མ་མགོ་འཛུགས་བྱེད་སྐབས་དོ་སྣང་གང་ཡང་བྱུང་མ་སོང་། གང་ཡིན་ཟེར་ན་གནས་ཚུལ་དེ་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་དང་ཨིན་ཡིག་གི་གསར་ལམ་ཁག་སོགས་ནས་མཐོང་སོང་ཡང་ནམ་རྒྱུན་བཙན་བྱོལ་ནང་གི་ལས་འགུལ་ཁྱབ་བསྒྲགས་ཆེ་ཐག་ཆོད་ཅིག་བྱས་ཏེ་ལས་འགུལ་རྫུན་མ་དང་མཇུག་རྔ་མེད་པ་མང་པོ་ཞིག་འབྱུང་བཞིན་པ་དེ་འདྲ་ཞིག་ཡིན་ཤག་གི་བསམ་བློ་བཏང་པ་ཡིན། རིམ་པས་ཁོ་རང་ཡོ་རོབ་ནང་རྐང་འཁོར་སྐོར་སྐྱོད་བྱེད་ཀྱིན་བྱེད་ཀྱིན་གནས་ཚུལ་ཁ་ཇེ་གསལ་ནས་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་འདུག ལྷག་པར་དུ་སྐོར་སྐྱོད་གནང་བཞིན་པའི་སྐབས་ཀྱི་འདྲ་དཔར་དང་ཁོ་རང་གིས་གསར་འགོད་པ་སོགས་ལ་སྐད་ཆ་བཤད་པ་སོགས་ཐོས་ཡོང་སྐབས་ད་ལ་ཁོ་རང་ལ་དོ་སྣང་ཆེ་རུ་འགྲོ་སོང་། དེ་ནས་ཉེ་ལམ་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་ཁོ་རང་གིས་དངོས་སུ་སྐད་ཆ་བཤད་ཡོང་བ་མཐོང་སྐབས་ཡིད་འགུལ་ཆེན་པོ་ཐེབས་སོང་། དངོས་གནས་དྲང་གནས་ཨ་མའི་བུ་ཞིག་རེད། བོད་པའི་བུ་ཞིག་རེད་བསམ་སོང་། ད་ལྟ་ཁོ་རང་གི་ལས་འགུལ་འདི་རྡ་རམ་ས་ལར་འབྱོར་བ་རེད། འདི་ལ་སྔགས་བརྗོད་ཡི་རངས་དང་། བཙན་བྱོལ་ནང་གི་ལས་འགུལ་ཁུངས་མེད་ལུང་མེད་ཁག་དང་ལྷག་པར་དུ་རྡ་རམ་ལ་ལ་ཁུལ་གྱི་ལས་འགུལ་ཆུང་ཆུང་ས་བསྒྲགས་གནམ་བསྒྲགས་བྱས་ཏེ་སྦྱིན་བདག་འཚོལ་ཐབས་དང་སོ་སོ་ཁྱབ་བསྒྲགས་བྱེད་ཐབས་ཀྱི་ལས་འགུལ་དེ་རིགས་ལ་མིག་དཔེ་དགའ་ཞིག་བསྟན་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese