མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་མགོ་བཏགས་བྱས་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་སྲིད་བློན་ཁཱ་མེ་རོན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་བྱེད་མིན་ལམ་མ་ལྟོས་པར། རྒྱ་ནག་ནང་ཉིན་གསུམ་རིང་གི་གཟིགས་སྐོར་བྱས་ཏེ་རྒྱ་ནག་གི་མགོ་ཁྲིད་ཚོ་དང་དབྱིན་སྒོར་ཐེར་འབུམ་ ༡།༨ ལྷག་གི་ཚོང་འབྲེལ་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༢ ཉིན་ནས་བཟུང་དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ཁ་མེ་རོན་ (David Cameron)མཆོག་རྒྱ་ནག་ནང་ཉིན་གསུམ་རིང་གི་གཟིགས་སྐོར་མགོ་འཛུགས་བྱས་ཡོད་ཅིང་། ཁོང་དང་ལྷན་དུ་དབྱིན་ཇིའི་ཚོང་ལས་སྡེ་ཚན་ཁག་གི་མི་སྣ་ ༡༢༠ ཙམ་མཉམ་སྐྱོད་བྱས་ཡོད་འདུག དབྱིན་ཇིའི་སྲིད་བློན་མཆོག་རྒྱ་ནག་གི་སྲིད་འཛིན་ཞི་ཆིན་ཕིན་དང་སྲིད་བློན་ལི་ཁཱེ་ཆང་། དེ་བཞིན་ཁེ་ལས་ཁག་གི་མགོ་ཁྲིད་དང་འཕྲུལ་རིག་དང་ལག་རྩལ་ཆེད་མཁས་པ་སོགས་ལ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་ལོ་རེ་བཞིན་དབྱིན་སྒོར་ཐེར་འབུམ་ ༡།༨ ལྷག་གི་ཚོང་འབྲེལ་ལས་གཞིར་གྲོས་བསྡུར་བྱེད་འཆར་ཡོད་འདུག

ཚོང་འབྲེལ་ལས་གཞི་དེ་དག་ནི་དངུལ་རྩའི་ཁེ་ལས་དང་མགྱོགས་ཚད་ལྡན་པའི་མེ་འཁོར་བཟོ་སྐྲུན། བཟའ་ཆའི་ཁེ་ལས། དེ་བཞིན་རྡུལ་ཕྲན་གྱི་གློག་ཤུགས་མ་རྐང་ཉོ་ཚོང་སོགས་ཡིན་པ་དང་། དབྱིན་ཇིའི་སྲིད་བློན་མཆོག་གིས་དབྱིན་ཇི་དང་རྒྱ་ནག་གི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་ཐབས་ཐད་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་རྒྱ་ནག་ནི་བཀག་རྒྱ་དང་དམ་དྲག་ཆེ་བ་ཞིག་ཏུ་ངོས་འཛིན་ཐོག་ཚོང་འབྲེལ་བྱེད་ཀྱི་མེད་པ་ནི་ནོར་འཁྲུལ་ཞིག་ཡིན་སྐོར། དེ་བཞིན་ཁོ་རང་གི་ངོས་ནས་རྒྱ་ནག་དང་ཡུ་རོབ་བར་གྱི་མ་དངུལ་ཁྲག་དཀྲིགས་ཆེན་མོ་གཅིག་ལྷག་གི་ཚོང་འབྲེལ་གྲོས་གཞི་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཅེས་སོགས་བརྗོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་གིས་ཐེངས་འདིར་དབྱིན་ཇིའི་སྲིད་བློན་དང་རྒྱ་ནག་གི་མགོ་ཁྲིད་ཐུག་འཕྲད་བྱེད་ཕྱོགས་ཐོག་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་ཅིང་། དེར་དབྱིན་ཇིའི་ངལ་རྩོལ་ཚོགས་པའི་མགོ་ཁྲིད་ཨི་ཌི་(Ed Miliband) ལགས་ཀྱིས་དབྱིན་ཇིའི་གཞུང་གིས་ཅ་དངོས་དང་ལག་རྩལ་གྱི་སྤུས་ཚད་ཞན་པའི་རྒྱ་ནག་ལ་ཚོང་འབྲེལ་བྱེད་པ་ལས་རྒྱལ་ཁབ་ནང་ཁུལ་གྱི་བཟོ་ལས་སྲིད་བྱུས་དང་བཟོ་བའི་གླ་ཕོགས་སོགས་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་ནང་ཁུལ་གྱི་གནས་ཚུལ་ལེགས་བཅོས་མ་བྱས་པར་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པ་ཡིན་པའི་རྒྱ་ནག་ལ་དཔུང་བ་མཉམ་གཤིབ་བྱས་ན་གྱོང་ལས་ཁེ་མེད་སྐོར་བརྗོད་འདུག དེ་བཞིན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་རྩོམ་པ་པོ་ལེའུ་ཞའོ་པོ་ ( Liu Xiabbo )ཡི་ཁྲིམས་རྩོད་པ་མའོ་ཞོ་ཕིན་( Mo Shaoping)ལགས་ཀྱིས་ “ ཐེངས་འདིར་དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཁ་ཡ་མ་ཙམ་ཡང་མ་བྱས་པར་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གལ་ཆེན་དུ་བཟུང་པ་དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་རེད’’ཅེས་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་སི་ནི་གཙུག་ལག་སློབ་ཆེན་གྱི་རྒྱའི་རིག་གཞུང་ཚན་ཁག་གི་འགན་འཛིན་ཁེ་རི་(Kerry Brown )ལགས་ཀྱིས་དབྱིན་ཇིའི་སྲིད་བློན་རྒྱ་ནག་ནང་བསྐྱོད་པ་དེ་ནི། ལོ་སྔོན་མའི་ཟླ་ ༥ པའི་ནང་༧ གོང་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེར་སྔར་བྱས་ལ་གྱོད་བཤག་དང་ཕྱིས་འབྱུང་སྤང་བླངས་ཀྱི་ཚུལ་དུ། མ་འོངས་པར་བོད་ཀྱི་གནད་དོན་གླེང་སློང་དང་༧ གོང་ས་མཆོག་ལ་ཐུག་འཕྲད་བྱེད་རྒྱུ་མིན་ཞེས་རྒྱ་ནག་ལ་མགོ་བཏགས་ཞུས་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག

སྲིད་བློན་ཁཱ་མེ་རོན་གྱིས་ ༢༠༡༠ ཟླ་ ༥ པར་སྲིད་བློན་གྱི་འགན་འཁུར་རྗེས་ལོ་དེའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་ལ་ཐེངས་དང་པོར་གཟིགས་སྐོར་གནང་ཡོད་ཅིང་། ༢༠༡༢ ཟླ་ ༥ པའི་ནང་༧གོང་ས་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་སྐབས་སྲིད་བློན་ཁོང་དང་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ་དབྱིན་གཞུང་དང་ཚོང་འབྲེལ་ལས་གཞི་ཁག་ཅིག་ཕྱིར་འཐེན་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese