མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་གསལ་ནང་གསལ་གྱི་རྒྱ་ནག་མི་མང་།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

མཱོ་རོང་ཤོ་ཚུན་གྱིས་བརྩམས། བྱ་གཞུང་དཔལ་ལྡན་རྡོ་རྗེས་བསྒྱུར།  

ཕལ་ཆེར་ཟླ་རེའི་ནང་། ཉེ་རྟོག་པས་ཧྭོད་ཅན་ལ་གུས་ཞབས་དང་བཅས་ཏེ་ ” འཁྱུག་ཙམ་རིང་ཇ་འཐུང་གི་འགྲོ” ཞེས་བརྗོད་སྐབས། ཁོང་གིས་ཇ་དེ་ཁས་ལེན་མ་བྱས་རང་བྱས་ཡིན་པ་ཤེས་ཀྱི་ཡོད། 

པེ་ཅིན་གློག་བརྙན་བསྒྱུར་བསྐྲུན་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་དང་དམར་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཧཱོད་ཅན་གྱིས་ ༢༠༠༨ ལོར་རྩ་ཁྲིམས་ ༠༨ ལ་རྒྱབ་སྐྱོར་མིང་རྟགས་བཀོད། ཉིས་སྟོང་བརྒྱད་ཀྱི་རྩ་ཁྲིམས་བསྒྲགས་གཏམ་ནི་ཅེཀ་སི་ལོ་ཝཱ་ཀི་ཡའི་(Czechoslovakia)ཆབ་སྲིད་ཚོགས་པ་གཅིག་གི་དབང་བསྒྱུར་ལ་ཕེབས་བརྡ་བཏང་བའི་ཕྱི་ལོ་ ༡༩༧༧ ལོའི་རྩ་ཁྲིམས་ ༧༧ ལ་མིག་དཔེ་བལྟས་ཡོད། ཁོང་གིས་རྒྱ་ནག་གི་དམངས་གཙོའི་གླེང་སྟེགས་དང་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ནང་མཉམ་ཞུགས་བྱས། དམར་གསོད་དེའི་ནང་ཁོང་གི་སྤུན་ཉེ་ཞིག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་བྱུང་སྟེ་རྗེས་སུ་གྲོངས་པ་རེད།  

རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཁ་པར་ལ་ལྐོག་ཉན་བྱེད་པ་དང་གློག་འཕྲིན་སྔོག་པ། རྗེས་འདེད་གཏོང་བ་སོགས་བྱེད་ཀྱི་ཡོད། སྐབས་འགར་དཔེར་ན། ཕྱི་ལོ་ ༢༠༡༠ ལོར་ལིག་ཞའོ་པོ་ལ་ཞི་བདེ་གཟེངས་རྟགས་སྤྲད་རྗེས། ཟླ་བ་འགའི་རིང་གཞུང་གི་དབང་འཛིན་པས་ཁོང་རྒྱ་ནག་ལས་ཕྱིར་ཐོན་རྒྱུར་བཀག་སྡོམ་བྱས། ཉེ་དུས་ཀྱི་ཁོང་གི་གླེང་མོལ་ཞིག་གི་སྐབས་སུ་རྒྱ་གཞུང་གི་ཉེན་རྟོག་པས་ “ང་ཚོར་ཁྱོད་ཀྱི་མི་ཚེ་ཡོངས་རྫོགས་ཕྱི་གསལ་ནང་གསལ་ཡིན་” ཞེས་བརྗོད་འདུག 

རྒྱ་ནག་དམར་གཞུང་གིས་ངའི་གྲོགས་པོ་དང་ངོ་ཤེས་བརྒྱ་ཕྲག་འགའ་ཤས་ཧཱོད་ཅན་ལྟར་བཙན་གྱིས་ཕྱི་གསལ་ནང་གསལ་གྱི་མི་ཚེ་སྐྱེལ་དུ་བཅུག དེར་མ་ཟད་སྒེར་གྱི་ཁྱིམ་དུ་གཉེར་བའི་ཡེ་ཤུའི་ཆོ་གའི་འདུ་འཛོམས་དང་། རྩ་རླུང་ཆོས་འཁོར་ཉམས་ལེན་པ། སྤྱིར་བཏང་གི་གཞུང་ལ་ཞུ་གཏུག་བྱེད་མཁན་རྣམས་ལའང་ལྟ་རྟོག་བྱེད་ཀྱི་ཡོད། དེར་བརྟེན་སུ་གཅིག་གིས་ཀྱང་ཁོ་མི་ག་ཚོད་ཅིག་གི་གསང་བའི་མྱུལ་ཞིབ་འོག་བཞག་ཡོད་མེད་ཤེས་ཀྱི་མེད་ལ། དེ་བས་ཀྱང་ང་ཚོས་ལས་ཁུངས་གང་ཞིག་གིས་ལས་དོན་དེར་ལྟ་རྟོག་བྱེད་བཞིན་ཡོད་མེད་ཚོད་དཔག་བྱེད་ཐུབ་ཀྱི་མེད།

ཨི་ཌི་ཝར་ཌི་སུ་ནོ་ཌིན་(Edward Snowden) དོན་རྐྱེན་གྱིས་འཛམ་གླིང་ཡོངས་ལ་གྲང་ཤུར་རྒྱག་པའི་དྲི་བ་ཞིག་བཏོན་ཡོད། སྤྱི་དམངས་ཀྱི་བདེ་འཇགས་ཆེད་མི་མང་ཅི་ཙམ་གྱིས་སྒེར་གྱི་གསང་བ་བློས་བཏང་བ་རེད་དམ། ང་ཚོ་རྒྱ་ནག་གི་མི་ལ་མཚོན་ན་དྲི་བ་འདི་ནི་ཅུང་མ་འདྲ་བ་ཞིག་ཡིན། གུང་ཁྲན་གཞུང་གི་ཆེད་དུ་མི་ཅི་ཙམ་གྱིས་སྒེར་གྱི་གསང་བ་བློས་བཏང་བ་དེ་རེད།   

རྒྱ་ནག་ནི་ཉུལ་ཞིབ་བརྙན་ལེན་པར་ཆས་ཀྱིས་ཡོངས་སུ་བཀབ་ཡོད། སྲང་ལམ་མང་ཆེ་བ་དང་ཚོང་རྭ། འཛིན་གྲྭའི་ནང་སོགས་སུ་བརྙན་ལེན་པར་ཆས་བཙུགས་ཡོད། རྒྱ་ནག་གཞུང་གིས་གནམ་དྲ་(Skynet)ཟེར་བའི་དྲ་འབྲེལ་(Network) དེ་ནི་ཁྲིམས་འགལ་ཉེན་སྲུང་གི་ཆེད་དུ་ཡིན་པར་བརྗོད་ཀྱི་ཡོད་ཀྱང་། ད་ལོའི་ལོ་མགོར་ཅིན་ལིན་(吉林)མངའ་སྡེ་ནང་བྱུང་བའི་ཕྲུ་གུ་དམར་འབྱར་ཞིག་སྣུམ་འཁོར་བརྐུས་པའི་ནང་དམར་གསོད་བྱས་པའི་ཁྲིམས་འགལ་ཉེས་བསགས་དོན་རྐྱེན་དེས། མི་མང་གིས་བརྙན་ལེན་པར་ཆས་དེས་དོགས་ཡོད་ཉེས་ཅན་བརྙན་ཕབ་བྱེད་མ་ཐུབ་པར་སྐྱོན་བརྗོད་བྱས་པ་རེད།  དོན་དངོས་ཐོག་བརྙན་ལེན་པར་ཆས་དེ་ཚོས་ཉེས་བསགས་དོན་རྐྱེན་རིགས་ལ་ཕན་དེ་ཙམ་ཐོགས་ཀྱི་མེད་པ་གསལ་བཤད་བྱས་ཡོད།  

དེ་ལས་ལྡོག་སྟེ། མྱུལ་ཞིབ་དྲ་འབྲེལ་མ་ལག་དེས་ཧྲེང་ཧེ་རུ་སྡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལི་ཐན་ཐན་དམིགས་འབེན་དུ་བཟུང་སྐབས་ནོར་འཁྲུལ་གང་ཡང་ཤོར་མེད། སྐྱེས་མ་ལི་ཡིས་བཤད་རྒྱུར། བདེ་སྲུང་མི་སྣས་ཁོ་མོ་སྐྱེས་པ་ཞིག་དང་མཉམ་དུ་མགྲོན་ཁང་ལ་འགྲོ་བཞིན་ཡོད་པའི་བརྙན་པར་ཞིག་ཁོ་མོའི་དགའ་རོགས་ལ་བསྟན་ཏེ། མོ་རང་བློ་དཀར་མིན་ཚུལ་བཤད་པ་ལྟ་བུ་རེད།

གསང་བའི་མྱུལ་ཞིབ་ཀྱི་དགོས་མཁོ་གཙོ་བོ་སྟངས་འཛིན་དང་འཇིགས་སྐུལ་བྱེད་ཆེད་ཡིན་པ་བརྗོད་ག་ལ་དགོས། ལོ་ངོ་བཅུ་ཕྲག་གཅིག་རིང་ལ།  “བརྟན་ལྷིང་ངམ་སྤྱི་ཚོགས་བདེ་འཇགས་བརྟན་སྲུང་”ཞེས་པ་ནི་གུང་ཁྲན་གཞུང་གི་བསྐྱར་ཟློས་ཡང་ཟློས་བྱེད་ཀྱིན་པའི་ཚིག་ཅིག་རེད། འོན་ཀྱང་འབད་བརྩོན་འདི་ནི་གུང་ཁྲན་ཚོགས་པའི་དབང་ཆ་འཛིན་རྒྱུར་སྐབས་བསྟུན་བྱེད་པའི་སྤྱིར་བཏང་གི་བྱེད་ཐབས་ཤིག་རེད། བདེ་འཇགས་བརྟན་སྲུང་ནི་ཤེས་ཡོན་དང་། འཕྲོད་བསྟེན་ལྟ་སྐྱོང་། རྒྱལ་ཁབ་སྲུང་སྐྱོབ་ལས་ཀྱང་གལ་ཆེ་བར་བརྩི་བཞིན་ཡོད། ༢༠༡༢ ལོའི་གུང་ཁྲན་གཞུང་གི་སྔོན་རྩིས་ནང་རྒྱལ་ནང་བདེ་འཇགས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡༡༡ དང་། རྒྱལ་ཁབ་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡༠༦ ལས་ཀྱང་བརྒལ་ཡོད།

ད་ལྟ་བཙོན་ཁང་དུ་ཡོད་པའི་ ༢༠༡༢ ལོར་ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་དུ་བྲོས་པའི་ཁྲུང་ཆིན་ཉེན་རྟོག་མགོ་དཔོན་ཝང་ལི་ཅོན་དང་། དེ་མིན་ཉེས་བསགས་དོན་རྐྱེན་གཞན་བཅས་ལས་གསང་བའི་མྱུལ་ཞིབ་སྟོབས་ཤུགས་དེ་ཅི་ཙམ་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་འཁྱུག་ཙམ་བལྟས་ན་མཐོང་མཐོང་ཐུབ། ཁོང་གིས་ ༢༠༡༠ ལོའི་རྒྱ་ནག་གི་ལོ་གསར་སྐབས། གསང་བའི་མྱུལ་ཞིབ་མ་ལག་གིས་དོགས་ཡོད་ཉེས་ཅན་ ༤༠༠༠ ཙམ་ཁྲུང་ཆིན་གྲོང་ཁྱེར་ནང་སིམ་འཛུལ་བྱས་པ་ངོས་ཟིན་ཐུབ་སྟེ། ཆུ་ཚོད་གཅིག་གི་ནང་དུ་མང་ཆེ་བ་ཕྱིར་བསྐྲོད་བྱས་ཡོད་པ་སྤོབས་པའི་ཐོག་ནས་བཤད་པ་ལྟ་བུ་རེད། 

དེ་ལྟར་ཡང་རྒྱ་ནག་གི་མི་སེར་མང་ཆེ་ཤོས་ཕྱི་གསལ་ནང་གསལ་གྱི་འཚོ་བ་སྐྱེལ་བར་དེ་ཙམ་སེམས་ཁྲེལ་སྐྱེ་ཡི་མེད། མི་ཁ་ཤས་ཀྱིས་ རྒྱ་ནག་ནང་ཅུང་རང་དབང་ཐོག་བསམ་ཚུལ་བཤད་སའི་སྤྱི་ཚོགས་བརྒྱུད་ལམ་སྟེ་གླེང་སྟེགས་ཐོག་ལའང་ཁྲིམས་མཐུན་དང་ལྟ་རྟོག་རྒྱ་ཆེ་ཙམ་བྱེད་དགོས་མིན་ལ་དྲི་བ་གཏོང་གི་འདུག ༢༠༡༢ ལོར་ཧཱ་ཀྲུང་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རྣམས་ལ་དཔྱད་ཞིབ་བྱས་པའི་གྲུབ་དོན་ནང་། སློབ་ཕྲུག་བརྒྱ་ཆ་ ༥༥ ཡས་མས་ཤིག་གིས་མ་གཏོགས་སློབ་ཕྲུག་གི་ཉལ་ཁང་ནང་མྱུལ་ཞིབ་པར་ཆས་འཛུགས་རྒྱུར་ངོ་རྒོལ་བྱས་མེད་པར་བརྗོད།

ང་རང་འཛེམས་ཟོན་མེད་པའི་རྩོམ་པ་པོ་ཞིག་ལ་མཚོན་ན་སེམས་ནད་ཀྱིས་མནར་གྱི་འདུག ངས་རྒྱུན་དུ་ང་རང་ལ་རྗེས་འདེད་གཏོང་བ་དང་བརྙན་པར་ལེན་གྱི་ཡོད་པར་དོགས་པ་སྐྱེས་ཀྱང་ར་སྤྲོད་གསལ་བོ་ཞིག་བྱེད་ཐབས་བྲལ་སོང་། སྐབས་རེར་ང་ཕྱིར་འཁོར་ཏེ་ཉེ་འཁརོ་ན་ཉེན་རྟོག་པ་ཡོད་མེད་ལ་ལྟ་བཞིན་ཡོད། ང་གྲོགས་པོ་ཚོ་དང་མཉམ་དུ་ཇ་ཁང་ནང་འགྲོ་སྐབས། མར་སྡོད་ཞོར་དུ་ཅོག་ཙེ་འོག་སོགས་སུ་ལྐོག་ཉན་ཡོ་ཆས་བཞག་ཡོད་མེད་ལ་ལྟ་རྒྱུ་དེ་འགོག་ཐུབ་ཀྱི་མི་འདུག

དམར་གཞུང་གི་ལག་ནས་ང་ལ་ཅི་ཞིག་འབྱུང་མིན་མི་ཤེས་པའི་ཞེད་སྣང་དེར་དུས་རྟག་དུ་ནང་སེམས་ཀྱི་འཐབ་འཛིང་བྱས་པ་དེས་ངའི་ལྟ་ཚུལ་ལ་ཤུགས་རྐྱེན་ཐེབས་སུ་བཅུག་སོང་། དེས་ངའི་རྩོམ་བྲིས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་མི་ཤེས་ཀྱང་། ངའི་རྟོག་ཆར་གྱིས་ང་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་ཚུལ་བརྗོད་མོད། འོན་ཀྱང་དེས་ང་རང་ཉིད་ཀྱི་རྟོག་ཆར་ལའང་ཡིད་ཆེས་མི་ཐུབ་པར་བྱས། དེས་མི་གཞན་ཙམ་མ་ཟད་རང་ཉིད་ལའང་ཡིད་ཆེས་བརླག་ཏུ་བཅུག དེ་ནི་གསང་བའི་མྱུལ་ཞིབ་འོག་འཚོ་བ་བསྐྱལ་བའི་མཇུག་འབྲས་ཡ་ང་བ་དེ་རེད། 

ཟླ་འགའི་སྔོན་ལ་གསོལ་སྟོན་ཞིག་གི་ཐོག་ཏུ་ངའི་གྲོགས་པོ་ཞིག་གིས་མི་གཞན་ཞིག་ལ་དམར་ཤོག་ཚོགས་པའི་གསང་ཉུལ་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཐོས། དེ་ནི་གློ་བུར་ཐོལ་རྒྱག་ཏུ་བྱུང་བ་ཙམ་ཡིན་མི་སྲིད། ངའི་ངོ་ཤེས་ཚོའི་ཁྲོད་མི་ཞིག་གིས་ང་ལ་གསང་ཉུལ་བྱེད་ཀྱི་ཡོད་པའི་བསམ་ཚུལ་དེ་འགོག་ཐུབ་ཀྱི་མི་འདུག ངས་མི་ཚང་མར་ལྷག་བསམ་རྣམ་དག་བྱེད་དགོས་སྐོར་རྗོད་ཀྱི་ཡོད་ཀྱང་ངའི་ལྷག་བསམ་ནི་རྣམ་ཀུན་ཏུ་དོགས་པ་ཞིག་དང་མཉམ་དུ་སླེབ་ཡོང་གི་འདུག   

གསང་བའི་མྱུལ་ཞིབ་འོག་གི་མིས་དུས་རྟག་ཏུ་སྤྱི་ཚོགས་ཀྱི་རྒྱུན་ལྡན་འབྲེལ་འདྲིས་རྒྱབ་ལོགས་ཀྱི་ཕ་རོལ་པོའི་ཀུན་སློང་ལ་ལྟ་རྒྱུ་འགོག་ཐུབ་ཀྱི་མི་འདུག ང་ཚོ་རྒྱུས་མེད་ཀྱི་མི་ཞིག་ལ་ཐུག་སྐབས་དོགས་པ་ཟ་བཞིན་ཡོད། རྒྱུས་མེད་ཀྱི་མི་ཞིག་དང་གླེང་མོལ་མི་བྱེད་ཐབས་མེད་ཆགས་ཚེ་ང་ཚོས་རང་གི་སེམས་ནང་གི་སྐད་ཆ་ངོ་མ་བཤད་ཀྱི་མེད། ང་ཚོས་ཅི་ཞིག་བཤད་པ་དེས་རང་ཉིད་ལ་སྐྱོན་འཛུགས་བྱེད་སྤྱད་དུ་བེད་སྤྱོད་གཏོང་སྲིད་པར་འཇིགས་སྣང་བྱེད་ཀྱི་ཡོད། ཉེ་ཆར་ངའི་གྲོགས་པོ་ཞིག་གིས་ང་ལ་བཤད་དོན། ཁོང་གིས་འདས་པའི་ལོ་ངོ་འགའི་ནང་གྲོགས་པོ་ཡག་པོ་གཅིག་ཀྱང་བཟོ་ཐུབ་མ་སོང་ཟེར། གང་ཡིན་ཞེ་ན། ཁོང་མི་གཞན་ལ་ཡིད་ཆེས་བྱེད་རྒྱུ་དཀའ་ངལ་ཡོད་པས་རེད་འདུག

རྒྱ་ནག་གཞུང་གི་ “སྤྱི་ཚོགས་འཆམ་མཐུན་” འཛུགས་སྐྲུན་སྐོར་གླེང་གི་ཡོད་མོད། གལ་སྲིད་ག་ས་གང་དུ་གསང་བའི་མྱུལ་ཞིབ་ཡོ་ཆས་སྣ་ཚོགས་ཀྱིས་ཁེངས་ཏེ། མི་མང་ཡོངས་དོགས་ཟོན་དང་འཇིགས་སྣང་ངང་གནས་བ་ཡིན་ན། ཁ་ཞེ་གཉིས་མེད་ཀྱི་འཆམ་མཐུན་སྤྱི་ཚོགས་ཤིག་ཇི་ལྟར་ཆགས་ཐུབ་བམ། མི་ཕན་ཚུན་ལ་ཡིད་ཆེས་མེད་ཚེ་འཚོ་གནས་གང་འདྲ་ཞིག་ཏུ་སྣེ་ཁྲིད་བྱེད་རྒྱུ་ཡིན་ནམ།  

སྒྱུར་པ་པོའི་མཆན།

གཏམ་བཤད་འདི་ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་མཱོ་རོང་ཤོ་ཚུན་(Murong Xuecun) གྱིས་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ནེའུ་ཡོག་ཏུ་བསྐོངས་པའི་གསང་བའི་མྱུལ་ཞིབ་ཀྱི་ཆེད་དོན་བགྲོ་གླེང་ཞིག་གི་ཐོག་གནང་པ་ལས་བསྒྱུར་སྒྲིག་བྱས་པ་ཞིག་རེད། ཁོང་ནི་དཔེ་དེབ “ང་རང་གཅིག་པུར་འཇོགས་རོགས། ཁྲི་འདུ་ཡི་སྒྲུང་གཏམ་”ཟེར་བའི་རྩོམ་པ་པོ་ཡིན་ཞིང་། རྩོམ་ཡིག་འདིའི་ནང་ཁོང་གིས་གུང་ཁྲན་གཞུང་གིས་དམངས་གཙོ་དོན་གཉེར་བ་ཧཱོད་ཅན་ལ་གསང་བའི་མྱུལ་ཞིབ་བྱས་ཏེ་སུན་གཙེར་བཟོས་པ་དཔེར་དྲངས་ཏེ། མཐར་གསང་བའི་མྱུལ་ཞིབ་འོག་གི་རང་ཉིད་དང་། གསང་བའི་ལྟ་རྟོག་འོག་གི་རྒྱ་ནག་མི་མང་དང་དེའི་ཡ་ང་བའི་མཇུག་འབྲས་སྐོར་གླེང་ཡོད། རྩོམ་ཡིག་འདི་ནེའུ་ཡོག་དུས་བབ་དང་རྒྱ་ནག་གློག་རྡུལ་དུས་བབ་སོགས་བརྒྱུད་ལམ་ཆེ་ཁག་ཏུ་བཀོད་འདུག

མ་རྩོམ་གྱི་འབྲེལ་ཐག http://www.nytimes.com/2013/11/18/opinion/xuecun-the-transparent-chinese.html?_r=0

 

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 2

  1. བཀྲ་ཤིས་སྒྲོལ་མ། says:
    ལོ་ 12 སྔོན།

    དེང་དུས་བབ་དྲྭ་བའི་ཐོག་རྒྱ་རྩོམ་ཇེ་མང་རེད། དོ་སྣང་བྱུང་། ཕལ་ཆེར་བོད་པ་ཆབ་སྲིད་དང་འབྲེལ་བའི་དཔྱད་གཏམ་འབྲི་མཁན་མ་ཡོད་པ་ཡིན་ས་རེད། འདི་ཡང་འགྱུར་བ་ཞིག་རེད། རེ་གཉིས་འབྲི་མཁན་ཡོད་པ་ཡང་ནང་ཁུལ་གྱི་གྱོད་དོན་ཙག་ཙིག་རེའི་དོན་དུ་རྐྱང་རེད་འདུག།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    མཱོ་རོང་ཤོ་ཚུན་གྱིས་ཤོར་བའི་སྐད་ངན་འདི་གོ་སོང་ཡང་། རྒྱ་མི་ཚོ་གནས་སྟངས་འདི་ལ་ཧ་ཅང་དགའ་བོ་ཡོད་རེད། ཡིད་མ་ཆེས་ན་ནུབ་ཕྱོགས་སུ་མང་གཙོ་བཤད་མཁན་དང་རང་ཁ་སོས་ཀྱི་མེད་པའི་རྒྱ་མི་ཐེབས་ཆག་ཚོར་སྐད་ཆ་འདྲི་རུ་ཕེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese