མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་རྣམ་པ་ ༥ ཡུ་རོབ་ནང་ཕེབས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཆོས་རིག་དང་ནང་སྲིད། དཔལ་འབྱོར། ཕྱི་དྲིལ། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་རྣམ་པ་ཡུ་རོབ་ནང་ཕྱོགས་སྐྱོད་གནང་བཞིན་འདུག

བོད་མིའི་སྒྲིག་འཛུགས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་(South Tyrol)གྱི་ཡུ་རོབ་ཤེས་ཡོན་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་བཅས་ཡུལ་དེར་ཕྱོགས་སྐྱོད་གནང་སྟེ། ཡུལ་དེས་ཨི་ཊ་ལི་སྤྱི་མཐུན་རྒྱལ་ཁབ་འོག་རང་སྐྱོང་ལོངས་སུ་སྤྱོད་ཕྱོགས་ཐོག་ཚོགས་འདུ་ཁག་ཅིག་ནང་མཉམ་ཞུགས་གནང་ཡོད་འདུག

བདུན་ཕྲག་རྗེས་མའི་ནང་བཀའ་བློན་རྣམ་པ་བྷེལ་ཇམ་དང་ཧྥ་རན་སི། སུད་སི། འཇར་མན། ནེ་ངྷར་ལན་ཌི་བཅས་སུ་ཕེབས་ཏེ་ས་གནས་བོད་མི་ཚོར་གསུང་བཤད་དང་། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་ཐེངས་ ༢༤ པའི་སྟེང་མཉམ་ཞུགས་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༤ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

མཆན། 6

  1. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    བོད་པའི་བཀའ་བློན་རྣམ་པའི་སྤྲོ་བསང་ཆེན་མོ།

    Reply
  2. གངས་ཕྲུག says:
    ལོ་ 13 སྔོན།

    རིག་པ་འདོན་པ་མང་པོ་ཞིག་གིས་བཀའ་བློན་ཕྱོགས་སྐྱོད་ལ་སྐྱོན་བརྗོད་གནང་དུས་ཏན་ཏན་བདེན་པའི་ཆ་མང་བ་འདུག་སྙམ། བཀའ་བློན་ཁྲི་པ་བློ་སེང་ནས་ག་དུས་ཡིན་ཡང་སྤྱི་ཚོགས་ཀྱི་ཁྲོད་དུ་རང་ཉིད་མ་འོངས་པར་བཀའ་ཁྲི་འཐོབ་རྒྱུ་ཐབས་ཤེས་ཁོ་ན་གནང་བ་དང་ལྷག་པར་བཙན་བྱོན་བོད་མི་རྣམས་དཔལ་འབྱོར་གྱིས་བསླུ་བྲིད་བྱ་རྒྱུའི་ཐབས་ལམ་བཏོན་དང་འདོན་བཞིན་འདུག་པས་ཡིད་གཟབ་དགོས་གལ་ཆེ། བློ་སེང་ལགས། རྗེ་ཙོང་པས། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང། །ཞེས་གསུངས་པ་འདི་ཐུགས་འཇགས་གནང་རོགས་ཞུ།

    Reply
  3. འཇིག་མེད་སེང་གེ་ says:
    ལོ་ 13 སྔོན།

    བཀའ་ཤག་སྔོན་མའི་སྐབས་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་སྲིད་བྱུས་སོགས་བོད་མིའི་དགོས་མཁོ་དང་ཕུགས་ཀྱི་ཁེ་ཕན་ལ་དམིགས་ནས་ལས་འཆར་རབ་དང་རིམ་པར་སྤེལ་ཡོད།
    འོན་ཀྱང་སྐབས་འདིའི་བཀའ་ཤག་གི་ལས་འཆར་ཁག་ནི་མིག་རྒྱང་ཐུང་བ་དང་། ལོ་གཅིག་གཉིས་ནང་ངེས་པར་ཚར་དགོས་པ་ཤ་སྟག་རེད།
    བཀའ་ཤག་སྐབས་འདི་པས་བྱ་ཐབས་གཅིག་དང་དམིགས་ཡུལ་གཅིག་རང་བཟུང་ཡོད། བྱ་ཐབས་ནི་ཁྱབ་བསྒྲགས་མང་ཙམ་བྱས་ནས་གཅིག་བྱེད་ཀྱི་འདུག་མདོག་མདོག་སྟོན་ཡས་དང་། དམིགས་ཡུལ་ནི་སྐབས་རྗེས་མར་བསྐྱར་དུ་འོས་ཐོབ་པ་བྱ་རྒྱུ་དེ་རེད།
    དོན་དངོས་ཐོག་བཀའ་ཤག་སྐབས་འདི་པས་བོད་རྒྱ་ཞི་མོལ་ཐད་ལས་དོན་ག་རེ་བསྒྲུབ་ཡོད་དམ། ཤེས་ཡོན་ཡར་རྒྱས་ཆེད་ཕུགས་ཕན་གྱི་ལས་གཞི་ག་རེ་སྤེལ་ཡོད་དམ། བཙན་བྱོལ་གྱི་སྒྲིག་འཛུགས་སྲ་བརྟན་ཡོང་བར་ལས་འཆར་ག་རེ་སྤེལ་ཡོད་དམ།

    མང་ཙམ་བཤད་པ་ལས་མང་ཙམ་བསྒྲུབ་དགོས་པ་དང་། མང་ཙམ་ཕེབས་པ་ལས་འགོ་འདོན་གཙོ་སྐྱོང་མང་ཙམ་གནང་ན་གལ་མི་ཆེའམ།

    Reply
  4. བསྟན་འཛིན། says:
    ལོ་ 13 སྔོན།

    འགྲིག་གི་འདུག  ཁོ་རང་ཚོའི་ལས་དུས་མ་རྫོགས་བར་ལྟ་སྐོར་གང་མང་མང་དང་།  གཞུང་དངུལ་ག་ཚོད་བཀོལ་སྤྱོད་བྱེད་ཐུབ་ན་ཁོང་ཚོའི་ཁེ་བཟང་རེད།  ཁོང་ཚོའི་དམིགས་ཡུལ་བཙན་བྱོལ་བོད་གཞུང་ལྷངས་འཇགས་ངང་གནས་རྒྱུ་དེ་གཅིག་པོ་རེད།  དེ་མིན་ཁོང་ཚོར་དམིགས་ཡུལ་ཅི་ཡང་མེད་པ་བློ་སེང་གིས་ཡང་ཡང་བཤད་པ་ལྟར་རེད།  

    Reply
  5. བསྟན་པ། says:
    ལོ་ 13 སྔོན།

    སྤྱིར་བཏང་བཀའ་བློན་རྣམ་པ་དང་ལས་ཀྱི་སྣེ་མོ་བ་ཚོ་ལས་ཁུངས་ནང་འཛུལ་མ་བསྡད་པར་ཕྱོགས་ཕེབས་གནང་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཉེ་ལམ་སྐུ་ངོ་རྣམ་པ་ཕྱོགས་ཕེབས་དེ་ཏོག་ཙམ་གོ་སྒྲིག་ཡག་པོ་རང་བྱུང་མེད་པའི་རྣམ་པ་ཞིག་བྱུང་། ཡུ་རོབ་སྡོད་མཁན་བོད་མི་ཞིག་གི་བཤད་པ་ལྟར་ན། ཉེ་ལམ་བདུན་གཅིག་གཉིས་ནང་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་། དེ་ནས་བཀའ་བློན་ལྔ་སོགས་བསྟུད་མར་ཕེབས་ནས་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་པ་ཚོ་ལའང་སྣེ་ལེན་གཅིག་རྗེས་གཉིས་མཐུད་བྱས་དགོས་པ་དང་། མི་མང་ཚོ་ཡང་བཀའ་སློབ་མང་དྲག་ནས་སུན་སྣང་གི་ཚོར་བ་བྱུང་ལུགས་སོགས་གོ་རྒྱུ་འདུག

    སླད་ནས་ཕྱོགས་སྐྱོད་གནང་ན་གཅིག་རྗེས་གཉིས་མཐུད་མིན་པར་འཆར་གཞི་ལྡན་པ་ཞིག་གི་དགོས་འདུག དེ་མིན་ན་མི་མང་སྙོབས་སྣང་དང་གོ་སྒྲིག་པ་ཚོ་ཡང་སུན་སྣང་སྐྱེས་ངེས་རེད།

    ཕྱོགས་ཕེབས་དང་འབྲེལ་བའི་གནད་དོན་དེ་ལས་གལ་ཆེ་བ་ཞིག་ནི་ད་ལྟ་སྐུ་ངོ་ཚོ་ཕེབས་སའི་ས་གནས་དེ་དག་གི་བོད་མི་དང་ཡུལ་མི། རྒྱལ་ཁབ་གང་གི་ཆ་ནས་དེ་དག་བོད་དོན་ལ་རྟག་ཏུ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་ཡོད་པ་རེད་པ། ཡང་ནས་ཡང་དུ་མཇལ་རྒྱུ་གལ་ཆེན་པོ་ཡིན་ཀྱང་མང་དྲག་ན་ཞེ་སུན་སྐྱེད་སྲིད། དེ་ལས་ལྡོག་ཏེ་དཀྱིལ་ཤར་ཡུལ་ལུང་། ཨ་ཕི་རི་ཀ ལྷོ་ཨ་མི་རི་ཀ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་བོད་དོན་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་སྐུལ་སྤེལ་ཐུབ་ན་ཕན་འབྲས་ཆེ་བར་མཐོང་།

    གཅིག་བྱས་ན་ཡུལ་ལུང་འདི་ཚོའི་ནང་མཐུན་རྐྱེན་ཞན་པ་དང་སྣེ་ལེན་མེད་པས་ཟ་རྒྱུ་འདུག་གནས་ལ་སྐྲག་ནས་སྐུ་ངོ་ཚོ་ཕེབས་རྒྱུར་འཛེམས་སོན་བྱེད་ཀྱི་ཡོད་པ་ལྟ་བུའི་སྣང་བ་ཞིག་བྱུང་གི་འདུག ང་ཚོ་རང་བཙན་ནི་རྩོད་ཀྱི་མེད་པས་ངེས་པར་དུ་ལུང་པ་དེ་དག་གིས་གདུང་སེམས་མཉམ་བསྐྱེད་བྱེད་དང་བྱེད་བསམ་གྱི་འདུག

    Reply
  6. ལྷག་པ་ཕུན་ཚོགས། says:
    ལོ་ 13 སྔོན།

    བཀའ་བློན་ལྔ་ཡོ་རོབ་ན་རྒྱུག་བསྡད་འདུག སྲིད་སྐྱོང་རྒྱལ་ཁབ་གཞན་ཞིག་གི་ནང་འཁྱམས་བསྡད་ཡོད་པ་བཤད་མ་དགོས་པ་རེད། ཁ་སང་དེ་རིང་གངས་སྐྱིད་ཕལ་ཆེར་བཀའ་བློན་གཅིག་ཀྱང་མེད་པའི་དུས་ཚོད་ཅིག་ཏུ་ཁེལ་ཡོད་ཚོད་འདུག
    དེང་སྐབས་གངས་ཅན་སྐྱིད་གཞུང་གི་མགོ་ཁྲིད་ཚོས་ཕྱི་རྒྱལ་ཁག་ཏུ་རྒྱུག་འགྲན་གནང་གི་ཡོད་པ་འདྲ། ཉེ་ལམ་སྤྱི་འཐུས་ཚོགས་གཙོ་སོགས་མི་ལྔ་དྲུག་ཤིག་ཡོ་རོབ་ནང་དང་དབྱིན་ལན་སོགས་སུ་སྐོར་མྱུལ་བྱེད་ཀྱིན་འདུག་ཟེར་ནས་གསར་འགྱུར་ནང་སླེབས་སོང་། དེ་རིང་སླར་ཡང་བཀའ་བློན་ཚང་མ་ཡོ་རོབ་གནང་སྐོར་མྱུལ་རྒྱག་གི་ཡོད་པའི་གནས་ཚུལ་ཞིག་སླེབས་སོང་། འདི་ག་རེ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese