མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་རང་ལུས་མེར་བསྲེཊ་གནང་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་མདོ་རྨ་ཆུའི་ཆུ་ཁ་མ་ཡུལ་ཚོའི་རང་ལོ་ ༣༠ ཡིན་པའི་དཀོན་མཆོག་ཚེ་བརྟན་ཞུ་བ་ཞིག་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་ལ། ཨ་མདོ་རྔ་པ་ཁུལ་རྔ་པ་རྫོང་དམེ་རུ་མ་ཡུལ་ཚོའི་ཁྲོམ་གཞུང་དུ་དཀོན་མཆོག་ཚེ་བརྟེན་ཞུ་བ་ཞིག་གིས། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། སྐབས་དེར་ཁོང་གི་ལུས་སྟེང་དུ་མེ་འབར་བཞིན་དུ་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས” ཞེས་སྐད་འབོད་གནང་བཞིན་ཡར་རྒྱུག་མར་རྒྱུག་བྱས་རྗེས་སར་འགྱེལ་ཡོད་འདུག

ངྷ་སར་གནས་བཞུགས་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་བསླེབས་ཏེ་ཁོང་བཙན་འཁྱེར་བྱས་སྐབས། ས་གནས་བོད་མི་ཚོས་བཀག་འགོག་བྱས་པར་བརྟེན་ཡུལ་མི་དང་ཉེན་རྟོག་པའི་བར་རྩོད་རྙོག་བྱུང་སྟེ། ས་གནས་བོད་མི་འགའ་འཛིན་བཟུང་བྱས་ཡོད་པ་དང་། མཐར་ཉེན་རྟོག་པས་ཁོང་བཙན་འཁྱེར་བྱས་ཡོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ཆུང་མ་ནམ་སྣང་ལགས་དང་གཉེན་འབྲེལ་འགའ་ཞིག་ཀྱང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

དེ་རིང་ནས་བཟུང་དམེ་རུ་མ་ཡུལ་ཚོའི་ཐོག་གི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱག་ཏུ་བཅུག་ཡོད་པ་མ་ཟད། སྲང་ལམ་དུ་ཁ་པར་རྒྱག་མཁན་རྣམས་ཀྱི་ཁ་པར་ཡང་བཙན་འཕྲོག་བྱས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྟབས། ད་ལྟའི་ཆར་ཁོང་ཤི་གསོན་གང་ཡིན་དང་ཁྱིམ་མིའི་གནས་སྟངས་སོགས་གསལ་བོ་ཤེས་རྟོགས་བྱུང་མི་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་དམེ་རུ་མའི་ཡུལ་ཚོའི་ཐོག་བོད་མི་བརྒྱ་གྲངས་ཤིག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས། ཉེན་རྟོག་པས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་མ་ཟད། རྒྱལ་གཅེས་དཔའ་བོ་ཁོང་གིས་ཞི་རྒོལ་ལ་སྣེ་འཁྲིད་བྱས་པའི་ཉེས་མིང་འོག རྒྱ་གཞུང་ལ་མགོ་འདོགས་དགོས་པའི་བཀའ་རྒྱ་བཏང་བར་བརྟེན་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། ད་ལོའི་དབྱར་ཁར་ཁོང་གིས་སྤུན་མཆེད་ཅིག་ལ། རྒྱ་གཞུང་གི་བཙན་གནོན་འོག་བོད་མི་ཚོས་དཀའ་སྡུག་དང་མནར་གཅོད་གང་མང་མྱོང་བཞིན་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེག་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་དང་། སྐབས་དེར་སྤུན་མཆེད་དེས་རང་ལུས་མེར་བསྲེག་མ་གཏོང་ཞེས་བསླབ་བྱ་བརྒྱབ་ཡོད་ཀྱང་། ཁོང་གིས་སེམས་ཐག་བཅད་ཟིན་ལུགས་བརྗོད་ཡོད་འདུག 

རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོ་རྒྱུ་ལག་རུ་ཆེན་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་བསམ་ཁོ་དང་ཨ་མ་མིང་ལ་འོ་དགའ། ཆུང་མའི་མིང་ལ་ནམ་སྣང་ཟེར་ཞིང་། ཁོ་མོ་རང་ལོ་ ༢༨ ཡིན་འདུག ཁོང་བཟའ་མི་གཉིས་ལ་བུ་གཉིས་ཡོད་པ་ལས། ཆེ་བ་ཕྱག་རྡོར་སྐྱབས་ལོ་ ༤ དང་། ཆུང་བ་དཔལ་རྩལ་སྐྱབས་ལོ་ ༣ ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 4

  1. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    ངས་འདི་བཞིན་བསམ་བློ་བཏང་ཡོང་དུས། ཤི་བོ་རྣམས་འདི་ལྟར་མུ་མཐུད་དེ་ཤི་འགྲོ་བཞིན་འདུག་ཅིང་། གསོན་པོ་རྣམས་ཀྱིས་ཤི་བོ་དག་གི་རེ་འདུན་དེ་རྣ་རྒྱབ་ཀྱི་བསེར་བུ་ལྟ་བུར་ཆགས་འདུག་པས། སྐད་མཚམས་འདི་ནས་བསམ་བློ་གནད་ལ་ཕབ་ནས་སྐད་ཆ་དྲང་མོ་ཞིག་མི་བཤད་ག་མེད་བྱུང་། འོན་ཀྱང་། སྐད་ཆ་འདི་བཤད་བདེ་བོ་ཞིག་གཏན་ནས་མ་རེད། རྒྱུ་མཚན་ནི། གལ་ཏེ་རང་ལུས་མེར་བསྲེགས་བྱས་པར་སྙིང་བོ་མི་འདུག་ཅེས་བཤད་པ་ཡིན་ན། རྒྱལ་གཅེས་དཔའ་བོ་༡༢༤ ལྷག་གི་རང་སྲོག་ཆུད་ཟོས་སུ་འགྲོ་བར་ཉན་ཁ་འདུག་པས། སྐད་ཆ་འདི་ཡང་བཤད་ཕོད་པ་ཞིག་མ་རེད། དེ་མིན་རང་ལུས་མེར་བསྲེགས་བྱས་ན་ཡག་རབས་བཤད་ན། དེ་ཡང་བཤད་བདེ་བོ་ཞིག་མ་རེད། རྒྱུ་མཚན་ནི། འདི་ལྟར་བོད་རིགས་སྤུན་ཟླ་མང་བོ་ཞིག་གིས་རང་སྲོག་ཆུད་ཟོས་སུ་འགྲོ་བཞིན་འདུག གང་ལྟར་ངས་ལྟས་ན། འདི་ལ་བཙན་བྱོལ་ནང་གི་ཚོགས་པ་ཁག་གཅིག་གིས་མར་མེའི་ཁྲོམ་སྐོར་ཙམ་བྱེད་ནས་འགྲིགས་ཐབས་མི་བྱེད་པར། བཙན་བྱོལ་གཞུང་ངོས་ནས་གནད་དུ་སྨིན་པའི་བྱ་འགུལ་ཞིག་ཅི་ནས་ཀྱང་སྤེལ་དགོས། དེ་མིན༸གོང་ས་མཆོག་ལྟ་བུའི་གནད་ཡོད་མི་སྣ་ཞིག་གིས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་དག་ལ། དེ་ལྟར་མ་བྱེད་རོགས་ཞེས་བཀའ་སློབ་ནན་མོ་ཞིག་བསྩལ་དགོས་པར་སེམས། གལ་ཏེ་ང་འདི་བཞིན་གྲགས་འགུལ་གང་ཡང་མེད་པར་རོ་ཐོག་ལ་རོག་བརྩེགས་ནས་འགྲོ་རྒྱུ་ཡིན་ན། ནམ་ཞིག་གནས་སྟངས་འདི་ལག་པ་འཆངས་ས་མེད་ས་ཞིག་ཆགས་རྒྱུར་གདོད་མི་ཟ་བས་ན། ཛ་དྲག་གི་གནས་སྟངས་འདིའི་ཕྱོགས་ལ་ཀུན་གྱིས་སྣང་མེད་མི་བྱེད་པར་རིག་པ་བསྒྲིམས་པའི་དུས་ཚོད་རེད་ཅེས་ཞུ་འདོད་བྱུང་། བློ་བཟང་མདོ་བསྔགས་མིང་བས་རྡ་ས་ནས།

    Reply
  2. སྣང་གསལ། says:
    ལོ་ 13 སྔོན།

    དཀོན་མཆོག་ཚེ་བརྟན་ལགས་སུ་གུས་འདུད་དང་སྨོན་ལམ་ཡོད་་་་་

    Reply
  3. ཀརྨ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ལ་གདོང་ཤུགས་དྲག་པོས་གུས་འདུད་ཞུ། ཁྱེད་ཀྱི་རེ་བའི་འབོད་སྒྲ་ལྟར་བོད་གཞིས་བྱེས་མཉམ་འཛོམས་མགྱོགས་ནས་མྱུར་དུ་ཡོང་བར་ཤོག ཡིན་ནའང་རྒྱ་དམར་གཞུང་ལ་སྡུག་རྩུབ་ཧ་ཅང་ཆེ་ཞིང་སེམས་ཁོང་ཧ་ཅང་ནག་སྟབས། ད་དུང་ཁྱེད་དང་ཁྱེད་ལྟ་བུ་གྲངས་མེད་བྱུང་སྟེ་བོད་གཞིས་བྱེས་གཉིས་ནས་ཚེ་སྲོག་གི་འགྲོ་སོང་གྲངས་མེད་ཅིག་མ་བཏང་བར་ཡོང་ཐབས་མེད་པ་མིག་མཐོང་ལག་ཟིན་ཡིན་དུས་ད་དུང་བོད་གཞིས་བྱེས་གཉིས་ནས་ཧུར་སྐྱེད་གནང་སྟེ་ཞི་དྲག་གཉིས་ཐོག་ནས་འཐབ་རྩོད་མུ་མཐུད་ནས་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  4. བསོད་ནམས་ཕུན་ཚོགས། says:
    ལོ་ 13 སྔོན།

    བོད་ནང་གི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་དག་ལ་གུས་འདུད་ཞུ། ང་ཚོ་བཙན་བྱོལ་ནས་གྲངས་ཀ་བགྲང་སྟེ་སྡོད་རྒྱུ་ཡིན་ནམ། བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པའི་ཡུ་རོབ་ཁག་ཏུ་བོད་དོན་ཞུ་གཏུག་གི་མིང་ཐོག་ནས་སྤྲོ་འཁྱམ་བཏང་ནས་བསྡད་འདུག ད་དུང་སྤྱི་འཐུས་ནང་ཕྱི་རྒྱལ་ཁག་ཏུ་འགྲོ་རྒྱུར་རྩོད་རྙོག་ཅིག་ཀྱང་ཡོད་རབས་འདུག གལ་སྲིད་བཙན་བྱོལ་ནས་བོད་དོན་བསྒྲུབ་མི་ཐུབ་ན་བོད་ནང་ཁ་སངས་པོ་བྱེད་ཚད་རེད། བསམ་བཞིན་དུ་མེ་ནང་ལ་ལྕེབ་བཅུག་ན་ང་ཚོའི་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese