མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་གཞོན་པའི་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་གཞོན་པ་ཇོ་བྷ་ཌན་མཆོག་བདུན་ཕྲག་ཅིག་རིང་ཉི་ཧོང་དང་རྒྱ་ནག དེ་བཞིན་ལྷོ་ཁོ་རི་ཡ་ནང་གཟིགས་སྐོར་གྱིས་མཚོ་གླིང་སྐོར་གླེང་སློང་བྱ་རྒྱུ་ཡིན་འདུག

ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ཇོ་བྷ་ཌན་(Joe Biden)ཟླ་འདིའི་ཚེས་ ༢ ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་ཉི་ཧོང་དང་རྒྱ་ནག་ནང་སྐོར་སྐྱོད་གནང་མགོ་བཙུགས་ཡོད་ཅིང་། དེ་ནི་ཉེ་ཆར་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁུལ་དུ་མཁའ་ཐོག་སྲུང་སྐྱོབ་ཀྱི་དབྱེ་མཚམས་ཐིག་ཚད་ཕྱིར་བསྒྲགས་བྱས་པ་དེར་ཉི་ཧོང་དང་ལྷོ་ཁོ་རི་ཡ་གཙོས་རྒྱལ་ཁབ་ཁག་གིས་ངོས་ལེན་བྱས་མེད་པ་མ་ཟད། ཁོང་ཁྲོ་ཆེན་པོ་ལངས་ཏེ་མཚོ་ཁུལ་དུ་དམག་དཔུང་རྒྱ་སྐྱེད་ཀྱི་ཡོད་སྟབས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དམག་འཐབ་ཡོང་ཉེན་ཡོད་པ་དེ་ཞི་འཇགས་ཡོང་ཐབས་སུ་གྲོས་མོལ་གནང་འཆར་ཡོད་འདུག

སྲིད་འཛིན་གཞོན་པ་ཇོ་བྷ་ཌན་མཆོག་གིས་ཉི་ཧོང་ནང་གཟིགས་སྐོར་གྱིས་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་(Shinzo Abe)ལགས་མཇལ་འཕྲད་གནང་སྟེ་མཚོ་གླིང་སྐོར་གླེང་སློང་དང་སྦྲགས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཉི་ཧོང་དང་རྒྱ་ནག་བར་གྱི་ཞི་བདེ་རྒྱ་མཚོའི་མཚོ་གླིང་རྩོད་རྙོག་དེ་ཕན་ཚུན་ལ་ཡིད་ཆེས་ཀྱི་ཐོག་ནས་གྲོས་མོལ་བརྒྱུད་སེལ་རྒྱུ་གལ་ཆེན་ཡིན་པ་དང་། ཨ་རིའི་གཞུང་གིས་ཉི་ཧོང་གིས་འཛིན་པའི་མཚོ་གླིང་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཁག་ཏུ་ཨ་རི་ཉི་ཧོང་གི་ཕྱོགས་སུ་ལངས་ཏེ་སྐད་ཆ་ཤོད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གྷེན་ཡང་ཤིན་(GengYansheng)ལགས་ཀྱིས་ཀྱང་། ཨ་རིས་གཙོས་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་ཕྱིར་བསྒྲགས་བྱས་པའི་མཚོ་གླིང་མཁའ་ཐོག་སྲུང་སྐྱོབ་དབྱེ་མཚམས་ཐིག་ཚད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང༌། རྒྱ་ནག་གིས་རང་གི་མངའ་ཁོངས་མཁའ་ཐོག་སྲུང་སྐྱོབ་ཀྱི་སྲིད་བྱུས་འཛིན་པའི་ཐོབ་ཐང་དང་དབང་ཚད་ཆ་ཚང་ཡོད་སྟབས། གཞན་གྱི་བཤད་སྤྱོད་དེ་དག་ལ་ངོས་ལེན་གང་ཡང་བྱེད་ཀྱི་མེད་ཅེས་སོགས་བརྗོད་འདུག  

མིང་སྨོས་མེད་པའི་ཨ་རིའི་ཕོ་བྲང་དཀར་པོའི་མི་སྣ་ཞིག་གིས་རྒྱ་ནག་ནི་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཡོང་ཐབས་ཐད་མེད་དུ་མི་རུང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། ཇོ་བྷེ་ཌིན་གྱིས་ཐེངས་འདིར་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེར་བཟུང་སྟེ་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱེད་པ་ལས་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱབ་ཏུ་བསྐྱུར་ནས་ཞི་བདེ་རྒྱ་མཚོའི་མཚོ་གླིང་གི་རྩོད་རྙོག་ནང་འཛུལ་མི་རུང་སྐོར་བརྗོད་ཡོད་འདུག

རྒྱ་ནག་སྤྱི་ཚོགས་ཚན་རིག་སློབ་ཆེན་གྱི་ཨ་རིའི་སློབ་གསོ་ཚན་ཁག་གི་ཉམས་ཞིབ་པ་ཐའོ་ཝང་ཀྲོ་(Tao Wenzhao) ལགས་ཀྱིས། རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁུལ་དུ་མཁའ་ཐོག་སྲུང་སྐྱོབ་ཀྱི་དབྱེ་མཚམས་ཐིག་ཚད་བཟོས་པར་ཨ་རིས་ངོས་ལེན་བྱས་མེད་པ་དེས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཐད་དོ་ཕོག་ཆེན་པོ་ཕྱིན་ཡོད་སྐོར་བརྗོད་འདུག

ད་ལྟ་ཇོ་བྷེ་ཌིན་རྒྱ་ནག་ནང་གཟིགས་སྐོར་གྱིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་འཛིན་གཞོན་པ། དེ་བཞིན་སྲིད་བློན་ལེ་ཁཱ་ཅང་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་ཀྱིས་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་གཙོ་བོར་གྱུར་བའི་གནད་དོན་ཁག་ཅིག་གི་ཐོག་གྲོས་མོལ་བྱ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༤ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. བསོད་ནམས་ཕུན་ཚོགས། says:
    ལོ་ 13 སྔོན།

    རྒྱ་ནག་དང་ཇ་ཕན་གྱི་གནས་ཚུལ་ཛ་དྲག་ཇེ་ཆེར་འགྲོ་བ་དང་མཉམ་དུ་ཇ་པན་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་བཏང་སྟེ་རྒྱ་ནག་ལ་སེམས་ཚབ་སློང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese