མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་བཞུ་སྣོད་དུ་གྱུར་སོང་།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

—-ཌེས་མཱོན་ཊུ་ཊུ་ཡིས་མཱན་ཌེ་ལ་གླེང་བ། འཇམ་དབྱངས་གྲགས་པས་བསྒྱུར།

ལོ་ངོ་ཉི་ཤུ་རྩ་བདུན་ཙམ་གྱི་རིང་ངས་ནེལ་སཱོན་མཱན་ཌ་ལ་མཆོག་སྙན་གྲགས་ཁོ་ནར་བརྟེན་ནས་ངོ་ཤེས་ཀྱི་ཡོད། གཅིག་སྟོང་དགུ་བརྒྱ་ལྔ་བཅུའི་ནང་དུ་ཁོང་ངའི་དགེ་ཐོན་སློབ་གྲྭར་བགྲོ་གླེང་ཞིག་གི་སྐབས་གཟུ་དཔང་བར་ཕེབས་སྐབས་ཐེངས་ཤིག་མཇལ་མྱོང་ཡོད་ལ། ངས་ཁོང་མཇལ་བ་ཐེངས་རྗེས་མ་དེ་གཅིག་སྟོང་དགུ་བརྒྱ་དགུ་ཅུའི་ལོར་རེད། ཁོང་བཙོན་ཁང་ནས་ཕྱིར་ཐོན་དུས་མི་མང་པོ་ཞིག་གིས་ཁོང་གིས་སྔོ་ལོ་འཕྱར་མི་ཡོང་ངམ་སྙམ་པའི་ཞེད་སྣང་བྱས་མྱོང་། སྐབས་དེར་ཁོང་གི་སྙན་གྲགས་དེ་རྒྱུན་བསྲིང་ཐུབ་ངེས་རེད་སྙམ་པའི་ལྟ་ཚུལ་དེ་བདེན་པར་རློམ་ཁག་པོ་རེད།

ཨ་ཧྥི་རི་ཀའི་རྒྱལ་ཡོངས་སྲིད་དོན་ཚོགས་པའི་ཚོགས་མི་འགས་ཁོང་བཙོན་ཁང་ཕྱི་རུ་ཡོད་པ་ལས་ནང་དུ་ལུས་ན་བེད་སྤྱོད་ཆེ་བ་འདུག་ཅེས་བརྗོད་ཡོད་རབས་ཀྱི་སྐད་ཆ་ཞིག་ཀྱང་ཁྱབ་སོང་། ཡིན་ཡང་ཁོང་ཕྱིར་ཐོན་རྗེས་བྱུང་མ་མྱོང་བའི་གནས་ཚུལ་ཞིག་བྱུང་བ་རེད། ལྷོ་ཨ་ཧྥི་རི་ཁའི་མི་རིགས་དཀར་པོའི་ཚོགས་པ་མང་པོས་དེ་དུས་སུའང་ཁོང་འཇིགས་སྐུལ་རིང་ལུགས་པར་བརྩི་བཞིན་ཡོད་ནའང་ཁོང་གིས་ཁོ་ཚོའི་གནས་བབ་རྒྱུས་ལོན་གནང་ཐབས་གནང་ཡོད། ཁོང་གི་གནང་ཕྱོགས་དེ་བརྒྱ་བཤད་སྟོང་བཤད་པ་ལས་ཀྱང་གོ་བརྡ་ཡག་པོར་འཕྲད་སོང་། དཔེར་ན་ཁོང་གིས་ཁོང་བཙོན་དུ་འཇུག་མཁན་མི་རིགས་དཀར་པོའི་མི་དེ་ཁོང་གི་སྲིད་འཛིན་ཁྲི་འདོན་མཛད་སྒོར་གལ་ཆེའི་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་དང་། རི་བོ་ནི་ཨཱ་རུ་ཁོང་ཁྲིམས་མུན་དུ་འཇུག་མཁན་དེ་གུང་ཚིགས་སུ་གདན་དྲངས་པ་ལྟ་བུ་རེད།

འདི་དག་ནི་ཅི་འདྲའི་ཁོག་ཡངས་དཀྱེལ་ཆེའི་གནང་སྟངས་ཤིག་རེད་ཨང་། ཁོང་ཁྲིམས་མུན་དུ་འཇུག་མཁན་དེ་ཁོང་དམར་གསོད་བྱེད་དགོས་པར་སྐུལ་མ་བྱེད་མཁན་དོ་གལ་ཆེ་བ་ཞིག་རེད། མཱན་ཌ་ལ་མཆོག་གིས་ད་དུང་ཨ་ཧྥི་རི་ཁའི་སྲིད་དོན་མགོ་ཁྲིད་འདས་པོ་དག་གི་ཆུང་མ་ཚོའང་སྲིད་འཛིན་གྱི་འདུག་སྟེགས་སུ་མགྲོན་འབོད་གནང་ཡོད། ༡༩༦༦ ལོར་དམར་གསོད་བཏང་བའི་སྲིད་དོན་པ་བེར་ཝོར་ཌའི་ཆུང་མ་བྷེ་ཚེ་ལགས་གཟུགས་ཕུང་མི་བདེ་བའི་རྐྱེན་པས་ཕེབས་ཐུབ་མེད། ཁོ་མོ་ཨ་ཧྥི་རི་ཁ་བ་རྣམས་གནས་སྡོད་བྱ་སའི་གྲོང་ཨོ་རཱན་ཇེ་ལ་སྡོད་ཀྱི་ཡོད། མཱན་ཌ་ལ་ལས་དོན་ཡོངས་རྫོགས་བསྐྱུར་ནས་ས་དེ་རུ་ཁོ་མོ་དང་མཉམ་དུ་ཇ་འཐུང་བར་ཕེབས་ཡོད།

ཁོང་ལ་གཞན་དག་ལ་བསམ་ཤེས་བྱེད་པའི་ནུས་པ་ངོ་མཚར་བ་ཞིག་ཡོད། རང་དབང་གི་འོས་བསྡུ་བྱེད་པར་ཞི་མོལ་བྱེད་སྐབས་ཁོང་གིས་ཁེ་དབང་སྤྲད་པ་དེ་ཚོ་ཧ་ལས་པ་རེད། དཔོན་བྷུ་ཐེ་ལེ་ཛིས་འདི་དགོས་དང་དེ་དགོས་སོགས་དགོས་འདུན་བཏོན་པ་ཚང་མར་ཁོང་གིས་འགྲིག་དང་འགྲིག་ཅེས་བཀའ་ལན་གནང་ཡོད། ཨ་ཧྥི་རི་ཁའི་སྲིད་དོན་ཚོགས་པའི་ཚོགས་མི་མང་པོས་ཨིན་ཀ་ཐ་དེ་རང་དབང་གི་ལས་འགུལ་ངོ་མ་ཞིག་མ་རེད་ཅེས་པར་ཁོང་བློ་ཕམ་ཚད་མེད་བྱུང་ཡོད། ཁོང་གིས་ཁོང་གི་ལས་རོགས་རྣམས་དང་གྲོས་བསྡུར་བྱས་མེད་ནའང་བྷུ་ཐེ་ལེ་ཛིས་བཀའ་ཤག་ཏུ་གོ་གནས་མཐོ་གྲས་ཤིག་དགོས་ལབ་ཀྱང་ཁས་ལེན་བྱེད་པར་གྲ་སྒྲིག་ཡོད་ཅེས་གསུངས་ཡོད། ཁོང་གིས་འདི་དག་གནང་དོན་ནི་རྒྱལ་ཁབ་ཁྲག་གི་རྒྱ་མཚོར་མི་བྱིངས་བའི་ཆེད་དུ་རེད། ཁོང་གིས་ཨ་ཧྥི་རི་ཁ་བ་རྣམས་ལ་ཁྱེད་རྣམས་ཀྱིས་ཁོང་ཚོས་ཚོར་བ་ཤེས་ཐུབ་ངེས་ཅེས་གསུངས་ཤིང་། མི་ནག་པོ་མང་པོས་ཨ་ཧྤི་རི་ཀའི་སྟོབས་ཤུགས་ཀྱི་མཚོན་རྟགས་སུ་བརྩི་མི་འདོད་པའི་ལྷོ་ཨ་ཧྥི་རི་ཁའི་རྐང་སྤོལ་གྱི་མཚོན་རྟགས་རུག་བྷ་ཨི་བེད་སྤྱོད་དེ་ཁོང་ཚོར་བཅར་ཡོད།

རུག་བྷ་ཨི་ནི་མི་རིགས་དཀར་པོའི་རྩེད་མོ་རེད། ཨ་ཧྥི་རི་ཀ་བ་སྤྱི་དང་ཡང་སྒོས་མཱན་ཌ་ལ་མཆོག་གིས་འཛམ་གླིང་རྩེད་འགྲན་ཆེན་མོར་རླབས་ཆེན་གྱི་བྱ་བ་ཞིག་བྱས་པ་ནི་ཁོང་བལ་སླས་སྟོད་ཐུང་ཞིག་བསྣབས་ནས་རྩེད་ཐང་དུ་གོམ་ཞེང་ཆེན་པོས་ཕེབས་པ་དེ་རེད། སྐབས་དེར་སྲིད་དོན་གྱི་མགོ་ཁྲིད་སུ་ཞིག་ཡིན་ཡང་རྐང་འཁོབ་ལག་འཁོབ་ཏུ་གྱུར་ཡོད་སྲིད་ཀྱང་ཁོང་ནི་གདེང་ཚོད་ཡོད་པའི་ཐོག་ནས་ཕེབས་ཡོད། བརྒྱ་ཆ་གོ་དགུ་ཙམ་ཨ་ཧྥི་རི་ཁ་བ་མི་རིགས་དཀར་པོ་ཡིན་པའི་རྩེད་ར་དེར་ “ནེལ་སཱོན། ནེལ་སཱོན”ཅེས་པའི་སྒྲས་ཁེངས། དེ་ནི་སྤྱིར་བཏང་ཞིག་ག་ལ་ཡིན། གྲོང་རྡལ་ཚོར་རུག་བྷ་ཨིའི་རྒྱལ་ཁ་སྲུང་བརྩི་བྱ་སྲིད་བསམ་པ་ཞིག་སུའི་བློ་ལ་འཁོར་ཡོད་རྒྱུ་ཡོད།

༡༩༩༢ ལོར་བྷོའི་པ་ཏོང་རྡེབ་གསོད་བྱུང་སྟེ་མི་ ༤༢ ལྷག་གྲོངས་སྐབས་ངས་ཁོང་ཐུགས་ཁྲོས་པ་མཐོང་བྱུང་། ཨ་ཧྥི་རི་ཁའི་རྒྱལ་ཡོངས་སྲིད་དོན་ཚོགས་པས་ཞི་མོལ་བྱེད་མཚམས་བཞག་ཡོད་ཅིང་། ཁོང་གི་གདོང་མདོག་སྨུག་པོར་ཆགས་འདུག ཁོང་གིས་གསུངས་ན་གསང་བའི་ལས་ཁུངས་ཀྱིས་སྲིད་འཛིན་ FW ཌེ་ཁེ་ལེར་ཁ་ལ་ཉེན་རྟོག་ཁང་དང་ཨིན་ཀ་ཐའི་བར་དུ་གསང་བའི་འབྲེལ་བ་འདུག་ཅེས་ཉེན་བརྡ་བཏང་ཡོད་ཅེས་གསུངས། ཌེ་ཁེ་ལེར་ཁས་ཉེན་བརྡ་དེ་སྣང་མེད་བཏང་བ་ཡིན་ནམ་མིན་ང་ལ་གསལ་ཁ་མེད། ཁོང་གིས་ང་ཚོ་མི་རིགས་ནག་པོའི་མི་ཚོའི་འཚོ་གནས་ལ་སྙིང་པོ་མི་འདུག་གསུངས་བྱུང་།

ཡང་སྐབས་གཞན་ཞིག་ཏུ་ཁོང་གིས་ང་ལ་ཁོང་དང་ཌེ་ཁ་ལེར་ཁ་གཉིས་ཨོ་སི་ལོ་རུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོར་བཅར་སྐབས་ཁོང་བློ་ཕམ་སྐྱེ་གཞིའི་གནས་ཚུལ་ཞིག་བྱུང་གསུངས། དེར་རུ་ཁག་ཅིག་གིས་ ‘ནི་ཀོ་སི་སི་ཀེ་ལེལ་ཨ་ཧྥི་རི་ཀ་’ཞེས་པའི་རང་དབང་འཐབ་རྩོད་ཀྱི་གླུ་གཞས་དེ་གཏོང་བཞིན་པའི་སྐབས་ཌེ་ཁེ་ལེར་ཁེ་དང་ཁོའི་ཆུང་མ་གཉིས་གླུ་དེ་མ་རྫོགས་བར་དུ་སྐད་ཆ་བཤད་ནས་བསྡད་པ་ལས་གུས་ཞབས་གཏན་ནས་བྱས་མ་སོང་གསུངས།

ཡིན་ཡང་ཁོང་གི་ཁོང་ཁྲོ་དེ་ཁོང་གི་བཟོད་བསྲན་དང་དཀྱེལ་ཡངས་ལས་ཆེ་བ་ཞིག་མ་རེད། མི་ཚོས། ཁོང་གིས་གཞུང་བསྐྱངས་པའི་རིང་གི་བྱས་རྗེས་ལ་གཟིགས་དང་། ལོ་ངོ་ ༢༧ ཙམ་བཙོན་ཁང་དུ་བསྐྱལ་བ་དེ་ནི་ཅི་འདྲའི་གྱོང་གུན་ཞིག་རེད་ཨང་ཟེར་མོད། ངས་བལྟས་ན་ཁོང་གི་བཙོན་གྱི་དུས་སྐབས་དེ་ནི་ཡོད་དགོས་ངེས་རེད་སྙམ། གང་ལགས་ཤེ་ན་ཁོང་བཙོན་དུ་འགྲོ་དུས་ཁོང་ཁྲོ་ཟ་ཡོད་ལ། ལྟོས་ས་ལྟོས་འཇོག་གིས་ཁོང་ལོ་ཤིན་ཏུ་གཞོན་པ་དང་དྲང་བདེན་ལམ་ནོར་དུ་ཁྲིད་པའི་མྱོང་བ་ཞིག་ཀྱང་ཡོད་པ་རེད། སྐབས་དེར་ཁོང་སྲིད་སྐྱོང་མི་སྣ་ཞིག་མ་རེད་ལ། ཁོང་ལ་གུ་ཡངས་བཏང་བའི་བསམ་བློའང་མེད། དེ་དུས་ཁོང་ནི་དྲག་སྤྱོད་སྤེལ་བར་ནམ་ཡང་གྲ་སྒྲིག་ཡོད་པའི་སྲིད་དོན་ཚོགས་པའི་དམག་སྤྱི་ཆེན་མོ་རེད།

བཙོན་གྱི་དུས་ཚོད་ནི་བཞུ་བྱེད་ཀྱི་སྣོད་རེད། དེས་མི་ཁ་ཤས་ཇེ་སྡུག་ཏུ་གཏང་སྲིད་ཀྱང་མི་ཁ་ཤས་ཇེ་བཟང་དུ་གཏོང་གིན་ཡོད། བཙོན་ཁང་ནི་སྙིགས་མ་རྣམས་འཚིག་པར་བྱེད་པའི་སྣོད་དེར་གྱུར་སོང་། མི་ཚོས་ཁོང་ལ་ “ཁྱེད་ཀྱིས་ལས་སླ་པོས་གུ་ཡངས་སྐོར་བཤད་ཀྱི་འདུག་སྟེ། ཁྱེད་སྡུག་པོ་མྱངས་མྱོང་མེད་པས། ཁྱེད་ཀྱིས་ག་རེ་ཧ་གོ” ཅེས་ལབ་ཐབས་མེད། ལོ་ངོ་ཉེར་བདུན་གྱིས་ཁོང་ལ་ང་ཚོས་གུ་ཡངས་དཀྱེལ་ཆེའི་བྱེད་ཅེས་བརྗོད་ཆོག་པའི་དབང་ཆ་སྤྲད་ཟིན།

ཁོང་གི་མི་ཚེའི་གས་ཁ་ཞིག་ནི་ཁོང་དང་ཝི་ནི་གཉིས་ཀྱི་བར་དུ་ཅི་ཞིག་བྱུང་བ་དེ་རེད། ཁོང་ཝི་ནི་ལ་ངོ་མ་ཤིན་ཏུ་དགའ་མྱོང་། ཁོང་བཙོན་ལས་གྲོལ་རྗེས་ངས་ཁོང་གཉིས་ཤོ་སའི་གསོལ་ཚིགས་ཤིག་ལ་གདན་འདྲེན་ཞུས་པ་ཡིན། ཁོང་གཉིས་དེར་བསྡད་དུས་ཁོང་གཉིས་ལས་བརྩེ་དུང་གིས་མྱོས་པ་གཞན་ཞིག་བློ་ངོར་འཆར་དཀའ། ཡིན་ཡང་དེ་ནི་ཤིན་ཏུ་ན་ཟུག་ཆེ་བ་ཞིག་ཏུ་གྱུར་སོང་། ཁོང་གིས་གྷ་ར་ཁ་རྙེད་པ་དེ་ཤིན་ཏུ་དགའ་འོས་པ་ཞིག་རེད། ཡིན་ཡང་ཝིན་ནིས་དཀའ་ངལ་ཆེན་པོ་མྱངས་ཡོད་པས་སེམས་སྐྱོ་དགོས་པ་ཞིག་ཀྱང་རེད། ཁོང་གཉིས་ཀྱིས་མི་ཚེ་ལྷག་མ་དེ་དགའ་སྤྲོའི་ངང་བསྐྱལ་ཡོད་ན་དེ་ནི་ལྷ་སྒྲུང་དེའི་མཇུག་བསྡུ་སྟངས་ལེགས་ཤོས་སུ་གྱུར་ཡོད་ངེས།

མཱན་ཌ་ལ་མཆོག་ལ་རྗེས་དྲན་ཞུ་སྟངས་ཡག་ཤོས་ནི་ཁོང་གིས་གང་མགོ་བརྩམས་ཡོད་པ་དེ་མཇུག་བསྐྱང་རྒྱུ་དེ་རེད། ཁོང་གིས་གསུངས་གསལ་བཞིན་མཐའ་མར་མི་སུའང་མེད་དུ་མི་རུང་བ་མ་རེད། ཁོང་གིས་ཁོང་ནི་ཨ་ཧྥི་རི་ཁའི་རྒྱལ་ཡོངས་སྲིད་དོན་ཚོགས་པའི་ཚོགས་མི་རྣལ་མ་ཞིག་ཡིན་ལ། ལས་འགུལ་ལས་གལ་ཆེ་བའི་མི་སྣ་སུ་ཡང་མེད་གསུང་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཀྱང་རེད། འཛམ་གླིང་གི་ས་ཆ་གང་དུ་དབུ་ཁྲིད་བྱེད་འདོད་པའི་མི་སུ་ཞིག་ཡིན་ཡང་འདིར་ཚོད་ཤིང་དེ་ཡོད་པ་ཤེས་ཡོད་ངེས། ཁོང་ཚོས་ཁོང་ཚོ་རང་ཉིད་ལ་ངས་ཇི་ལྟར་ཚོད་འཇལ་ལམ་ཞེས་འདྲི་རྒྱུ་དེ་གནད་ཀྱི་དོན་པོ་རེད།

ཌཱེས་མཱོན་ཊུ་ཊུ་ལགས་ནི་ཡེ་ཤུ་བླ་ཆེན་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་རེད།

(གྷར་ཌི་ཨན་ཞེས་པའི་དྲ་བ་ལས་བླངས་ཏེ་བསྒྱུར།)

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese