མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱུག་བྲོ་བའི་བོད་མི་རིགས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

(རྩོམ་ཡིག་འདི་ནི་བོད་ནས་རྒྱ་ཡིག་གི་ཟིན་བྲིས་ཤིག་ཏུ་བཀོད་འདུག་ཞིང་རྩོམ་པ་པོའི་མཚན་བྲིས་མི་འདུག)

                                                                                              བསྟན་ཟླ་ནས་བསྒྱུར།

ཨ་རིའི་མི་ཡིས<<སྐྱུག་བྲོ་བའི་ཨ་རིའི་མི།>>ཞེས་བྲིས་མྱོང་ཞིང་། ཉི་ཧོང་གི་མི་ཡིས་<<སྐྱུག་བྲོ་བའི་ཉི་ཧོང་གི་མི། >>ཞེས་བྲིས་ཡོད་པ་དང་། སྐུ་ཞབས་བཱོ་ཡང་(柏杨)གིས་<<སྐྱུག་བྲོ་བའི་ཀྲུང་གོའི་མི། >>ཞེས་བྲིས་ཡོད། དེ་བས་ང་ཚོས་ཅིའི་ཕྱིར་<<སྐྱུག་བྲོ་བའི་བོད་མི་རིགས།>>ཞེས་འབྲི་མི་རུང་པ་རེད། ཡང་ན་ང་ཚོའི་མི་རིགས་འདི་དེ་འདྲའི་ཕུལ་དུ་བྱུང་བའམ་ཁྱད་དུ་འཕགས་པ་ཞིག་ཡོད་པ་ཡིན་ནམ། ངས་བསམ་པར་ང་ཚོ་ནི་མི་རིགས་དེ་དག་ལས་ཀྱང་སྐྱུག་བྲོ་བ་ཞིག་རེད། དེ་ཡང་ངས་སྐད་ཆ་འདི་བཤད་དུས་སྤུན་ཟླ་མང་པོ་ཞིག་གིས་མི་རིགས་ཀྱི་ཞབས་འདྲེན་ཞུ་མཁན་ཟེར་ནས་ང་ལ་སྡིགས་མོ་བྱེད་རྒྱུ་ཡིན་པ་ངས་ཧ་ཅང་གསལ་བོར་ཤེས་ཀྱི་ཡོད། རྒྱུ་མཚན་ནི་ང་ཚོའི་མི་རིགས་འདི་ལ་སྐྱོན་བརྗོད་དང་དུ་ལེན་པའི་སྙིང་སྟོབས་དང་ནོར་འཁྲུལ་ངོས་ལེན་བྱེད་པའི་ཁོག་རྒྱ་དེ་མེད།

 

གྲོགས་པོ་ལགས། དུས་རབས་ཉེར་གཅིག་གི་དུས་འདིར་ང་ཚོས་ཅིའི་ཕྱིར་ཕྱོགས་མང་པོ་ཞིག་ནས་མི་རིགས་གཞན་རྣམས་ཀྱི་རྗེས་སུ་སྙེག་མ་ཐུབ་པ་རེད་དམ་ཞེས་ཁྱོད་ཀྱིས་དྲན་མྱོང་ངམ། ང་ཚོ་མི་མང་པོ་ཞིག་ང་ཚོའི་མི་རིགས་འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་ལྡན་པའི་མི་རིགས་ཤིག་ཡིན་ཞེས་ཟེར་རྒྱུར་ཤིན་ཏུ་དགའ་བ་མ་ཟད། ད་དུང་ང་ཚོ་ནི་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཀྱང་ཡིན་ཞེས་ཤོད་ཀྱི་ཡོད། གཅིག་བྱས་ན་ལོ་ངོ་བརྒྱ་ཕྲག་མང་པའི་ཡར་སྔོན་དུ་དེ་འདྲ་ཞིག་ཡིན་སྲིད་མོད། འོན་ཀྱང་ད་ལྟའི་ཆར་ང་ཚོ་བོད་མི་རིགས་ཀྱི་ཁ་མདོག་དང་ངོ་གདོང་ཆ་ཚང་འགྱུར་ཚར་ཡོད།  

 

སྐུ་ཞབས་བཱོ་ཡང་(柏杨)ལགས་ཀྱིས་གསུངས་རྒྱུར།“གལ་ཏེ་མི་རྣམས་མི་གཤིས་དང་བྲལ་ནས་ཡ་རབས་སྤྱོད་བཟང་རྣམས་བརླགས་སོང་བ་ཡིན་ན་དུད་འགྲོ་དང་ཁྱད་པར་གཏན་ནས་མེད།” ཅེས་ཟེར། དེང་སྐབས་ང་ཚོ་མི་རིགས་འདིའི་གཤིས་རྒྱུད་ཉམས་རྒུད་ཚད་མེད་ཕྱིན་ཏེ་བཅོས་ཐབས་བྲལ་བའི་ཚད་དུ་ལྷུང་ཡོད། འོན་ཀྱང་། དོན་དངོས་འདི་མི་ག་ཚོད་ཅིག་གིས་ངོས་ལེན་བྱ་སྲིད་དམ། དེས་ན་གླེང་སློང་གི་ཕྱིར་དུ་ངས་རྩོམ་ཡིག་ཐུང་ངུ་འདི་འབྲི་རྒྱུའི་སེམས་ཐག་གཙང་བཅད་བྱས་པ་ཡིན་ཞིང་། ངའི་རེ་བར་མཁས་དབང་གང་མང་གིས་སྐབས་དོན་གང་མང་ཞིག་གླེང་བར་བྱ།

༡ ༽ ཟང་ཟིང་གིས་ཁེངས་པའི་རྒྱ་ཡུལ་དུ་ཡོད་ནའང་ཆོག ལྷིང་འཇགས་སུ་གནས་པའི་སྤུ་ཧྲེང་དུ་ཡོད་ནའང་རུང་། ངའི་སེམས་ནང་དུ་དུས་རྟག་ཏུ་དྲན་པ་ནི་ལྷ་སའི་ཁྲོམ་གཞུང་ན་ལག་པ་གཉིས་པོ་བསྲིངས་ཏེ་མི་གཞན་ལས་དངུལ་དང་ཟས་སློང་མཁན་གྱི་ན་གཞོན་ཁྱུ་ཚོགས་དེ་རེད། ཅིའི་ཕྱིར་ཁོ་ཚོས་སོ་སོའི་ལག་པ་གཉིས་པོ་དེ་སྤྱད་ནས་རང་ཁ་རང་གསོ་མ་བྱས་པ་རེད། ཅིའི་ཕྱིར་མ་མཐར་ཡང་ཁོ་ཚོ་ལ་རང་ཉིད་ཀྱི་ཆེ་མཐོང་དང་བརྩི་མཐོང་གང་ཡང་མེད་སོང་བ་རེད། ངས་བསམ་ན་འདི་ནི་གནད་དོན་ཆུང་ངུ་ཞིག་གཏན་ནས་མ་རེད། འདི་ནི་ཏན་ཏན་ང་ཚོ་བོད་རིགས་ཡོངས་རྫོགས་ལ་ཐུན་མོང་དུ་ཡོད་པའི་གཤིས་རྒྱུད་ཀྱི་ལྐོག་ནད་ཅིག་རེད། དེའི་ཕྱིར་ང་ཚོས་ངེས་པར་དུ་ཕྱར་གྲུ་མཉམ་འདེགས་བྱས་ཏེ། ང་ཚོ་བོད་མི་རིགས་འདིའི་སེམས་རྒྱུད་ཀྱི་ཟབ་སར་འཐིམ་ཟིན་པའི་རེག་དུག་གི་ན་ཚ་འདི་རྦད་དེ་རྩ་མེད་བཟོ་དགོས། 
༢༽ སྦགས་བཙོག་དང་ལེ་ལོ། རྗེས་ལུས། ང་ཚོས་ང་ཚོའི་མི་རིགས་འདི་འཕྲོད་བསྟེན་ལ་གལ་གནད་ཅུང་ཙམ་ཡང་མི་བརྩི་བའི་མི་རིགས་ཤིག་ཡིན་པ་ངོས་ལེན་བྱེད་དགོས། གྲོང་གསེབ་ཁག་ཏུ་ང་ཚོ་བོད་མི་ཕལ་ཆེ་བས་གཟུགས་པོ་བཀྲུ་རྒྱུའི་གོམས་གཤིས་གཏན་ནས་མེད་ཅིང་། དེའི་མ་ཚད་གྲོང་སྡེ་ཁག་མང་པོར་སྐྱེས་པ་ཚོས་རྐང་པ་གཏན་ནས་མ་བཀྲུ་སྟབས་དྲི་ངན་གྱིས་མི་རྣམས་མགོ་ཡོམ་འཁོར་དུ་འཇུག་གི་ཡོད། ང་ཚོས་རང་ཉིད་ཀྱི་ལུས་པོའི་ཆ་ཤས་རེ་རེ་ལ་ཞིབ་བལྟ་ཞིག་བྱོས་དང་། ཚང་མ་ཧ་ཅང་གིས་ནག་བཙོག་རེད་མི་འདུག་གམ། བོད་མི་མང་པོ་ཞིག་སྐྲ་རིང་པོར་འཇོག་རྒྱུར་དགའ་བོ་ཡོད་ཀྱང་། བཀྲུ་རྒྱུ་ཉོབ་སྣང་སྐྱེས་ཏེ་མིའི་མིག་ལམ་དུ་སྦགས་ཤིང་བཙོག་པོ་ཟ་ངེ་ཟིང་ངེ་རུ་སྣང་།

 

ད་དུང་ང་ཚོ་མི་མང་པོ་ཞིག་ལ་སེན་མོ་འཐོག་རྒྱུའི་གོམས་གཤིས་མེད་སྟབས། སེན་མོ་རྣམས་ནི་རིང་ཞིང་ནག་པའི་དྲེག་པས་ཁེངས་ནས་ཡོད། བོད་པའི་གྲོགས་པོ་མང་པོ་ཞིག་གིས་ང་ལ “ཁོ་ཚོའི་ཕྱི་གཟུགས་དང་གྱོན་གོས་རྣམས་སྦགས་བཙོག་དང་དྲེག་པ་ཅན་ཡིན་ཡང་། ནང་གི་སེམས་པ་དཀར་པོ་ཡིན་ཟེར།” ངས་ཡང་ནས་བསྐྱར་དུ་བསམ་གཞིག་བྱས་པའི་རྗེས་སུ། ད་གཟོད་གཞི་ནས་ངས་ཁོ་ཚོས་དེ་ལྟར་ལབ་པའི་དགོས་པ་དང་རྒྱུ་མཚན་ནི་གོང་གི་སྐད་ཆ་དེ་གུ་ཡངས་གཏོང་བའི་ཆེད་དུ་ཡིན་པ་རྟོགས་སོང་། གལ་ཏེ་ནང་གི་སེམས་པ་དཀར་པོ་ཡིན་ན། ཕྱི་གཟུགས་གཙང་མ་ཡིན་མི་ཆོག་པ་རེད་དམ། ནང་སེམས་པ་ཡིན་ནའང་ཆོག ཕྱི་གཟུགས་པོ་ཡིན་ནའང་རུང་། ཚང་མ་དཀར་ཞིང་གཙང་བ་ཡིན་ན་དེ་ནི་མཆོག་ཏུ་གྱུར་བ་ཞིག་མ་རེད་དམ། ངས་ང་ཚོའི་ཞིང་འབྲོག་ཁུལ་དུ་མི་མང་པོ་ཞིག་ལ་གློ་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེ་ཡང་མཐར་གཏུགས་ན་འཕྲོད་བསྟེན་ཡག་པོ་མེད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད་འདུག

 

ད་དུང་སྤུན་ཟླ་མང་པོ་ཞིག་ནི་ང་ཚོའི་མི་རིགས་འདི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཡིན་ཟེར་ནས་འུར་བསྟོད་བྱ་རྒྱུ་ལ་ཤིན་ཏུ་དགའ་པོ་ཡོད་དེ། ང་ཚོའི་ལས་ལ་བརྩོན་པ་དེ་གང་དུ་ཡོད། ཇ་ཁང་ནང་ཡོད་དམ་ཆང་ཁང་ནང་ཡོད། ཡང་ན་ཉལ་ཐུལ་ནང་ཡོད་པ་རེད། ངས་ང་ཚོའི་མི་རིགས་ཀྱི་མདུན་སྐྱོད་བསམ་བློ་དེ་མི་རིགས་གཞན་པ་རྣམས་ལས་ཧ་ཅང་གིས་ཞན་པ་ཤེས་རྟོགས་བྱུང་། གོང་གི་ཤེས་ཡོན་པ་དག་ནས་བཟུང་འོག་གི་འབངས་མི་སེར་གྱི་བར་དུ། ལས་དོན་ཆུང་ངུ་ཞིག་འགྲུབ་པ་དང་ལས་འགན་ཆེན་པོ་ཞིག་འགྲུབ་པ་ལྟར་བྱས་ཏེ་དགའ་སྤྲོ་སྐྱེས་ཤིང་འདོད་བློ་ཚིམས་ཏེ། དུས་དེ་ནས་བཟུང་མདུན་སྐྱོད་ཀྱི་བསམ་བློ་གཏན་ནས་མེད། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་རིན་ཐང་ལྡན་པའི་བསམ་བློའི་དཔེ་དེབ་གྲངས་མང་པོ་ཞིག་འགྲེམས་སྤེལ་བྱས་ཀྱང་། དེ་རྣམས་བལྟ་ཀློག་བྱེད་ཡོད་མཁན་གྱི་བོད་མི་ནི་ཧ་ཅང་གིས་ཉུང་ཉུང་ཞིག་ཡིན་སྟབས་མདུན་སྐྱོད་ཀྱི་བསམ་བློ་མེད་པའི་མི་རིགས་དེ་ཡར་རྒྱས་ཇི་ལྟར་འགྲོའམ།

 

༣༽ ང་ཚོ་ནི་སྙིང་སྟོབས་དང་སྒེར་ཚུགས་མེད་པའི་མི་རིགས་ཤིག་རེད། ཤེས་ཡོན་པ་ཡིན་ནའང་ཆོག འབངས་མི་སེར་ཡིན་ནའང་རུང་། ཚང་མ་སྙིང་སྟོབས་དང་སྒེར་ཚུགས་མེད་མཁན་ཤ་སྟག་རེད། དབང་འཛིན་པ་ཞིག་དང་འཕྲད་མ་ཐག ང་ཚོས་ལྕེ་ནར་ནར་བརྐྱངས་ཤིང་མགོ་བོ་བྱིལ་བྱིལ་བྱས་ཏེ།  གུས་གུས་ཞུམ་ཞུམ་བྱེད་པ་ལས་གཞན་ཅི་ཞིག་བྱེད་ཐུབ། ངས་ངའི་ཉེ་འཁོར་དུ་བོད་མི་མང་པོ་ཞིག་མཐོང་བྱུང་། ཁོ་ཚོ་ལ་དངུལ་སྒོར་ཉུང་ཉུང་ཞིག་དང་ཁེ་འབབ་ཅུང་ཙམ་ཞིག་སྤྲོད་མཁན་བྱུང་ན། ཁོ་ཚོ་ནི་རྒྱུག་ཁྱི་ཞིག་དང་འདྲ་བར་ག་དུས་ཡིན་ནའང་མི་གཞན་གྱིས་བེད་སྤྱོད་བཏང་ཆོག་ཆོག་ཡིན་པ་མ་ཟད། མཐའ་ན་གཞི་རྩའི་ཀུན་སྤྱོད་དང་འགལ་བའི་ལས་རིགས་ཀྱང་བྱེད་ཀྱི་འདུག

 

དབང་འཛིན་པ་(བླ་མ་རྣམས་ཁོངས་སུ་གཏོགས།)དེ་དག་གིས་བཀའ་མངགས་ཤིག་ཕེབས་པ་དང་། ཁོ་ཚོས་བཟང་ངན་དབྱེ་འབྱེད་གཏན་ནས་མ་བྱས་པར་གུས་གུས་ཞུམ་ཞུམ་གྱིས་ལག་ལེན་དུ་བསྟར་རྐྱང་བྱེད་ཀྱི་ཡོད། ཐང་ཨཱ་ཆས་ (土耳其)ཀྱི་ཁ་རྒྱུན་དུ་”རང་ཉིད་ཀྱི་རྐང་པ་གཉིས་ཀྱི་སྒང་ལ་དྲང་ཚུགས་ཀྱིས་ལངས་ཐུབ་པའི་མི་དེ་ནི་སྤུས་མོ་ས་ལ་བཙུགས་ནས་གུས་གུས་ཞུམ་ཞུམ་བྱེད་མཁན་གྱི་གྲགས་ཅན་མི་སྣ་ལས་གཟི་བརྗིད་ཆེ།”ཞེས་ཟེར། དེ་རིང་དོན་ངོ་མར་ང་ཚོའི་མི་རིགས་འདི་ལ་སོ་སོའི་རྐང་ཐོག་ཏུ་དྲང་ཚུགས་ཀྱིས་ལངས་ཐུབ་པའི་མི་སྣ་ག་ཚོད་ཡོད་དམ། ངས་བསམ་པར་ཧ་ཅང་གིས་གྲངས་ཀ་ཉུང་ཉུང་མཛུབ་རྩེར་བགྲང་རྒྱུ་ཙམ་ལས་མེད། དེར་བརྟེན། སྙིང་སྟོབས་དང་སྒེར་ཚུགས་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ང་ཚོ་བོད་མི་རིགས་ཀྱི་ད་ལྟའི་མི་རབས་འདི་ལ་ལྷ་ཡུལ་གྱིས་བཀར་བའི་འགན་འཁྲི་ཞིག་ཡིན།

 

༤༽ བོད་མི་རིགས་ནི་མནའ་བསྐྱལ་རྒྱུ་ལ་ཆེས་དགའ་བའི་མི་རིགས་ཤིག་ཡིན་ཞིང་། མནའ་བསྐྱལ་ཡུལ་ནི་སོ་སོས་དད་པ་དང་ཡིད་ཆེས་བྱ་ཡུལ་གྱི་ལྷ་དང་བླ་མ། ཡང་ན་སྟོན་པ་དང་ཕ་མ་སོགས་ཡིན། ངས་རྟོག་ཞིབ་བྱས་པར་གཞིག་ན། མི་མང་པོ་ཞིག་གིས་མནའ་བསྐྱལ་བའི་རྒྱུ་མཚན་ནི་མི་གཞན་རྣམས་རང་ཉིད་ཀྱི་སྐྱག་རྫུན་ལ་ཡིད་ཆེས་བྱེད་པའི་ཆེད་དུ་རེད་འདུག་ལ། དེང་སྐབས་དོན་མེད་དུའང་མནའ་བསྐྱལ་རྒྱུ་ལ་དགའ་བའི་བོད་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྐྱག་རྫུན་བཤད་རྒྱུར་གོམས་གཤིས་ཆགས་ཚར་བའི་བོད་མི་ཡང་ཇེ་མང་ནས་ཇེ་མང་ཡིན། ཁོ་ཚོ་ནི་ཟེར་སྒྲོས་དང་འཁྱལ་གཏམ་འཆད་ཉན་བྱ་རྒྱུ་ལ་དགའ་ཞིང་། ཁོ་ཚོའི་ཁ་གང་བོ་སྐྱག་རྫུན་གྱིས་ཁེངས་པས་ཡིད་བརྟན་བྱ་རུང་བ་ནི་གཅིག་རྐྱང་མེད།

 

ནཱོ་པུའི་ཨཱ(诺贝尔)ཡིས་གསུངས་རྒྱུར“སྐྱག་རྫུན་ནི་ཉེས་དམིགས་ཁྲི་ཡི་རྩ་བ་ཡིན།”ཞེས་ཟེར། རེད་ལགས། མི་རིགས་ཤིག་ལ་མཐའ་ན་གཞི་རྩའི་ཡིད་བརྟན་ཡང་མེད་ན། མི་རིགས་དེ་འཛམ་གླིང་འདིའི་སྒང་གི་མི་རིགས་གཞན་རྣམས་ཀྱི་མིག་ལམ་དུ་མཐོང་ཚུལ་གང་འདྲ་ཞིག་ཏུ་ལྷུང་ཡོད་པ་གསལ་བོར་རྟོགས་ཐུབ་པ་ཞིག་རེད། སྐུ་ཞབས་མཱ་ཁུ་ཐང་བཱན་(马克吐温)གྱིས”དྲང་པོ་ནི་བདེན་པ་དང་སྙིང་སྟོབས་ཀྱི་ཐོན་རྫས་ཡིན་”ཞེས་ཟེར། དེ་བས་ང་ཚོའི་མི་རིགས་འདི་ནི་དྲང་བདེན་མིན་ལ་སྙིང་སྟོབས་ཀྱང་མེད་པར་ར་སྤྲོད་བྱས་ཡོད། སྤུན་ཟླ་ཚོས་ད་དུང་མཚན་སྙན་ལྡན་པའི་རྩོམ་པ་པོ་ཀླད་ཧྥང་ཐཱོ་སྲི་ཐཱེ(列夫托儿斯泰)ཡིས་གསུངས་པའི་སྐད་ཆ་ལ་གཅིག་ཉོན་དང་། ཁོང་གིས”སྐྱག་རྫུན་མ་བཤད། བདེན་པར་མ་སྐྲག”ཅེས་ཟེར།

 

༥༽ བོད་མི་རིགས་ནི་ཁེ་འབབ་ལ་རྔམ་པའི་མི་རིགས་ཤིག་རེད། གནས་སྐབས་ཀྱི་ཁེ་འབབ་ཅུང་ཙམ་གྱི་ཆེད་དུ། མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་སྐད་དང་རིག་གཞུང་ཡོད་ཚད་སྣང་མེད་དུ་སྐྱུར་གྱི་ཡོད་ཅིང་། མེས་པོ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་སྤྱད་དེ་དར་སྤེལ་དང་རྒྱུན་འཛིན་བྱས་པའི་རིན་ཐང་བྲལ་བའི་སྐད་དང་རིག་གཞུང་དག་ངོ་ཚ་ཁྲེལ་གཞུང་དང་ཤ་ཚ་སྙིང་རྗེ་མེད་པར་སྐྱུར་བཞིན་ཡོད། ལྷག་པར་དུ་དཔོན་པོ་ཡིན་ཟེར་ནས་གོ་ས་མཐོན་པོ་བཟུང་བའི་དབང་འཛིན་པ་དང་། ཤེས་ཡོན་པ་རྣམས་ཀྱིས་གནས་སྐབས་ཀྱི་ཁེ་ཕན་ཆུང་ཆུང་ཞིག་གི་སླད་དུ། སྐད་དང་རིག་གནས་ཀྱི་ལོ་རྒྱུས་རང་བཞིན་གྱིས་བཀར་བའི་འགན་འཁྲི་སྟེ་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་ལ་མི་རིགས་ཀྱི་རིག་གཞུང་དག་སློབ་ཁྲིད་མ་བྱས་པ་མ་ཟད། ད་དུང་རང་རིགས་ཀྱི་སྐད་ཡིག་སྦྱོང་ན་ངོ་ཚར་སྣང་སྟེ། ཁོ་ཚོའི་ཁྱིམ་གཞིས་སུ་ཕ་མེས་རྣམས་ཀྱི་བསླབ་བྱ་དང་ཕ་སྐད་སྙན་པོའི་དབྱངས་རྟ་རྣམས་རྣ་བར་ཐོས་རྒྱུ་གཏན་ནས་མེད། ཡིན་ནའང་། དེ་ལས་ལྡོག་སྟེ་ཁོ་ཚོ་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་སྔོན་ཐོན་ཅན་གྱི་ཤེས་ཡོན་པ་དང་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུའི་ཡོན་ཏན་ཅན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་མི་རིགས་ཤིག་གི་བླ་སྲོག་ལྟ་བུའི་ཡོན་ཏན་ཅན་རྣམས་ཀྱི་ཚད་གཞི་ཡང་འདི་ལྟར་གནས་སྐབས་ཀྱི་ཁེ་འབབ་ཆུང་ངུ་ཞིག་གི་སླད་དུ། མི་རབས་ནས་མི་རབས་ལ་བརྒྱུད་པའི་མི་རིགས་ཀྱི་ཁེ་བཟང་དེ་བློས་གཏོང་བྱེད་མཁན་ཤ་སྟག་ཡིན་ན་མི་མང་དཀྱུས་མ་ཚོ་ནི་དེ་བས་ཀྱང་སྨོས་ཅི་དགོས།

 

༦༽ བོད་མི་རིགས་ཆེས་འཕོངས་བྱེད་ཀྱི་གནད་དོན་གཅིག་ནི་མཐུན་སྒྲིལ་མེད་པ་དེ་ཡིན་ཏེ། ཆོས་ལུགས་བར་གྱི་དབྱེ་འབྱེད་དང་། ས་ཁུལ་ཕན་ཚུན་གྱི་ཕྱོགས་རིས། ཆེ་ས་ནས་དབུས་གཙང་དང་ཨ་མདོ། ཁམས་པ་ཕན་ཚུན་གྱི་ཕྱོགས་རིས་དང་། ཆུང་ས་ནས་གྲོང་སྡེ་བར་གྱི་དབྱེ་འབྱེད་རེད། ཁྱོད་རང་བོད་ཁུལ་དུ་ཞིབ་བལྟ་ཞིག་བྱེད་དུ་སོང་ན། འདི་ལྟ་བུའི་དབྱེ་འབྱེད་དང་ཕྱོགས་རིས་ནི་གང་སར་མཐོང་རྒྱུ་ཡོད། ཞིང་འབྲོག་ཁུལ་དུ་བོད་མི་ཕལ་ཆེ་བས་གྲི་བཏག་ཡོད་ཅིང་། དེ་ནི་ནང་ཁུལ་འཁྲུག་འཛིང་དང་གསོད་རེས་བྱ་བྱེད་ལས་བེད་སྤྱོད་གཞན་པ་གང་ཡང་མེད། ད་དུང་ཁྱོད་ཀྱིས་མིག་གིས་མངོན་སུམ་དུ་མཐོང་ཐུབ་པ་ནི་ཞིང་འབྲོག་ཁུལ་དུ་བོད་མི་རང་ཉིད་ཀྱིས་ཚོང་ལས་བྱེད་པའི་ཚོང་ཁང་(མགྲོན་ཁང་། ཟ་ཁང་། སྐྲ་ཁང་། སྣ་ཚོགས་ཁྲོམ་ར།)ཁག་ཏུ་དུས་རྒྱུན་དུ་ཟིང་ཆ་བསླངས་ཏེ་འཁྲུག་འཛིང་བྱེད་ཀྱི་ཡོད་སྟབས། ཁ་ཆེའི་མི་རིགས་ཀྱི་ཚོང་ཁང་དུ་འགྲོ་དགོས་བྱུང་ཡང་བོད་མི་རང་ཉིད་ཀྱི་ཚོང་ཁང་དུ་འགྲོ་འདོད་མེད་པར་གྱུར་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ཡང་བོད་མི་རང་ཉིད་ཀྱི་ཚོང་ཁང་ཁག་ཏུ་དེ་འདྲའི་དབྱེ་འབྱེད་དང་ཕྱོགས་རིས་ཡོད་པས་ཡིན།

 

༨༽ རྙོག་འཛིང་ཆེ་བའི་བོད་ཁུལ་གྱི་སྤྱི་ཚོགས་གནས་བབས། ཞིང་འབྲོག་ཁུལ་དུ་ཁྱོད་ཀྱིས་ལོ་ན་ཉི་ཤུ་ཡས་མས་ཀྱི་ན་གཞོན་དེ་ཚོ་ཁྲོམ་ར་དང་སྲང་ལམ་དག་ན་འཁྱམས་ཉུལ་བྱས་ཏེ་སྡོད་པ་དང་། རྒྱན་འཛུགས་ཤོ་རྒྱག་བྱེད་པ། ཡང་ན་འཁྲུག་པ་རྒྱག་པ་དང་རྐུན་ཇག་བྱས་ཏེ་སྡོད་པ་སོགས་མཐོང་ཐུབ། ཁོ་ཚོ་ནི་སློབ་གསོ་མ་རེག་པའི་རྒྱུ་མཚན་གྱིས་ཁྱིམ་མིས་ཀྱང་བདག་གཉེར་བྱེད་མ་ཐུབ་སྟབས། དོན་མེད་དུ་གང་སར་ཟིང་ཆ་བསླངས་རྒྱུར་འཛེམ་སོན་དང་རྙིང་རྗེ་གང་ཡང་གཏན་ནས་མེད། ལོ་རྒན་དྲུག་ཅུ་ཟིན་པ་ཚོ་ལའང་གྲི་འཕྱར་ཞིང་ལག་པ་བཀྱག་གི་ཡོད། མཚོ་སྔོན་མགོ་ལོག་ཁུལ་དུ་དེང་སྐབས་ཁ་ཆེའི་མི་རིགས་མག་པར་བསུ་རྒྱུ་རེག་ན་གཟི་བརྗིད་ཡིན་པར་དཔེ་གསར་དར་གྱི་ཡོད་ཅིང་། ཁྲོམ་གཞུང་དང་སྲང་ལམ་ཁག་ཏུ་མགོ་ལོག་ས་ཁུལ་གྱི་ཡུལ་སྐད་འཆད་པའི་ཁ་ཆེ་དང་རྒྱ་རིགས་ཀྱི་མག་པ་རྣམས་ཀྱིས་བོད་ཆས་སྤྲས་པའི་བོད་པའི་བུད་མེད་རྣམས་འཁྲིད་ནས་འགྲོ་བ་གང་སར་མཐོང་རྒྱུ་ཡོད། གནས་ཚུལ་འདི་དག་ནི་དངོས་གནས་ཡ་ང་ཞིང་ཡིད་མུག་པ་ཞིག་ཡིན་ཞིང་། བོད་པའི་སྤྱི་ཚོགས་ནང་དུ་བླ་མ་རྫུན་མ་ཤིན་ཏུ་མང་པོ་ཡོད་ཅིང་། དེང་སང་རྒྱ་སྒོར་ཁྲི་ ༢༠ དང་ ༣༠ སྤྲད་དེ་བླ་མ་ཉོ་བཞིན་ཡོད། བླ་མ་(བླ་མ་དངོས་རྣམས་ཀྱང་ཚུད།)དེ་ཚོས་ལུས་ལ་སངས་རྒྱས་ཀྱི་ན་བཟའ་གྱོན་ནས་རྒྱ་ཡུལ་དུ་འཁྱམས་ཉུལ་བྱས་ཏེ། རྒྱུ་ནོར་དང་བུད་མེད་རྣམས་བསླུས་ཤིང་སངས་རྒྱས་ཆོས་ལུགས་འཚོང་གི་ཡོད། འདི་དག་ནི་སྐྱུག་བྲོ་བའི་བོད་མི་རིགས་ཀྱི་ཟུར་ཙམ་ཡིན།

 

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. དཔལ་ལྡན་བྷ་ཟླ། says:
    ལོ་ 12 སྔོན།

    སྐྱུག་བྲོ་བའི་ཀྲུང་གོ་བ་དང་། སྐྱུག་བྲོ་བའི་ཉི་ཧོང་བ་སོགས་ལ་ལབ་མོ་བྱས་པ་ཡིན་ན། འདིར་ཡང་སྐྱུག་བྲོ་བའི་བོད་མིའམ་བོད་པ་ཟེར་བ་ལས་སྐྱུག་བྲོ་བའི་བོད་མི་རིགས་ཟེར་དོན་གང་ཡིན་མ་ཤེས་ཐལ།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    དེ་ག་རང་རེད་་་་རྕོམ་ཡིག་ཀློག་དུས་ང་ལ་སྐྱུག་རྒྱུ་ཡོང་ནས་སྡོད་མ་ཐུབ་པར་གློག་ཀླད་མདུན་དུ་ཐེངས་འགའ་སྐྱུགས་བཞག་པ་ཡིན་་་་

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    རྩོམ་ཡིག་འདི་བྲོས་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚང་མ་ལོར་འཚམས་པའི་མེ་ལོང་ཞིག་རེད། སོ་སོའི་བརྟག་དཔྱད་གང་ལེགས་ཡོང་བར་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese