ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁམས་ནག་ཆུ་རྫོང་རྟར་ཆེན་ཤང་ཨག་ཆེན་གྲོང་ཚོ་ནས་ཡིན་པའི་མིང་ལ་མཚོ་སྐྱེས་ཟེར་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོིང་ཆ་མེད་ཆཊ་ཡོད་འདུག
བོད་ནས་གནས་ཚུལ་འབྱོར་བར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁམས་ནག་ཆུ་རྫོང་རྟར་ཆེན་ཤང་ཨག་ཆེན་གྲོང་ཚོ་ནས་ཡིན་པའི་མིང་ལ་མཚོ་སྐྱེས་ཟེར་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང༌། ཁོང་འཛིན་བཟུང་བྱེད་དོན། ཤག་རོང་པོ་ཆོས་རྗེའི་ཡང་སྲིད་མི་མང་གིས་ངོས་ལེན་མེད་བཞིན་དུ་རྒྱ་གཞུང་གིས་བཙན་དབང་གིས་ཁྲི་འདོན་བྱས་པ་དེར་ངོ་རྒོལ་ཤུགས་ཆེན་བྱས་པས་ཡིན་སྐོར་མི་མང་གིས་ཚོད་དཔག་བྱེད་བཞིན་ཡོད་འདུག ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་སྡོད་གནས་ཨག་ཆེན་གྲོང་ཚོ་ཡོངས་རྫོགས་དམག་མིས་བསྐོར་ཡོད་འདུག་ལ། དེ་སྔོན་རོང་དགོན་གྱི་དོན་རྐྱེན་བྱུང་བ་ལ་བརྟེན་ནས་བརྡ་འཕྲིན་བརྒྱུད་ལམ་བཀག་སྡོམ་བྱས་ཡོད་སྟབས་ཞིབ་ཕྲའི་གནས་ཚུལ་དང་མཚོ་སྐྱེས་ས་ཆ་གང་དུ་ཁྲིད་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཡོད་མི་འདུག
༢༠༡༠ ལོར་རོང་པོ་ཆོས་རྗེའི་ཡང་སྲིད་བཙལ་འཚོལ་སྐབས། རོང་དགོན་གྱི་བླ་མ་ཟླ་བ་ྋགོང་ས་མཆོག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཐོག་འཛིན་བཟུང་གིས་ལོ་ ༧ གྱི་ཁྲིམས་བཅད་ཡོད་ཅིང༌། ད་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༣༠ ཉིན་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་བྱུང་བ་མ་ཟད། སྡེ་དགོན་གཉིས་ཀྱི་མི་མང་དང་བཅའ་སྡོད་རུ་ཁག་བར་ལག་འཛིང་བྱུང་སྟེ་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཏེ་རྗེས་སུ་ཀློད་གྲོལ་བཏང་ཡོད་འདུག