མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤགས་འགྱེད་ཀྱི་གཡུལ་སར་ལང་བའི་མདོ་སྨད་ཀྱི་སྤྱི་འཐུས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ད་རེའི་མདོ་སྨད་ཀྱི་སྤྱི་འཐུས་ཤིག་བར་མའི་འོས་བསྡུ་བྱ་དགོས་པ་ནི་གཡོལ་དུ་མེད་པ་ཆགས་ཡོད། སྔ་མའི་འོས་བསྡུའི་སྒུག་ཐོ་གཞིར་བཟུང་གིས་རྩེ་གཏོགས་མ་བརྒྱབ་པར་བར་མའི་འོས་བསྡུར་བརྒྱ་ཆ་ལོན་མིན་ལ་མ་ལྟོས་པར་རྩེ་གཏོགས་རྒྱག་རྒྱུ་ཡང་ཁྲིམས་དང་སྒྲིག་གཞི་ཞིག་ཡིན་དུ་ཆུགས། ཉེ་སྔོན་འོས་བསྡུའི་འགན་འཛིན་གྱིས་སྒྲོལ་དཀར་ལྷ་མོས་དགོངས་ཞུ་གནང་བའི་ཚབ་ཏུ་མགྱོགས་པོར་བར་མའི་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བསྒྲགས་མ་ཐག མདོ་སྨད་ནང་ཁུལ་ལ་ཚ་ཚ་འུར་འུར་གྱི་ཤགས་འགྱེད་དྲག་པོ་ཞིག་བྱུང་ཡོད། དེ་ནི་ཐེངས་འདིར་མངོན་སུམ་འཛེམ་མེད་ཀྱིས་སྤྱི་འཐུས་ཀྱི་འོས་མིར་ལང་བའི་བཀྲ་ཤིས་དོན་གྲུབ་དང་ཤར་ཕྱོགས་ཁུག་རྟ། ཚངས་དབྱངས་རྒྱ་མཚོ། སྤྲོ་ཚིགས་ཆོས་གྲགས་སོགས་ཡིན་ཡང་། དངོས་སུ་ལང་མེད་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་ཁོང་ཚོ་བཞིན་གླེང་གཞི་ཆེན་པོར་གྱུར་ཡོད།

སྤྱིར་བཏང་གིས་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བའི་དཔེ་ལྟར། རང་རང་གི་འདོད་པ་དང་རེ་བ། ཡིད་ཆེས་བཅས་ཡོད་པའི་འོས་མི་དག་འདོན་པ་ནི་ཡང་དག་པའི་དམངས་གཙོའི་འགྲོ་སྟངས་ཤིག་ལོས་ཡིན་ཡང་། ཁ་སང་དེ་རིང་གི་འོས་མི་འདི་དག་གི་རྒྱབ་སྐྱོར་བ་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པའི་གསལ་བསྒྲགས་ཡིག་ཆ་དག་ཀློག་སྐབས། ངའི་མཐོང་སྣང་ལ་རྒྱབ་སྐྱོར་ཞུ་མཁན་དང་འོས་མི་འདོན་མཁན་རང་ཉིད་རང་གིས་བཏོན་པའི་འོས་གཞི་དེར་ཡིད་ཆེས་བློ་འགེལ་དང་རྒྱུས་མངའ་གཏིང་ཟབ་ཡོད་མིན་ལ་དོགས་པ་བྱུང་། དེའི་རྒྱུ་མཚན་ནི། ཁ་བརྡ་དྲ་ཚིགས་སོགས་སུ་གཤིབ་བསྡུར་དང་དཔྱད་གཞིའི་རྣམ་པར་སྒྲོག་གིན་པའི་ཡིག་ཆ་དེ་ཚོ་ཡིན།

རང་གི་འོས་མིའི་ཁ་གཏད་དང་བསྡུར་ས་དེར་རྒྱུས་མངའ་མེད་པ་དང་། ཡང་ན་རང་གིས་རྒྱབ་སྐྱོར་ཞུ་སའི་འོས་མི་ནམ་མཁའི་དབྱིངས་སུ་སྐྱེལ་ནས་དོན་དངོས་གླེང་མཁན་མེད་པ་དེ་རེད། ཁ་གསལ་བོར་བཤད་ན། ཤར་ཕྱོགས་ཁུག་རྟ་དང་སྤྲོ་ཚིགས་ཆོས་གྲགས་གཉིས་གཤིབ་བསྡུར་བྱེད་སྟངས་དེ་ཡིན། ཕྱོགས་གཉིས་ཀས་སྨྱུ་གུའི་མདུང་མོ་གཏོད་རེས་ཙམ་ལས་རིག་པའི་གཤིབ་བསྡུར་གྱི་སྡིངས་ཆར་འཇོག་ཐུབ་མེད་པ་དེ་ཡིན། སྤྱིར་བཏང་གིས་དྲང་བདེན་དང་ལྷག་བསམ་རྣམ་དག་གི་སྔོ་ལོ་མཁའ་ལ་འཕྱར་ནའང་། འུ་ཚོའི་འོས་བསྡུའི་རྣམ་པ་དེ་ཡུལ་ལུང་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བསླུ་བྲིད་འོག་ནས་ཐར་ཐབས་མེད་པ་ཚང་མར་གསལ། དེར་བརྟེན། ཐེངས་འདིའི་འོས་མི་རེ་རེའི་རྒྱབ་ལོགས་ན་ཁྭ་ཏས་རང་བསྟོད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རེ་རེ་ལོས་ཡོད་འདོད།

འོས་བསྡུའི་འགྲོ་སྟངས་ལྟར་གྱི་བརྒྱ་ཆ་ལོངས་མིན་དོར་བའི་ད་རེའི་རྩེ་གཏོགས་ཅན་གྱི་བར་མའི་འོས་བསྡུ་འདི། སློབ་གྲྭའམ་རིག་ཚན་གང་རུང་གི་རྒྱུགས་གཞི་ཞིག་དང་ཤིན་ཏུ་འདྲ་སྟེ། སུས་སྐར་གྲངས་མཐོ་བོ་བླངས་ན་དེར་ཐོབ་པ་ཡིན་སྟབས་ཧ་ཅང་དགོད་བྲོ་བ་ཞིག་ཀྱང་རེད། བརྡ་འཕྲིན་དུས་རབས་འདིར་ཁྱབ་བསྒྲགས་བྱེད་རྒྱུ་ཤིན་ཏུ་སྟབས་བདེ་བ་ཇི་བཞིན། ཟིང་ཆ་སློང་རྒྱུར་ཡང་སྟབས་བདེ་བོར་གྱུར་ཡོད། དེར་བརྟེན་བགྲོ་གླེང་བ་དང་འོས་མི་འདོན་མཁན་གང་ན་སུ་ཡོད་ཚང་མས་རང་རང་གི་འོས་མིའི་ཁྱད་ཆོས་དང་ལོ་རྒྱུས་༼དྲང་ལྡོག་གཉིས་ཀྱི་སྒོ་ནས་འདོན་ཐུབ་ན་རབས་ཡིན།༽འདོན་པ་ལས། གཞན་པའི་འོས་མིར་ཆེད་དུ་དམིགས་ནས་ཁྱད་གསོད་དང་དམའ་འབེབས་རིགས་བྱ་རྒྱུར་འབད་པས་འཛེམ་དགོས་ཏེ། དཔེར་ན་ཁྱེད་ཀྱི་ཚོར་བ་དེ་ཕ་རོལ་བ་དེར་ཡང་ཡོད་པས་ཡིན།

མདོར་བསྡུས་ནས་བཤད་ན། ཁྱེད་རང་གཡུལ་ས་འདི་ནས་བརྒྱལ་འདོད་ན། ཁྱེད་ཀྱིས་རང་གིས་རང་ལ་བསླུ་བྲིད་གཏོང་མི་འདོད་ན། ཁྱེད་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ན་བསམ་ན། རང་གི་འོས་ཤོག་དང་རང་གི་འདོད་ཚུལ་དེའི་རང་དབང་ལོངས་སུ་སྤྱོད་རོགས། མ་གཞི་ཐེངས་འདིར་དངོས་སུ་ལངས་པའི་འོས་གཞི་འདི་དག་གཅིག་ལས་གཅིག་བཟང་བས། ད་རེབ་ཕམ་ནའང་སྐབས་རྗེས་མའི་འོས་བསྡུ་ཆེན་མོའི་སྐབས་སྔ་མའི་འཐུས་མི་གཉའ་རེངས་དེ་དག་ལས་བརྒྱལ་བར་ངེས་པས། མུ་མཐུད་དུ་ཤུགས་སྐྱོན་རོགས།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༡ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 5

  1. བོད་ཀྱི་བུ། says:
    ལོ་ 13 སྔོན།

    ངའི་འོས་མི་རྒྱལ་གཅེས་པ་ཀླུ་མཁར་བྱམས་ཡིན། གཞན་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་ལ་ངོ་མ་རྒྱབ་སྐྱོར་ཞིག་མེད།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ཨ་མདོར་བུ་གཅིག སྤྱི་འཐུས་འོས་གཅིག ཀླུ་མཁར་བྱམས་ལགས། ཡིན་ནམ་ཨ་མདོ། ཡང་ན་ཡབ་གཞིས། མག་པ་གཅིག་པུ། འཇམ་དབྱངས་ནོར་བུ། ཨ་མདོར་གཡར་ཆོག

    Reply
  3. འཕགས་པ་སྐྱབས། says:
    ལོ་ 13 སྔོན།

    འོས་གཅིག་དང་འོས་མི་གཅིག ཨ་ཚོགས་ཀླུ་མཁར་བྱམས་ལགས་ཡིན།

    Reply
  4. ཕུན་ཚོགས་རྡོ་རྗེ། says:
    ལོ་ 13 སྔོན།

    ང་ལ་མདོ་སྨད་ཀྱི་སྤྱི་འཐུས་འོས་མི་བཞི་ཡོད།
    བོད་རྒྱ་གཉིས་ལ་མཁས་པ་ཀླུ་མཁར་བྱམས།
    ཉམས་མྱོང་དྲག་ཚིགས་ལྡན་པ་བསྟན་འཛིན་མགོན་པོ།
    ཤེས་ཡོན་ལྷག་བསམ་ལྡན་པ་གསེར་རྟ་ཚུལ་ཁྲིམས་འོད་ཟེར།
    ལས་ལ་བརྩོན་ཞིང་རྣམ་དཔྱོད་ལྡན་པ་དབང་མོ་སོགས་ཡིན་ནོ།།

    Reply
  5. བློ་རྣམ། says:
    ལོ་ 13 སྔོན།

    གོང་གསལ་མི་སྣ་འདི་གསུམ་ལས་གཅིག་ཀྱང་མདོ་སྨད་སྤྱི་འཐུས་ལ་འོས་འཚམས་མ་རེད། ཤེས་ཡོན་དང་ཉམས་མྱོང་། རྒྱལ་ཞེན་དང་མི་གཤིས་སོགས་གང་ཐད་ནས་ཡག་པོ་ཡོད་པའི་ཀླུ་མཁར་བྱམས་ཡག་ཤོས་རེད། གལ་སྲིད་ཨ་ཚོགས་ཀླུ་མཁར་བྱམས་མདོ་སྨད་སྤྱི་འཐུས་ནང་བསླེབས་པ་ཡིན་ན་དངོས་གནས་དྲང་གནས་མདོ་སྨད་སྤྱི་འཐུས་ཁྱོན་ཡོངས་ཀྱི་སྤུས་ཚད་ཡར་རྒྱས་ལ་ཕྱིན་པར་ངོས་འཛིན་བྱེད་མཆོག་གི་རེད། དེ་མ་གཏོགས་ད་ལྟའི་སྤྱི་འཐུས་ལྡབ་ལྡིབ་དེ་དག་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་ཞེ་དྲག་ཡོད་པ་རེད། ཁ་གསལ་བོར་ཞུས་པ་ཡིན་ན་སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀྱི་སྤུས་ཚད་དཔེ་མི་སྲིད་པའི་སྐྱོ་བོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese