མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་སྤྱི་འཐུས་བར་མའི་འོས་བསྡུ་སྐབས་ཀྱི་བསམ་གཞིཊ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་འགག་དཔལ་ལྡན། སྦེལ་ལྗམ་ནས།

མི་རིགས་ཤིག་གི་རང་དབང་འཐབ་རྩོད་ཀྱི་དོན་དུ་དོ་སྣང་དང་འབད་འབུངས་གནང་མཁན་གྱི་མི་བུ་སུ་ཞིག་གིས་གདོད་མ་ཉིད་ནས་སློབ་སྦྱོང་དང་ཆིག་སྒྲིལ་གྱི་རྨང་གཞི་བརྟན་པོ་ཞིག་གི་སྒོ་ནས་འཐབ་རྩོད་ཀྱི་ཁ་ཕྱོགས་གདེང་འཁེལ་བ་བསྐྲུན་ཏེ་སྲི་ཞུ་སྒྲུབ་པ་ཞིག་སྲིད་ན་དཀོན།  མི་རིགས་ཀྱི་འཐབ་རྩོད་པ་ཞིག་བྱེད་འདོད་ཚེ་ཆེས་ཐོག་མར་མི་རིགས་ཀྱི་སྐད་གཤིས་སུ་གྲུབ་པའི་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་གནང་དགོས་ཤིང་།  སློབ་གཉེར་གནང་བའི་བརྒྱུད་རིམ་ཁྲོད་ནས་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དོན་སྙིང་རྟོགས་ཐུབ།  རྒྱལ་རབས་ལོ་རྒྱུས་ཀྱིས་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་གདེང་འཁེལ་བ་ཞིག་བསྐྲུན། ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་གདེང་འཁེལ་བའི་མི་སུ་ཞིག་ཡིན་རུང་དེ་ལ་ཆེ་ཆུང་ལ་མ་ལྟོས་པའི་སྤྱི་ལས་ཀྱི་ལྷག་བསམ་དང་།  རིགས་ཞེན་གྱི་ལ་རྒྱ་ཞིག་ཡོད་པ་མངོན་སུམ་ཚད་གྲུབ་རེད།  སྤྱི་ལས་ལྷག་བསམ་དང་རིགས་ཞེན་ལ་རྒྱ་ཡོད་མཁན་གྱི་མི་དཀྱིལ་མ་སུ་འདྲ་ཞིག་ཡིན་ཡང་མིང་གྲགས་དང་ཕྱོགས་ཞེན་ཏིལ་འབྲུ་ཙམ་ཡང་མི་དགོས་པ་དང་མེད་མཁན་ཤིན་ཏུ་ནས་དཀོན།  ང་ཚོས་བློ་གཟུ་བོའི་ལམ་ནས་འདས་ཟིན་ལོ་རྒྱུས་ཀྱི་བྱུང་རབས་སྤྱི་དང་།  ཡང་སྒོས་བོད་རྒྱ་ལག་ཏུ་ཤོར་རྗེས་ཀྱི་བཙན་བྱོལ་ནང་གི་བྱུང་རབས་ཁག་ལ་བསྐྱར་འདང་ཞིག་རྒྱོབས་དང་གསལ་ལྷང་ངེར་དྲན་ཡོང་།

ང་ཚོས་སྤྱི་ལས་ལྷག་བསམ་དང་ལར་ཞེན་སྙིང་སྟོབས་ཉམས་མྱོང་བཅས་ཀྱིས་ཕྱུག་པའི་སྤྱི་འཐུས་ཤིག་དགོས་གལ་ཆེ་ལུགས་ཁ་ལ་འཁྱེར་ཏེ་ལུང་ཚན་གཅིག་པའི་མི་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་བསྐྱལ་བ་བོད་མདོ་དབུས་ཁམས་གསུམ་གཅིག་མཚུངས་ཡིན།  མཚམས་འདི་རུ་ངས་འདྲི་ཚིག་འགའ་འཕངས་ཏེ་མུ་མཐུད་དེ་འབྲི་རྒྱུ་ཡིན།  རང་རེའི་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲིིམས་ལུགས་ཐད་ཀྱི་གོ་རྟོགས་ཡོད་མཁན་ཅི་ཙམ་ཡོད་དམ།  རང་མི་རིགས་ཀྱི་ལས་དོན་ཐད་ཁ་ཞེ་གཉིས་མེད་ཀྱི་ལས་ཀ་བྱེད་མཁན་ཅི་ཙམ་ཡོད་དམ།  ད་ཡོད་བཀའ་སྤྱི་ལྷན་རྒྱས་ཀྱི་ཁྲོད་དུ་རང་ལྟ་མཆོག་འཛིན་དང་ཕྱོགས་ཞེན་གྱི་བསམ་བློ་ཁོག་ཏུ་གཉེར་མཁན་གཅིག་ཀྱང་མེད་ཅེས་སུས་ཐག་བཅད་དེ་བཤད་ཐུབ་བམ། 

དེས་ན་ངས་བཤད་འདོད་པའི་སྐད་ཆ་གཙོ་བོ་ནི།  ང་ཚོར་ཡང་དག་པའི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཤེས་པའི་ཐོག་ནས་རྩོམ་བྲིས་གཏམ་བཤད་སོགས་ཀྱི་སྐབས་སུ་རང་གིས་བྲིས་པའི་རྩོམ་ཡིག་དང་བཤད་པའི་སྐད་ཆར་རང་ཉིད་ཀྱིས་འགན་འཁུར་དགོས།  རང་ཉིད་ཀྱིས་བྲིས་བཤད་གནང་བ་དག་གིས་རང་ཉིད་ངོ་སྤྲོད་གསལ་བོ་གནང་ཡོད།  རང་གིས་བཤད་པ་རང་ཉིད་ཀྱིས་འགན་འཁུར་དགོས་ཟེར་དོན་ཡང་།  ང་ཚོས་གཏམ་བཤད་གནང་སྐབས་བོད་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སྦྱངས་པ་རྩེར་སོན་ཞིང་། རྒྱལ་སྤྱི་དང་རྒྱ་ནག་ལ་རྒྱུས་མངའ་ཆེ་བ།  རང་ཉིད་ཀྱི་ཕྱོགས་གཏོགས་གྲོགས་དགའ་ཉེ་ཡིན་ཡང་ཕྱོགས་རིས་མི་བྱེད་པ།  སྤྱི་བའི་ཆེད་དུ་རང་ཉིད་ཡོངས་སུ་བློས་གཏོང་ཐུབ་པ་དགོས་ཞེས་བཀའ་སློབ་ལམ་སྟོན་གནང་མཁན་རང་ཉིད་ལ་དེའདྲའི་ཁྱད་ཆོས་དང་ཡང་ན་བློས་གཏོང་ཅི་ཞིག་གནང་ཡོད་དམ་ཞེས་པ་འདི་ཡིན།  ཁ་བཤད་ཆུ་ཡི་ཝུ་བ།། ལག་ལེན་གསེར་གྱི་ཐིགས་པ།། ཞེས་པའི་དཔེ་ལྟར་དོན་དངོས་དང་མཐུན་པའི་ལག་ལེན་དུ་བསྟར་རྒྱུ་ནི་ཁ་ནས་བཤད་པ་ལྟར་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མིན་འདོད།  འུ་ཅག་མཐོ་སྒང་བ་ཚང་ལག་ལེན་གྱིས་ཕོངས་པ་ལས་གཏམ་བཤད་རྫིག་པོ་དང་ཁ་བདེ་བོས་ཕོངས་མེད། 

དེ་བས་ད་རེའི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་སྐབས་ཀྱི་འོས་མི་བཞིས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གསལ་བསྒྲགས་ཤིག་ངོ་དེབ་སོགས་སུ་ཆེད་བཀོད་གནང་བར་རྒྱབ་སྐྱོར་བ་དང་རྒྱབ་སྐྱོར་མེད་མཁན་ཚོས་ཚ་ཚ་འུར་འུར་ངང་འཇོན་མདོག་གིས་རང་རང་ས་ན་རྩོམ་ཡིག་དང་གསལ་བསྒྲགས་སྣ་མང་སྤེལ་ཏེ་མཁྱེན་དཔྱོད་ཡངས་མདོག་དང་། སྤྱི་སེམས་ཆེ་ལུགས།  སྐབས་འགར་རང་ཉིད་ཀྱི་བློ་ལ་མ་བབ་པའི་འོས་མི་གཞན་དག་ལ་ངོ་མཚང་གི་ཚིག་མདའ་འཕེན་པ། རིགས་གཅིག་ལ་ཕྱོགས་རིས་འཐེན་འཁྱེར་གྱི་བསམ་བློ་གཏན་ནས་སྐྱེས་མ་མྱོང་བའི་ཟོལ་གྱིས་རྩོམ་ཡིག་བྲིས་ཏེ་ཁྱབ་སྤེལ་གཏོང་བཞིན་པ་དག་ལ་གཞིགས་ཏེ་རང་གི་བསམ་ཚུལ་ཙམ་ཞིག་བརྗོད་ན།  ངས་བསམ་ན་ང་ཚོ་རྩོམ་འབྲི་མཁན་དང་། གཏམ་བཤད་གནང་མཁན་གྱི་སོ་སྐྱེས་སུ་འདྲ་ཡིན་རུང་ཕྱོགས་ཞེན་གྱི་བསམ་བློ་ཡེ་ནས་འཁོར་མ་མྱོང་ཞེས་ཅི་ཙམ་གླེང་ཡང་ཡིད་ཆེས་བསླེབ་དཀའ།  འུ་ཅག་གི་ལས་འགན་ནི་ད་ལྟའི་འོས་མི་ཚོའི་ལོ་རྒྱུས་ལ་གཞིགས་ཏེ་རང་ཉིད་ཀྱི་འོས་མི་སུ་ཡིན་གསལ་བོ་ངོས་བཟུང་རྗེས་འོས་མི་གཞན་དག་གི་མཚང་བྲུས་ཏེ་སྐྱོན་བརྗོད་དང་ཁ་གདོང་ལེན་རྒྱུ་དེ་མིན། 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    བོད་མི་དམངས་ཀྱི་སྤྱི་འཐུས་འོས་མིར་ཚང་དགོས་པའི་རྩ་བའི་ཆ་རྐྱེན་ཁག་གཤམ་གསལ།
    ༡༽ བོད་ཀྱི་སྐད་བརྡ་རིག་པའི་རིག་གནས་ལ་རང་རྐྱ་འཕེལ་བ་མ་ཟད། དེ་དང་ལྷན་དུ་དབྱིན་ཡིག་དང་ཡང་ན་རྒྱ་ཡིག་གང་རུང་ཐོག་རང་རྐྱ་འཕེལ་བ་དགོས་པ།
    ༢༽ བོད་དང་རྒྱ་ནག་གཙོས་འཛམ་གླིང་ལོ་རྒྱུས་དང་ཆབ་སྲིད། སྤྱི་ཚོགས། ཁྲིམས་ལུགས་སོགས་ལ་རྒྱུས་མངའ་གང་ལེགས་ཡོད་པ།
    ༣༽ རྟག་ཏུ་ལོ་རྒྱུས་དང་ཆབ་སྲིད་ལ་སྤྲོ་སྣང་དང་དོ་སྣང་ཚད་ངེས་ཅན་ཡོད་པ།
    ༤༽ སྒེར་ཚུགས་དང་དྲང་ཚུགས་རང་བཞིན་གྱི་མི་གཤིས་དང་ཁྱད་ཆོས་ཡོད་པ།
    ༥༽ གཟུར་གནས་དང་། ལྷག་བསམ། འཇོན་ཐང་ཡོད་པ།
    ༦༽ བོད་མིའི་སྤྱི་འཐུས་ཀྱི་འགན་འཁྲི་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོད་པ་བཅས་ནི་ཚད་གཞི་མཐོ་བའི་འོས་དམིགས་ཀྱི་ཆ་རྐྱེན་དུ་བཀོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese