མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ཧོར་ཡུལ་ནས་འཁྲུངས་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་གར་༧གོང་ས་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་གསུང་ཆོས་གནང་གི་ཡོད་པ་དང་བསྟུན་ཏེ། ལོ་ངོ་ ༢༣ རིང་སློབ་གཉེར་གནང་སྟེ་མཐར་སོན་པའི་དགེ་བཤེས་ལྷ་རམས་པ་དང་། སློབ་དཔོན་དགེ་བཤེས། མང་དུ་ཐོས་པའི་བཀའ་རམས་པ་སོགས་ལ་ཕྱག་འཁྱེར་སྩོལ་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་གནང་ཡོད་འདུག

ཟླ་འདིའི་ཚེས་ ༢༩ ཉིན། ༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་སེར་བྱེས་གྲྭ་ཚང་གི་ཆོས་རྭ་ཆེན་མོའི་ནང་། སེར་སྐྱ་མང་ཚོགས་ ༣༠༠༠༠ བརྒལ་བར་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་མྱུར་བྱོན་གསོལ་འདེབས་གསུང་དོན་དང་འབྲེལ་ཁོང་གི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་བཀའ་སློབ་གནང་དོན། རྗེ་བཙུན་དམ་པ་ཞིང་གཤེགས་ཁོང་དང་ངོས་རང་གཉིས་ལོ་བཅུ་གྲངས་སྐབས་ནས་ངོ་ཤེས་ཡག་པོ་ཞིག་ཡིན། དེ་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་རིམ་པས་སོག་ཡུལ་ལ་སོ་སོའི་སྐུ་ཚེ་མང་པོའི་རིང་འབྲེལ་བ་ཡོད་པའི་གདུལ་ཞིང་མང་པོ་ཡོད་སར་ཕེབས་ཐུབ་རྒྱུ་བྱུང་ཡོད། ངོས་དང་རྗེས་མ་མཇལ་སྐབས་སྐུ་གཟུགས་ཧ་ཅང་སྐྱོ་པོ་འདུག་སྟབས། རིན་པོ་ཆེས་ད་ཆ་ཡང་སྲིད་སྐོར་ལ་དགོངས་པ་བཞེས་དགོས།  ཡང་སྲིད་ཕེབས་ས་དེ་ཡང་ཆེན་པོ་ཧོར་གྱི་ཡུལ་རང་དུ་ཕེབས་ན་ཡག་པོ་ཡོད།  དེ་ལྟ་བུའི་དགོངས་པ་བཞེས་དགོས་པ་ཡིན། བོད་ལོའི་ལོ་མཇུག་དེར་རེད། སྐུ་གཟུགས་ཧ་ཅང་སྐྱོ་བོ་འདུག དེ་ནས་དུས་ཚོད་དང་ས་ཆ་གང་དུ་གཤེགས་དགོས་པ་ཡིན་ནམ་ཞེས་ངོས་ལ་དྲི་བ་དེ་འདྲ་ཞིག་འབྱོར་བ་རེད། དེ་འདྲའི་དྲི་བ་འདྲི་མཁན་ཧ་ལམ་བྱུང་མེད། དེར་བརྟེན་ངོས་ཀྱིས་སོག་ཡུལ་རང་དུ་གཤེགས་དགོས་པ་རེད། གཤེགས་རྒྱུའི་དུས་ཚོད་དེ་ད་ལྟ་བོད་ལོའི་ལོ་མཇུག་འཁེལ་འདུག་སྟབས། ལོ་གསར་ནས་ཚེས་མགོར་གཤེགས་དགོས་པ་རེད་ཅེས་བརྗོད་པ་ལྟར་ཏག་ཏག་གཤེགས་སོང་། ལན་དེ་འབྱོར་ནས་རིན་པོ་ཆེ་ཅུང་དྲག་ཏུ་ཕེབས་འདུག དེ་རྗེས་རིན་པོ་ཆེ་གཤེགས་སོང་ཞེས་པའི་ལན་འབྱོར་བ་དང་འདི་ནས་རིན་པོ་ཆེའི་སྐུ་གདུང་དེར་དམ་ཚིགས་ཀྱི་རྩ་བ་བྱས་ནས་མཇལ་དར་ཞིག་བསྐུར་ཏེ་ཟམ་གདོང་རིན་པོ་ཆེ་བཏང་བ་ཡིན། ཕ་གིར་སྐུ་གདུང་ཐུག་དམ་ལ་བཞུགས་ཡོད་པ་ནས་སྔོན་ལ་ཤངས་མཚལ་ཞིག་འབབ་ཡོང་གི་འདུག་སྐུ་གདུང་གདན་འདྲེན་ཞུ་དགོས་མིན་སྐོར་ངོས་ལ་ལན་ཞིག་འབྱོར་བྱུང་བས་ངོས་ནས་སྔོན་ལ་སྒུག་དགོས་ཞེས་བརྗོད་པ་ཡིན། དེ་ནས་ཟམ་གདོང་རིན་པོ་ཆེ་དེར་འབྱོར་བ་དང་མཇལ་དར་ཕུལ་རྗེས་ཐུགས་དམ་གྲོལ་བ་ཧ་ཅང་ཡིད་དབང་འཕྲོག་པ་བྱུང་འདུག” ཅེས་གསུངས་འདུག

ཁོང་གིས་མུ་མཐུད་དུ། “ངོས་རང་སྐྱེས་ས་ཟི་ལིང་ཆགས་ཀྱི་ཡོད་པས་ཕལ་ཆེར་ང་ཚོའི་ཁྱིམ་ཚང་༸རྒྱལ་དབང་ལས་རྗེ་བཙུན་དམ་པར་སེམས་ཐག་ཉེ་བ་ཡོད་པ་འདྲ། དེར་བརྟེན་ངོས་ཀྱི་པ་ལགས་དང་ཨ་མ་ལགས་ཁོང་ཚོས་རྗེ་བཙུན་དམ་པར་ཧ་ཅང་མཉེས་པོ་གནང་གི་ཡོད། དེ་དུས་རྗེ་བཙུན་དམ་པར་ཡོངས་གྲགས་མཚན་གང་ཡང་མེད་ཀྱང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་ནས་བཞུགས་ཡོད། དེར་བརྟེན་པ་ལགས་དང་ཨ་མ་ལགས་རིན་པོ་ཆེར་ཧ་ཅང་མཉེས་པོ་ཡོད། ངོས་དང་ཐོག་མ་ཐུག་ས་དེ་ཨ་མ་ལགས་སར་རེད། ངོས་རང་ཨ་མ་ལགས་སར་འགྲོ་སྐབས་ཁོང་ཕ་གིར་ཕེབས་འདུག ཧ་ཅང་བློ་ལ་ངེས་པོ་འདུག་སྒོ་མང་གྲྭ་ཚང་དངུལ་ལེན་དང་རས་ཧམ་ཟོམ་གྱོན་ཆོག་གི་མེད། དེ་དུས་རིན་པོ་ཆེས་ཤ་ཟོམ་ཞིག་གྱོན། གདོང་ལ་རྨ་ཤུལ་ཡོད་པ་ཞིག་འདུག་པ་དེ་དགེ་རྒན་གྱིས་ཉེས་པ་རེད་གསུང་གི་འདུག ངོས་རང་ཆུང་ཆུང་སྐབས་ནས་རིན་པོ་ཆེ་ངོ་ཤེས་ཡིན། རིམ་པས་རྒྱ་གར་ནང་ཕེབས།  དེ་ནས་སོག་པོའི་ཡུལ་ལའང་རང་དབང་གི་ཉི་མ་ཤར་བར་སོང་རིན་པོ་ཆེར་མཚན་གསོལ་ཞུས། ཐོག་མ་ཁོང་མ་ཌེ་པར་ཌེ་ཤིའི་བོད་མིའི་གཞིས་ཆགས་སུ་བཞུགས་པ་རེད། དོལ་རྒྱལ་སྐོར་ཆ་བཞག་ནའང་རིན་པོ་ཆེས་ཧུར་ཐག་འབད་ཐག་བསམ་པ་རྣམ་དག་གནང་ཡོད” ཅེས་སོགས་གསུངས་འདུག

ཚེས་ ༢༨ ཉིན། བླ་མ་ཆོས་འཕེལ་བཟོད་པ་མཆོག་དང་ཤར་རྩེ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས། དགེ་ལྡན་བསྟན་བདག་ལྷན་ཚོགས་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས། དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས་བཅས་ནས་གསར་དུ་རྩོམ་སྒྲིག་གནང་བའི་དོན་རྒྱལ་སྐོར་གྱི་ཕྱག་དེབ་༼ ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག ༽ཅེས་པ་རྩོམ་སྒྲིག་ཞུ་ཕྱོགས་སྐོར་ངོ་སྤྲོད་གནང་བར། དཔེ་དེབ་འདི་རྩོམ་སྒྲིག་སྐོར་ལ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་གང་ནས་ཀྱང་གནོན་ཤུགས་སྤྲད་པ་སོགས་མེད་པར། རང་དོན་རང་གཅེས་ཀྱིས་རི་བོ་དགེ་ལྡན་པས་བྱམས་མགོན་རྒྱལ་བའི་རྒྱལ་ཚབ་སྐྱབས་རྗེ་དགེ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་དགེ་ལྡན་པའི་དབུ་ཁྲིད་རྣམ་པས་ཐག་གཅོད་གནང་སྟེ་དགེ་ལྡན་པ་སྤྱིའི་ཐོག་ནས་བརྩམས་པ་ཞིག་ཡིན་སྐོར་བརྗོད་འདུག

དེའི་རྗེས་༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་ལ། དངོས་ཡོད་གནས་ཚུལ་རྣམས་ཡིག་ཐོག་ལ་ཕྱོགས་སྡོམ་བརྒྱབ་པ་ཧ་ཅང་ཡག་པོ་བྱུང་འདུག བར་སྐབས་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཞེས་ཟེར་ཏེ་མང་པོ་ཞིག་གིས་བསྟན་པའི་སྲུང་མར་ངོས་འཛིན་བྱེད་མཁན་བྱུང་བའི་ཁོངས་སུ་ངོས་ཀྱང་ཡོད་པ་རེད། གྲོ་མོ་དུང་དཀར་དགོན་པར་སླེབས་སྐབས་སྐུ་ཕེབས་གཅིག་ཡོད་པ་རེད། སྐབས་དེར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་འབྲེལ་བའི་གནས་ཆུང་དང་དགའ་སྟོང་གི་སྐུ་རྟེན་མཉམ་དུ་མེད་པར་བརྟེན་དོལ་རྒྱལ་དང་འབྲེལ་བ་ཞིག་བྱུང་བ་རེད། ངོས་ལ་ཆ་བཞག་ན་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་དང་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་དངོས་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་བསམ་གྱིས་མ་ཁྱབ་པ་ཡིན། དེ་ལྟ་བུའི་ཤུགས་རྐྱེན་བསླེབས་ཏེ་ངོས་ནས་ཀྱང་དོལ་རྒྱལ་བསྟན་པ་ཡིན། དེའི་རྗེས་རྒྱ་གར་ལ་བསླེབས་ཏེ་རིམ་པས་ཕྱོགས་གཅིག་ནས་འབྲས་སྤུངས་ཀྱི་རྒན་པདྨ་རྒྱལ་མཚན་དང་། དེ་སྔའི་རྒན་སྟོང་དཔོན་གྱིས་གསུང་སྒྲོས་དང་། མཁན་ཆེན་རྡོ་རྗེ་འཆང་གླིང་རིན་པོ་ཆེ་ཕྲན་བུ་བག་ཡོད་གནང་མཁན་ཞིག་བྱུང་བ་རེད། དེ་རྗེས་ངོས་ནས་ཀྱང་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཏེ་དེ་ལྟར་བྱས་པ་ཡིན། དྲེགས་པ་ཞེས་ཟེར་བ་དེར་མཐའ་དམན་པའི་བློ་རང་ག་བ་ཞིག་གིས་ཚོད་དཔག་བྱེད་ཐུབ་རྒྱུ་ཞིག་མེད། སྤྱིར་གང་ཟག་གི་གང་ཟག་ཚོད་ཟིན་རྒྱུ་ཁག་པོ་རེད་ལ་ལྷག་པར་གཟུགས་མེད་དེ་དག་ལ་ཚོད་དཔག་བྱེད་ཐུབ་རྒྱུ་ཁག་པོ་རེད། དེར་བརྟེན། བརྟག་དཔྱད་རིམ་པས་བྱས་ཡོད་པ་དེ་དག་ངོས་ཀྱིས་དེ་སྔ་བཤད་ཡོད་པ་རྣམས་ལ་འཁོད་ཡོད་ཅེས་སོགས་གསུངས་འདུག

ཐེངས་འདིར། ཕྱི་ཚེས་ ༢༧ ཉིན་སེར་བྱེས་གྲྭ་ཚང་གི་ཆོས་རྭ་ཆེན་མོའི་ནང་། དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་བསླབ་པ་མཐར་སོན་མཛད་སྒོ་ཐེངས་ ༩ པའི་སྟེང་ཆིབས་བསྒྱུར་བསྐྱངས་ཏེ། ལོ་ངོ་ ༢༣ རིང་སློབ་གཉེར་གནང་སྟེ་ ༢༠༠༨ ། ༢༠༠༩ ། ༢༠༡༠ ལོ་བཅས་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་ ༡༥༠ ཙམ་དང་། ཚེས་ ༢༨ ཉིན་ ༢༠༡༡ དང་ ༢༠༡༢ ལོ་བཅས་སུ་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་བརྒྱ་ལྷག་དང་ ༢༠༠༧ ནས་ ༢༠༡༡ བར་གྱི་སློབ་དཔོན་དགེ་བཤེས་ཁག་ཅིག ཚེས་ ༢༩ ཉིན་ ༢༠༡༣ ལོའི་མང་དུ་ཐོས་པའི་བཀའ་རམས་དགེ་བཤེས་དང་གཞུང་ལུགས་འཛིན་པ་སློབ་དཔོན་དགེ་བཤེས་ ༡༥༠ བཅས་ལ་ཤར་པ་ཆོས་རྗེ་མཆོག་གིས་ཕྱག་འཁྱེར་བསྩལ་བ་དང་སྦྲགས། ༧གོང་ས་མཆོག་གིས། ལམ་ཡོངས་རྫོགས་ལ་གོ་བ་ཆགས་པ་ཞིག་དང་རིམ་པས་བསམ་བློ་ཕྲན་བུ་བཏང་སྟེ་ལམ་ཡོངས་རྫོགས་ཉམས་འོག་ཏུ་ཚུད་པ་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་ནས་རིམ་པས་དོན་ཚན་རེ་རེ་བྱས་ཏེ་དམིགས་དཀར་གྱི་ཐོག་ནས་མྱོང་བ་འདོན་རྒྱུ་ཡོང་བ་དེ་འདྲ་རེད། དེར་བརྟེན། ཁྱེད་ཚོས་སློབ་སྦྱོང་བྱས་པའི་ཤེས་ཚད་ཡོད་པ་དེ་དག་ཐོས་པ་ཁོ་ནའི་ཐོག་མ་བཞག་པར་ཉམས་ལེན་མྱོང་རྟོགས་ལ་ཚུར་སྦྱར་ཏེ་གནང་ཤོག་ཨང་། མདོར་ན་ང་ཚོ་དགེ་ལུགས་ཚོས་མིག་དཔེ་བལྟ་ས་དེ་རྗེ་རིན་པོ་ཆེ་ཆགས་ཡོད། རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེའི་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མར་ཉིན་ཚན་ཀུན་དུ་ཉམས་སུ་ལེན། ཉམས་ལེན་བྱེད་རྒྱུ་དེ་ཡང་རང་ཉིད་གཅིག་པུ་ཞི་བདེ་བསྒྲུབ་རྒྱུའི་ཆེད་དུ་མ་ ཡིན་པར། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། ཞེས་གསུངས་པ་ལྟར་མཁས་བཙུན་བཟང་གསུམ་གྱི་ཐོག་ནས་བྱེད་དགོས་ཞེས་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. བསྟན་པ། says:
    ལོ་ 12 སྔོན།

    ཁལ་ཁ་ཆེ་བཙུན་དམ་པ་ཁོང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་ཆད་ནས་ཐུགས་ཉེ་བོ་ཞེ་དྲག་གནང་ཡུལ་ཞིག་ཡིན། རིན་པོ་ཆེ་ཁོང་དང་བོད་མིའི་བར་ལོ་རྒྱུས་རིང་པོ་ཞེ་དྲག་ཡོད་ལ་སོག་ཡུལ་ནས་ཀྱང་བོད་དང་བོད་དོན་ཐོག་ཐུགས་སྣང་དང་ཕྱག་རྗེས་མང་པོ་བཞག་ཡོད། ཁོང་གི་ཡང་སྲིད་མྱུར་དུ་འབྱོན་པའི་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese