མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་ཆགས་དང་སློབ་གྲྭ་ཆེ་ཆུང་ཟླ་བསྒྲིལ་གཏོང་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་གི་བོད་མི་གནས་ཡུལ་ཁག་ཏུ་སྐོར་སྐྱོད་དང་། དེའི་སྔོན་ལ་ཚོགས་གཙོ་མཆོག་གི་སྣེ་ཁྲིད་འོག་སྤྱི་འཐུས་ ༥ ཡུ་རོབ་ཀྱི་རྒྱལ་ཁབ་ལྔའི་ནང་བོད་དོན་ཞུ་གཏུག་ཏུ་བསྐྱོད་པ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཉེ་སྔོན་ཨ་རིའི་ནང་ཕྱོགས་སྐྱོད་གནང་བའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ཐེངས་འདིར་ཉིན་གྲངས་ ༡༠ རིང་ཨ་རིའི་མི་ནི་སོ་ཊ་ནས་མགྲོན་འབོད་གནང་བ་ལྟར། མི་ནི་སོ་ཊ་དང་ཅི་ཀ་གོ ཝ་ཤིན་ཊོན་ཌི་སི། ནེའུ་ཡོག ཀོ་ནེ་ཊི་ཀཊ། ནིའུ་འཇར་སི། ཝར་མོན་ཊི་བཅས་ས་ཁུལ་ཁག་ ༧ ལ་ཕྱིན་པ་ཡིན། ད་རེབ་མི་ནི་སོ་ཊ་ས་གནས་སུ་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བའི་དུས་དྲན་མཛད་སྒོ་དེ་ལས་རིམ་གཙོ་བོ་རེད། དེའི་ཞོར་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་བོད་ནང་གི་ཆབ་སྲིད་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ། ལྷག་པར་དུ་བར་ལམ་བྱུང་བའི་གནས་ཚུལ་ཁག་གི་ཐོག་གསལ་བཤད་བྱེད་པའི་གོ་སྐབས་བྱུང་སོང་། དུས་རྒྱུན་༧གོང་ས་མཆོག་གིས་དྲི་བ་དྲིས་ལན་ཡག་པོ་བྱུང་སོང་ངམ་ཞེས་བཀའ་འདྲི་གནང་གི་འདུག་སྟབས། ཚོགས་གཙོས་མང་པོ་མ་བཤད་པར་མི་མང་གི་སེམས་ལ་དོགས་གཞི་སོགས་དྲི་བ་གང་ཡོད་པ་གཞིར་བཞག་སྟེ་དྲི་བ་དྲིས་ལན་བྱས་པ་ཡིན་ལ། མང་ཚོགས་ནང་དོགས་གཞི་གང་ཡོད་པ་དེ་སངས་ཐུབ་ཡོད་བསམ་པ་བྱུང་སོང་། དེ་བཞིན། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་གོ་སྒྲིག་ལྟར། ཝར་མོན་ཊི་སྤྱི་ཁྱབ་འཛིན་སྐྱོང་གི་མགོ་ཁྲིད་དང་མི་ནི་སོ་ཊ་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན། དེ་བཞིན་གྲོས་ཚོགས་འཐུས་མི་ཁག་ཅིག་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་ངོ་སྤྲོད་ཀྱི་གོ་སྐབས་བྱུང་སོང་།

དྲི་བ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་ཕྱག་ལས་གནང་ཕྱོཊ་ལ་གཟིགས་ཚུལ་ག་འདྲ་བྱུང་སོང་།

ལན། སྤྱིར་བཏང་ཁེ་ན་ཌ་ཚུད་པའི་བྱང་ཨ་རིའི་ནང་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པ་རེད། ད་རེབ་སྤྱི་མཐུན་ཚོགས་པ་བདུན་ཞིག་ལ་ཐུག་པ་རེད། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་མི་མང་ཉུང་ལ་མ་ལྟོས་པར་ལས་དོན་ཚགས་ཚུད་པོ་གནང་གི་འདུག ལྷག་པར་དུ་བར་ལམ་ཞིག་ལ་ཅི་ཀ་གོ་ས་གནས་བོད་རིགས་ནང་ཁུལ་དུམ་བུ་གཉིས་ཆགས་ཏེ་ལོ་ཤས་ཕྱིན་ཡོད་ཀྱང་། ད་རེབ་ང་ཕྱིན་པའི་སྐབས་སུ་ཁོ་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་ཡག་པོ་ཞེ་དྲག་ཆགས་འདུག ནམ་རྒྱུན་གནད་དོན་མང་པོ་ཞིག་གླེང་སློང་བྱས་ཏེ་བསམ་ཚུལ་མ་འདྲ་བ་ཁུར་མཁན་འགའ་རེ་ཡོད་ཀྱང་། ད་རེབ་དྲི་བ་དྲིས་ལན་སྐབས་དེ་འདྲ་བྱུང་མ་སོང་ལ། གོ་སྐབས་ཆ་ཚང་ཕུལ་ཡང་དྲི་བ་འདྲི་མཁན་བྱུང་མ་སོང་། ཡིན་ནའང་། སྤྱི་ཚོགས་ཡར་རྒྱས་ལ་མཐའ་མེད་དུས་ད་དུང་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་ཅི་ཙམ་སྦྱོར་དགོས་ཀྱི་ཡོད་མེད་ཐད་སྤྱི་མཐུན་ཚོགས་པ་ཁག་ནས་རེ་བ་རྒྱག་གི་འདུག འོན་ཀྱང་དཔལ་འབྱོར་མཐུན་རྐྱེན་སོགས་གནས་སྟངས་མང་པོ་ཞིག་གི་འོག བོད་མིའི་སྒྲིག་འཛུགས་རང་ནས་ཐད་ཀར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད་མེད་དེ་རིམ་པས་བལྟ་དགོས་པ་ཞིག་རེད།

དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ཁྱབ་ཚད་ཐོག་དགོངས་ཚུལ་གཙོ་བོ་ག་རེ་བསླེབས་སོང་།

ལན། འཛིན་སྐྱོང་རང་གི་ཐོག་འགྲིག་མིན་གྱི་སྐད་ཆ་མང་པོ་མི་འདུག ཡིན་ནའང་། ས་གནས་གང་དུ་ཕྱིན་ཡང་དྭང་བླང་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་མང་པོ་ཤོད་ཀྱི་འདུག སྤྱི་ཡོངས་ནས་བཤད་པ་ཡིན་ན། དྭང་བླང་དཔྱ་དངུལ་འབུལ་མཁན་ཉུང་ཉུང་རེད། དཔེར་ན། ནེའུ་ཡོག་ལྟ་བུ་ཡིན་ན་བོད་མི་ ༧༠༠༠ ཡོད་པའི་སྐད་ཆ་འདུག་ཀྱང་། དྭང་བླང་དཔྱ་དངུལ་ཕུལ་མཁན་ ༡༦༠༠ ལྷག་ལས་མི་འདུག ཡིན་ནའང་དེ་ཚོ་འཛིན་སྐྱོང་བཀའ་ཤག་གིས་ཆ་ཚང་མཁྱེན་གྱི་ཡོད་པ་རེད་ལ། སྲིད་སྐྱོང་མཆོག་གིས་འཆར་ལོའི་ཕྱི་ཟླ་ ༡ པོའི་ནང་དཀའ་ངལ་དེ་དག་སེལ་ཐུབ་པ་གནང་གི་ཡིན་གསུངས་ཡོད་ས་རེད། དེ་མིན། བོད་ཡིག་གཙོ་བོར་གྱུར་བའི་ཤེས་ཡོན་སྲིད་བྱུས་དང་བོད་རྒྱ་འབྲེལ་མོལ་སོགས་ཀྱི་སྐོར་ལའང་དྲི་བ་མང་ཙམ་བསླེབས་སོང་།

དྲི་བ། ཉེ་སྔོན་ཉིད་ཀྱི་སྣེ་ཁྲིད་འོག་སྤྱི་འཐུས་ལྔ་ཡུ་རོབ་ནང་སྐོར་སྐྱོད་གནང་བའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། སྤྱི་ཡོངས་ནས་ཞུས་ན། ད་རེབ་ང་ཚོ་ཕྱོགས་ཕེབས་གནང་བའི་དུས་ཚོད་དེ་རན་པོ་བྱུང་སོང་བསམ་ཡོད། གང་ཡིན་ཟེར་ན། ཀྲུའུ་ཝེ་ཆོན་གྱིས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐོར་བ་བརྒྱབ་ཚར་མ་ཐག་དང་། བོད་བསམ་ཡས་ནས་རེད་ཟེར་བའི་གྲྭ་བ་ཞིག་དང་སྤྱི་ཚོགས་ཚན་རིག་པ་ཞིག སྨན་པ་ཞིག་བཅས་མི་གསུམ་གྱིས་ཡུ་རོབ་ཏུ་སྐོར་སྐྱོད་བྱས་ཚར་མ་ཐག་རེད། དེ་བཞིན། ཆེད་མངག་གིས་དུས་ཚོད་བསྒྲིགས་པ་མིན་ཡང་ང་ཚོ་ཕར་ཕྱིན་པའི་སྐབས་སུ། ཧོ་ལན་ཌིའི་སྲིད་བློན་དང་དབྱིན་ཇིའི་སྲིད་བློན་གཉིས་རྒྱ་ནག་ནང་ཕེབས་རན་པའི་དུས་ཚོད་ལ་ཁེལ་འདུག འབྲེལ་ཡོད་ཀྱི་ཕྱི་སྲིད་ལྷན་ཁང་དང་གྲོས་ཚོགས་འཐུས་མི་བརྒྱུད་སྲིད་བློན་ལས་ཁུངས་ལ་ཞུ་དགོས་པའི་གནད་དོན་དེ་ཚོ་གོ་བསྡུར་ལྷུག་པོ་བྱུང་སོང་། ལོ་མང་སྔོན་ནས་ཡུ་རོབ་སྤྱི་མཐུན་ནང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་འཛུགས་དགོས་པའི་འབོད་སྐུལ་ཞུས་ཀྱང་། ཡུ་རོབ་རྒྱལ་ཁབ་ཁ་ཤས་ཀྱིས་དགག་བྱ་ལ་བརྟེན་ཏེ་འཛུགས་ཐུབ་ཡོད་པ་མ་རེད། ད་ལྟའི་ཆར་ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་བསྐོ་བཞག་གནང་ཡོད་པ་མ་ཟད། ཉེ་ལམ་ཉིན་ལྔ་ཙམ་རིང་ཨ་མདོའི་ས་ཁུལ་ཁག་དང་ལྷ་ས་ཁུལ་དུ་གཟིགས་ཞིབ་གནང་ཡོད་པ་རེད། གནས་ཚུལ་དེ་གསར་པ་འདྲ་བོ་རེད། ང་ཚོ་ཡུ་རོབ་ཏུ་བསླེབས་རྗེས། ཡུ་རོབ་དང་རྒྱ་ནག་གི་ཚོགས་ཆེན་(EU-China Summits)ཟེར་བ་ཞིག་འཚོགས་བཞིན་ཡོད་སྟབས། ཚོགས་ཆེན་ཐོག་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་བྱུང་སོང་། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཡིན་པའི་ཆ་ནས་ཕར་ཕྱོགས་ཀྱི་ཐུག་ས་ཡིན་ནའང་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་རེད། ད་རེབ་བྷེལ་ཇམ་གྲོས་ཚོགས་གོང་མའི་ཚོགས་གཙོ་ཚོགས་གཞོན་དང་ཚོགས་མིར་མཇལ་རྒྱུ་བྱུང་བ་དང་། དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་ཆེད་མངག་ང་ཚོར་ཐུག་འཕྲད་གནང་བྱུང་།

དྲི་བ། ཉེ་ཆར་ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་བོད་ནང་བསྐྱོད་སྐབས་མཐོང་སྣང་གང་འདྲ་བྱུང་འདུག

ལན། ཁོང་ཅག་གིས་ཐེངས་འདིར་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཉམ་དུ་སྐད་ཆ་བཤད་པ་སོགས་ཀྱི་ཐོག་ནས་གནས་ཚུལ་མང་པོ་གསལ་པོ་ཆགས་འདུག ཡིན་ནའང་ཁོ་རང་གིས་དམིགས་བསལ་འབོད་སྐུལ་གནང་བ་ལྟར། རྒྱ་གཞུང་གི་ངོས་ནས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་མེད་ལ། ཡུ་རོབ་སྤྱི་མཐུན་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཀྱང་ཁྱབ་བསྒྲགས་བྱས་ཡོད་པ་མ་རེད། ངས་དེ་རིང་འདིར་ཞུ་དོན། བོད་ནང་ལ་ཡོད་པའི་བོད་མི་ཚོས་ཡུ་རོབ་སྤྱི་མཐུན་གྱིས་བོད་དོན་ལ་དོ་སྣང་ཤུགས་ཆེན་པོ་གནང་གི་ཡོད་པ་དང་སེམས་འཚབ་ཡོད་པ་དེ་ཧ་གོ་ན་བསམ་པ་ཡིན། གནས་ཚུལ་ཁག་ཅིག་འདིར་ཞུ་དགོས་དོན་མི་འདུག ཁོ་ཚོར་གནད་དོན་དེ་ཚོ་མཇུག་སྐྱོང་བྱེད་བའི་ཆོད་སེམས་བརྟན་པོ་ཡོད་སྟབས། མ་འོངས་པར་མཇུག་སྐྱོང་གི་ལས་གཞི་མང་པོ་ཡོང་སྲིད་པ་རེད།

དྲི་བ། སྤྱི་འཐུས་ཚོ་ཕྱི་རྒྱལ་ཁག་ཏུ་སྐོར་སྐྱོད་གནང་གི་ཡོད་པ་དེ་ཐག་གཅོད་བྱེད་སྟངས་གང་འདྲ་ཡོད་པ་དང་། དེ་ལ་འགྲོ་སོང་ཇི་ལྟར་གཏོང་གི་ཡོད་དམ།

ལན། ནམ་རྒྱུན་ཚོགས་གཙོ་ཚོགས་གཞོན་ཡིན་ན་རེད། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཡིན་ནའང་རེད། མང་ཆེ་བ་ཞིག་ལ་གདན་ཞུ་གནང་མཁན་གྱི་ཕྱག་ཡིག་ཕུལ་གྱི་ཡོད་པ་དང་། དེ་ནས་སྤྱི་འཐུས་རྒྱུན་ལས་ནང་ལོགས་གྲོས་བསྡུར་བྱས་ཏེ་འགྲོ་དང་མི་འགྲོ་ཐག་གཅོད་ཀྱི་ཡོད་པ་རེད། འགྲོ་སོང་དེ། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བང་མཛོད་ནས་གཏོང་མི་དགོས་པའི་ཐོག་ནས་འགྲོ་བཞིན་ཡོད་པ་རེད། གོང་དུ་ཞུས་པ་ལྟར། ད་རེབ་ཡུ་རོབ་རྒྱལ་ཁབ་ཁག་ལྔའི་ནང་འགྲོ་བའི་སྐབས་ལའང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲོ་སོང་ཆ་ཚང་བཏང་བ་རེད། ༢༠༠༨ ལོའི་ཕྱི་ཟླ་ ༡༢ པའི་ནང་ང་ཚོགས་གཙོ་ཆགས་པ་ནས་བཟུང་ད་ལྟའི་བར་དུ་༧གོང་ས་མཆོག་གི་བཀའ་འབྲེལ་དང་བསྟུན་ཏེ་ཐེངས་གཉིས་གསུམ་ཙམ་ལ་བཅར་བ་དང་། སྐབས་དེའི་འགྲོ་སོང་བང་མཛོད་ནས་བཏང་བ་རེད་མ་གཏོགས་གཞན་པ་ཆ་ཚང་མགྲོན་འབོད་བྱེད་མཁན་ཚོའི་ངོས་ནས་བཏང་བ་རེད། མ་འོངས་པར་དཔལ་ལྡན་ཚོགས་གཙོ་གཞོན་པའི་དབུས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཡུ་རོབ་ཤར་ངོས་ཀྱི་རྒྱལ་ཁབ་ཁག་གི་ནང་འགྲོ་རྒྱུའི་ལས་རིམ་དེའི་འགྲོ་སོང་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཆ་ཚང་གཏོང་རྒྱུ་ཞལ་བཞེས་ཐོབ་ཡོད། གལ་སྲིད་ས་གནས་གཞན་པ་ཚོར་འགྲོ་སོང་གཏོང་མཁན་མ་བྱུང་བ་ཡིན་ན། གཞུང་གི་བང་མཛོད་ནས་གཏོང་དགོས་ཐུག་སྲིད་པ་རེད། དེ་ནས་ནམ་རྒྱུན་ལས་བྱེད་གཞན་པ་ཚོའི་ཟུར་ཕོགས་བང་མཛོད་ནས་གཏོང་གི་ཡོད་པ་རེད།

དྲི་བ། གཞུང་སྒེར་གཉིས་ངོས་ནས་ཕྱི་རྒྱལ་ཁག་ཏུ་བོད་མི་མང་པོ་གནས་སྤོ་བྱེད་ཀྱི་ཡོད་སྟབས། མ་འོངས་པར་བཙན་བྱོལ་སློབ་གྲྭ་དང་དགོན་སྡེ། གཞིས་ཆགས་ཁག་སྲ་བརྟན་ཡོང་མིན་ཐོག་དགོངས་འཆར་གང་འདྲ་ཡོད་དམ།

ལན། དེང་སང་ཁྲིམས་མཐུན་དང་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བོད་པ་མང་པོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འགྲོ་བཞིན་ཡོད་ཀྱང་། དེ་འགོག་ཐབས་ཡོད་པ་མ་རེད། དེའི་ཁར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འཆར་གཞི་དང་ལྡན་པའི་ཐོག་ནས་ཁེ་ན་ཌར་བོད་མི་ཆིག་སྟོང་གཏོང་གི་ཡོད། དེ་བཞིན་དོན་དག་འགྲུབ་པ་ཡིན་ན། ཨ་རིར་ ༥༠༠༠ གཏོང་བའི་ལས་རིམ་ཡོད་པ་རེད། སྤྱིར་བཏང་གཞུང་གི་ལས་བྱེད་དང་དགེ་རྒན་མང་པོ་ཞིག་ཐོན་འགྲོ་ཡི་ཡོད་ཀྱང་། ཁོ་ཚོ་ཕྱི་རྒྱལ་དུ་བསླེབས་རྗེས་མུ་མཐུད་དུ་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་ནང་དུ་ཕྱག་ལས་གནང་སྟེ་ཕར་ཕྱོགས་སུ་ཡོད་པའི་བོད་པ་ཚོར་ཕན་ཆེན་པོ་ཐོགས་ཀྱི་འདུག ཕྱོགས་གཅིག་ལ་གནོད་པ་དང་ཕྱོགས་གཞན་ཞིག་ལ་ཕན་གྱི་ཡོད་པ་མང་པོ་ཡོང་གི་འདུག ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་ཁག་ཆེ་ཆུང་ ༥༤ ཡོད་པ་དང་། མ་འོངས་པར་ཁུངས་འཁྱོལ་ལ་མ་འཁྱོལ་ལ་བྱས་ཏེ་སྡོད་པ་ལས། གཞིས་ཆགས་ཆུང་བ་ཚོ་ཆེ་བ་དང་ཟླ་སྒྲིལ་བཏང་ན་གང་འདྲ་ཡོང་ས་རེད། དེ་བཞིན་སློབ་གྲྭ་ཁག་ཀྱང་ས་གནས་ཅིག་ལ་མང་པོ་མེད་པར་ཟླ་སྒྲིལ་གཏོང་བ་དང་། སྨན་ཁང་དང་རྒན་གསོ་ཁང་དེ་ཚོ་ཡང་རྒྱ་ཆེ་རུ་དང་མཐུན་རྐྱེན་ཡག་ཏུ་གཏོང་ཐུབ་ན། སྤྱི་ཚོགས་ཡུན་རིང་གནས་ཐུབ་པར་ཕན་ངེས་རེད་བསམ་གྱི་འདུག གང་ལྟར་འདས་པའི་ལོ་བཅུ་བཅོ་ལྔའི་ཉམས་མྱོང་ལ་བལྟས་ནས་འབྱུང་འགྱུར་གྱི་ལོ་བཅུ་བཅོ་ལྔའི་ནང་ང་ཚོའི་སྤྱི་ཚོགས་འདི་གང་འདྲ་ཆགས་ས་རེད། དེ་ལ་དཔག་པའི་འཆར་གཞི་ཞིག་བཟོ་བའི་དུས་ལ་བབ་འདུག་ཅེས་ངས་ཡང་ཡང་བཤད་ཀྱི་ཡོད། གཙོ་བོ་འགན་དེ་འཛིན་སྐྱོང་བཀའ་ཤག་གིས་འཁུར་དགོས་ཀྱི་ཡོད་ལ། ང་ཚོ་སྤྱི་འཐུས་ལྷན་ཚོགས་ནས་མཐུན་སྦྱོར་ག་རེ་ཞུ་དགོས་ཞུ་ཡི་ཡིན་ཞེས་རྗོད་ཀྱི་ཡོད། ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པ་དེ་ཚོ་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བཞག་ན་གནས་སྟངས་གང་འདྲ་ཡོང་ས་རེད། དྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་ཁ་འཐོར་དུ་འགྲོ་བཞིན་པའི་བོད་པའི་སྤྱི་ཚོགས་ཕན་ཚུན་བར་གྱི་འབྲེལ་བ་དམ་ཟབ་ཡོང་ཐབས་ཆེད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཚོགས་ཆུང་ཆེད་འཛུགས་བྱས་ཡོད་ལ། ད་ལྟ་ནས་འཛིན་སྐྱོང་གིས་མགོ་བཙུགས་ཏེ་ཉམས་ཞིབ་ཚད་ལྡན་བྱས་ནས་མ་འོངས་སྲིད་ཇུས་དང་ལས་འཆར་བང་འགྲིག་པོ་ཞིག་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. འཇམ་གཅེས ། says:
    ལོ་ 12 སྔོན།

    ངས་ག་དུས་ཡིན་ཡང་དྲ་འབུ་དག་ལ་བཤད་རྒྱུར། ཁྱེད་ཚོས་བོད་སྤྱི་བའི་དོན་དུ་དང་། ཡང་ན་སྤྱི་ཚོགས་གང་ཡང་རུང་བར་འགན་ཁུར་ལྡན་པའི་སྐད་ཆ་བཤད་འདོད་ན་དང་པོར་རང་ཉིད་ཀྱིས་གནས་ལུགས་སྒྲིབ་བྱེད་དང་། དྲང་བདེན་གྱི་ལམ་བུ་སྒྲིབ་ཀྱི་མིག་ཤེལ་ནག་པོ་དེ་མར་ཕུད་ནས་སྐད་ཆ་རེ་ཤོད་དང་མི་བདེན་ཁ་སྦྱིན་སྲིད། དེ་མིན་ལོག་ཏམ་དེ་དག་ལ་སུ་གང་གིས་ཡིད་ཆེས་དང་བདེན་ཁ་སྦྱིན་མི་སྲིད། གཞིས་མི་ཕྱི་རྒྱལ་གནས་སྤོས་ལས་གཞི་འདི་ད་ལྟའི་སྲིད་སྐྱོང་གིས་འགོ་བཙུགས་པ་ཡིན་ནམ་སོམས་ཤིག ཁཐཡེད་ཚོས་སྨྱོས་ཆུ་ནི་མཐུང་ཡོད་ཚོད་མ་རེད།སྐབས་འདིར་ངས་ གོང་གསལ་གནས་ཚང་མིང་ཅན་དང་། འཇིག་མེད་སེང་གེ་གཉིས་ལ་ཟེར་གྱི་ཡོད།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    ད་ཡིན་ན་གཞིས་ཆགས་དང་སློབ་གྲྭ དགོན་པ་གསུམ་ཟླ་སྒྲིལ་བཏང་ནས་མི་འབོར་ཇེ་མང་དང་། ཞལ་འདེབས་སྣ་མང་གི་ལམ་ཁ་ཞིག་ཡིན་སྲིད། གུང་ཁྲན་ཏང་གིས་ཀྱང་བོད་ནང་དེ་ག་རང་གནང་གི་ཡོད་པ་རེད།

    Reply
  3. འཇིག་མེད་སེང་གེ་ says:
    ལོ་ 12 སྔོན།

    ཚོགས་གཙོ་མཆོག་གིས་བཀའ་གནང་བ་ལྟར་གཞིས་ཆགས་དང་སློབ་གྲྭ་སོགས་ཚགས་ཚུད་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོ་འཛིན་སྐྱོང་གིས་འཆར་གཞི་དང་བང་རིམ་སྒྲིག་དགོས། འོན་ཀྱང་ད་ལྟའི་བཀའ་ཤག་གིས་གཞིས་ཆགས་སྲ་བརྟན་མི་གཏོང་བར་གཙོ་ཆེར་གཞིས་མི་ཕྱི་རྒྱལ་ལ་གཏོང་རྒྱུར་ཤུགས་སྣོན་རྒྱག་གི་ཡོད།
    ཚོགས་གཙོ་མཆོག་གི་དགོངས་པར་གཞིས་ཆགས་དང་སློབ་གྲྭ་སོགས་སྲ་བརྟན་བྱས་ཏེ། བོད་ཀྱི་གནད་དོན་ལམ་སེང་ཡལ་མི་འགྲོ་བའི་ཕུགས་དམིགས་བཟུང་ཡོད་པ་དང་། སྲིད་སྐྱོང་གིས་གཞིས་མི་ཕྱི་རྒྱལ་ལ་བཏང་ནས་འཚོ་བའི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད། འདི་གཉིས་ནི་དམིགས་ཡུལ་མི་འདྲ་བ་དང་བྱ་ཐབས་མི་འདྲ་བ་ཞིག་རེད།
    ཡང་སྙིང་ང་ཚོར་ཅི་ཞིག་དགོས་མིན་བོད་མི་མི་རེ་ངོ་རེས་མནོ་བསམ་བཞེས་གལ།
    འདི་ལྟར་བསམ་ཡོང་དུས། ཡུན་རིང་ཉམས་མྱོང་ཡོད་པའི་ཚོགས་གཙོ་མཆོག་གིས་ད་འཛིན་སྐྱོང་ནང་ཕྱག་ལས་གནང་རན་པའི་དུས་ལ་ཐོན་འདུག་དྲན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese