མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་བསྐྱར་དུ་སྲིད་བློན་ལ་འདུག་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག འབྱུང་འགྱུར་ཕྱི་ཟླ་ ༥ པའི་ཚེས་ ༣ ཉིན་གྱི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཀོང་རེ་སེ་ཚོགས་པར་རྒྱལ་ཁ་ཐོབ་ཀྱང་ཁོང་སྲིད་བློན་ལ་བསྐྱར་དུ་སྡོད་རྒྱུ་མིན་པར་བགྲེས་ཡོལ་གནང་རྒྱུ་ཡིན་ཚུལ་བསྒྲགས་འདུག

སྲིད་བློན་མཆོག་གིས་ཀོང་རེ་སེ་ཚོགས་པས་མགོ་ཁྲིད་པའི་སྲིད་གཞུང་གིས་འདས་པའི་ལོ་ ༡༠ རིང་ཕྱི་གསལ་ནང་གསལ་གྱི་སྲིད་ཇུས་བཟུང་སྟེ་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ཁྲིམས་ཡིག་གཏན་འབེབས་དང་ཁོར་ཡུག་སྲུང་སྐྱོབ། ཉམ་ཐག་ལ་ལྟ་སྐྱོང་། དེ་བཞིན། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ཤེས་ཡོན་སྲིད་ཇུས་སོགས་ལག་བསྟར་བྱས་ཡོད་སྟབས། རྒྱ་གར་ནང་ཕྱོགས་གང་ཐད་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་དང་། ད་ལོའི་འོས་བསྡུ་ཆེན་མོའི་ཁྲོད་བསྐྱར་དུ་ཀོང་རེ་སེ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་གདེང་ཚོད་ཡོད་སྐོར། ཀོང་རེ་སེ་ཚོགས་པའི་སྲིད་བློན་འོས་མི་ར་ཧུལ་གྷན་དྷིར་ ( Rahul Gandhi)ལགས་ནི་མཁྱེན་མཛངས་ཉིས་ལྡན་དང་སྲིད་བློན་གྱི་ཆ་རྐྱེན་ཡོངས་སུ་ཚང་ཡོད་སྐོར་སོགས་བརྗོད་འདུག

སྲིད་བློན་སིང་གིས་མུ་མཐུད་དུ་བརྗོད་པར། བྷེ་ཇཱའེ་པི་ཚོགས་པས་སྐུ་ཞབས་ཎ་རིན་ཌ་མུ་དྷི་ ( Narendra Modi ) ལགས་སྲིད་བློན་འོས་མིར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དེར་སྐྱོན་བརྗོད་བྱས་ཏེ། ཁོ་བོ་ནི་ ༢༠༠༢ ལོར་གྷོ་ཅུ་ར་ཌེ་ (Gujurat)མངའ་སྡེའི་ནང་ཁ་ཆེ་མི་རིགས་ཚོར་རྒོལ་རྡུང་གཏོང་བའི་ཡར་ལངས་ལས་འགུལ་ཆེན་མོའི་ཁྲོད་ཉེས་མེད་མི་སེར་ ༡༠༠༠ ལྷག་དམར་གསོད་གཏོང་མཁན་དེ་ཡིན་སྟབས། སྲིད་བློན་གྱི་འོས་བབ་མེད་སྐོར་སོགས་བརྗོད་འདུག འོན་ཀྱང་བྷེ་ཇཱའི་པི་ཚོགས་པས། འདས་པའི་ལོ་ངོ་བཅུའི་རིང་མན་མོ་ཧན་སིང་གིས་སྣེ་ཁྲིད་པའི་ཀོང་རེ་སེ་སྲིད་གཞུང་ནི་ལྐོག་ཟ་རུལ་སུངས་མང་ཤོས་བྱེད་མཁན་གྱི་གཞུང་ཞིག་དང་། རྩ་ཁྲིམས་ལ་རྡོག་རོལ་དང་ལོག་འགྲེལ་བྱེད་མཁན་ཞིག་ཡིན་སྐོར་སོགས་བརྗོད་འདུག

ད་སྔ་རྒྱ་གར་གྱི་མངའ་སྡེ་ཁག་ ༦ ནང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་ཀོང་རེ་སེ་ཚོགས་པར་ཀར་ཎ་ཀྲ་ཁཱ་དང་མི་ཛོ་རམ་མངའ་སྡེ་ ༢ ཐོབ་ཡོད་པ་དང་། བྷེ་ཇཱའི་པི་ཚོགས་པར་མཱ་དྷེ་པར་ཌི་ཤི་དང་ར་འཇི་སི་ཐན། གུ་ཆུ་ར་ཌི། དེ་བཞིན་ཆཱ་དྷེ་སི་གྷར་སོགས་མངའ་སྡེ་ ༤ ནང་རྒྱལ་ཁ་ཐོབ་ཡོད་འདུག ད་ལོ་ཀོང་རེ་སེ་དང་བྷེ་ཇཱའི་པི་ཚོགས་པ་གཉིས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱིན་པའི་ལྡི་ལི་ས་གནས་སྲིད་གཞུང་དེ་ཨར་ཝུན་ཌི་( Arvind Kejriwal)ལགས་ཀྱིས་སྣེ་ཁྲིད་པའི་མི་སེར་དཀྱུས་མའི་ཚོགས་པ་ ( Aam Aadmi Party)ཞེས་པར་རྒྱལ་ཁ་ཐོབ་ཡོད།

དེང་སྐབས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གིས་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༣ ཉིན་གྱི་འོས་བསྡུ་ཆེན་མོའི་ཆེད་བརྗོད་ཚིག་འདྲ་མིན་འོག་སོ་སོའི་སྲིད་བློན་འོས་མི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་ཆབ་སྲིད་ཚོགས་པ་ཆེ་གྲས་ཀོང་རེ་སེ་དང་བྷེ་ཇཱའེ་པི་གཉིས་ཀྱིས་འགྲན་རྩོད་ཤུགས་ཆེན་བྱས་ཏེ། ཎ་རིན་ཌ་མུ་དྷིས་ (Narendra Modi )སྣེ་ཁྲིད་པའི་བྷེ་ཇཱའི་པི་ཚོགས་པས་ “འོས་ཤོག་གཅིག་དང་དངུལ་ཤོག་གཅིག(One vote,One note) ” ཅེས་པའི་འབོད་ཚིག་འོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། ར་ཧུལ་གྷན་དྷིས་ (  Rahul Gandhi)སྣེ་ཁྲིད་པའི་ཀོང་རེ་སེ་ཚོགས་པས་ “བག་ལེབ་ཧྲིལ་བོ་ཟ་འདོད་ན། ཉིན་བརྒྱར་ལས་ཀ་རག་དགོས་ན།  ཀོང་རེ་སེ་ཚོགས་པར་འོས་ལྡུག” ( Eat Full roti,work for 100 days,vote for Congress)ཅེས་པའི་འབོད་ཚིག་འོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཀོང་རེ་སེ་དང་བྷེ་ཇཱའི་པི་ཚོགས་པ་གཉིས་ཀྱིས་རྒྱལ་ཕམ་རྩོད་ཀྱིན་པའི་འཐབ་རྩོད་དང་གཅིག་གཅིག་ལ་སྐྱོན་བརྗོད་བྱེད་པའི་ལམ་ལུགས་ནི་ཀོང་རེ་སེ་ཚོགས་པ་ཁོ་ནས་གཞུང་སྐྱོང་བའི་ལམ་ལུགས་དེ་མཇུག་སྒྲིལ་བ་ནས་བཟུང་བྱུང་བ་ཞིག་ཡིན་སྟབས། རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་ནང་འཐབ་རྩོད་དང་སྐྱོན་བརྗོད་བྱ་རྒྱུའི་ལུགས་སྲོལ་དེ་རྒྱུན་ཆད་མེད་པར་གནས་རྒྱུ་ཡིན་སྐོར་དང་། དེ་ནི་དམངས་གཙོའི་རྒྱལ་ཁབ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese