མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ངེས་པར་དུ་མའོ་རིང་ལུགས་གཙང་སེལ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

གྷོ་ཝུན་ཁྲུན་ ( Gao Wenqian) གྱིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

ཉེ་ལམ་རྒྱ་ནག་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མགོ་བཙུགས་བྱེད་མཁན་མའོ་ཙེ་ཏུང་སྐྱེས་ནས་ལོ་ངོ་ ༡༢༠ འཁོར་བའི་སྐྱེས་སྐར་སྲུང་གཙི་བྱས་ཡོད་ཀྱང་། མི་རབས་གསར་པའི་རྒྱ་ནག་གི་མགོ་ཁྲིད་ཚོས་རྒྱ་ནག་དེ་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཆགས་དགོས་ན། མའོ་རིང་ལུགས་ལ་བཅོས་བསྒྱུར་མ་བཏང་བར་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཡེ་ནས་མེད་སྐོར་རྗོད་བཞིན་ཡོད།

སྲིད་འཛིན་ཞི་ཅིན་ཕིན་གྱིས། ངས་མའོ་ཡི་སྐྱེས་སྐར་དུས་དྲན་དེ་ “ཡང་དག་པ་དང་ཚུལ་མཐུན། ཁ་བཤད་ལག་བསྟར་”  བྱས་ཏེ་སྲུང་གཙི་ཞུ་རྒྱུ་ཡིན་ཞེས་བརྗོད་པ་ལྟར། རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་འདོམ་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དབུས་སྤྱི་ཚོགས་ཚན་རིག་ཁང་གི་ཆབ་སྲིད་ཆེད་མཁས་པ་ཚོས་དག་མཆན་ཐོབ་པའི་མའོ་ཡི་སྐྱེས་སྐར་དང་བྱས་རྗེས་སྐོར་གྱི་རྩོམ་ཡིག་མང་དག་ཅིག་དྲིལ་བསྒྲགས་བྱས་ཡོད། དེ་བཞིན། པེ་ཅིན་གྱི་རྒྱ་ནག་འཐུས་མི་ཚོགས་ཆེན་གྱི་ཚོགས་ཁང་ནང་མང་ཚོགས་དང་མཐོ་རིམ་མི་སྣ་གཅིག་ཁྲི་ལྷག་འདུ་འཛོམས་བྱས་ཏེ། མའོ་ཡི་སྐྱེས་སྐར་ལ་གསར་བརྗེའི་གླུ་དབྱངས་དང་སྙན་ཚིག་གྱེར་སོང་།

མའོ་ཡི་སྐྱེས་སྐར་གྱི་ཚ་རླབས་དེ་རྒྱ་ནག་རྒྱལ་ཡོངས་ནང་དར་ཁྱབ་ཕྱིན་ཡོད་ཅིང་། ལྷག་པར་དུ་མའོ་ཡི་སྐྱེས་ཡུལ་ཧོ་ནན་ཞིང་ཆེན་ཤིན་ཌན་གྲོང་ཁྱེར་ནང་ཚ་རླབས་ཤུགས་ཆེན་པོ་འཕྱུར་ཏེ། མའོ་ཡི་སྐྱེ་སྐར་ལ་ཨ་སྒོར་ཐེར་འབུམ་ ༢།༥ ལྷག་གི་འགྲོ་སོང་བཏང་ཡོད་ལ། ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་ནང་ཨ་སྒོར་ས་ཡ་ ༡༦།༥ ལྷག་གི་གསེར་ཟངས་ལས་གྲུབ་པའི་མོའི་ཡི་སྐུ་བརྙན་ཞིག་བཞེངས་སྐྲུན་བྱས་ཡོད།

རྒྱ་ནག་མགོ་ཁྲིད་ཚོས་མའོ་ལ་ཆེ་བསྟོད་གུས་བཀུར་མཚོན་པའི་རྗེས་དྲན་ཚོགས་པར་ཧ་ལས་དགོས་དོན་མེད། ༡༩༤༩ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙས་ཏེ་མི་ལོ་བཅུ་ཕྲག་གཅིག་འཁོར་རྗེས། མའོ་ཡི་མི་གཤིས་དད་གདུང་ལ་བརྟེན་ཏེ་རྒྱ་ནག་ནང་མི་གཅིག་མའོ་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཤིག་དར་མགོ་བཙུགས་པ་རེད། འོན་ཀྱང་། རྒྱ་ནག་གི་གོང་ན་མེད་པའི་མགོ་ཁྲིད་ཏིན་ཞའོ་ཕིན་གྱིས་མི་གཅིག་མའོ་རིང་ལུགས་ལ་བཅོས་བསྒྱུར་བཏང་སྟེ། རྒྱ་ནག་དེ་མི་གཅིག་གི་སྟོབས་ཤུགས་འོག་མེད་པར་སྲིད་གྲོས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་ཁག་གི་ལམ་སྟོན་དང་མོས་མཐུན་ཐོག་བསྐྱོད་དགོས་པའི་ལམ་ལུགས་གསར་གཏོད་བྱས་པ་རེད། འོན་ཀྱང་། དེང་སང་རྒྱ་ནག་གི་དཔལ་འབྱོར་མྱུར་ཚད་ཇེ་དལ་དུ་ཕྱིན་པ་དང་བསྟུན་ཏེ་མགོ་ཁྲིད་ཚོས་མའོ་ཙེ་ཏུང་གི་བྱས་རྗེས་དག་ནི། དམར་ཤོག་ཚོགས་པའི་དབང་ཐང་སླར་གསོ་དང་སྲུང་སྐྱོབ་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་འདོད་དེ་ལག་བསྟར་བྱེད་ཀྱི་ཡོད།

རྒྱ་ནག་གི་སློབ་གྲྭ་ཁག་ནང་མའོ་ཡི་བྱས་ཉེས་དག་སློབ་ཁྲིད་བྱེད་ཀྱི་མེད་ཀྱང་། ང་ཚོས་ཚོས་ཞིབ་འཇུག་བྱས་པ་ཡིན་ན་མའོ་ཡི་བྱས་ཉེས་མང་པོ་ཞིག་རྟོགས་ཐུབ། མའོ་ཙེ་ཏུང་གིས་ ༡༩༥༨ –༡༩༦༡ ལོའི་ནང་དཔལ་འབྱོར་བཅོས་བསྒྱུར་སྒོ་འབྱེད་དེ་“ མདུན་སྐྱོད་ཆེན་མོ་” ཞེས་པ་ཞིག་ལག་བསྟར་བྱས་ཏེ་རྒྱ་ནག་མི་མང་ས་ཡ་མང་པོ་མུག་ཤི་ཐེབས་ཤིང་། དེ་ནི་སཱི་ཊ་ལཱན་གྱིས་ཐུན་མོང་སྤྱོད་ཡུལ་གྱི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱས་པའི་རྗེས་ཀྱི་མུག་ཤི་ཐེབས་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད། གསར་འགོད་པ་ཡཱང་ཇེ་ཤོང་དང་ལོ་རྒྱུས་སྨྲ་བ་ཕེང་ཌི་ཁཱོ་ཌར་ལགས་ཀྱིས་མའོ་ཡི་ལག་བསྟར་བྱས་པའི་དཔལ་འབྱོར་སྲིད་བྱུས་འོག་མུག་ཤི་ཐེབས་པའི་མང་ཚོགས་ག་ཚོད་ཡོད་མེད་ཞིབ་འཇུག་བྱས་པ་ལྟར་ན་མི་ས་ཡ་ ༣༦ ནས་ ༤༥ ཙམ་ལ་གནོད་འཚེ་ཕོག་སྟེ་གྲོངས་ཡོད་འདུག

འོན་ཀྱང་སྐབས་དེར་མའོ་ཙེ་ཏུང་གིས་རྒྱས་སྤྲོས་འཚོ་བར་ལོངས་སུ་སྤྱད་ནས་བསྡད་ཡོད། གུང་ཁྲན་ཏང་གི་མཐོ་རིམ་མི་སྣ་ཞིག་གིས་ཕྲན་བདུན་ཅུ་དོན་གྲངས་ནང་མའོ་ཙེ་ཏུང་གི་མགྲོན་ཁང་ཨང་དང་པོ་ཟེར་བ་དེར་ལྟ་སྐོར་ལ་ཁྲིད་བྱུང་། སྐབས་དེར་ཕྲན་ནི་མའོ་ཡི་ལམ་ལུགས་ནང་འཚར་ལོངས་བྱེད་བཞིན་པའི་ལོ་ཆུང་གུང་ཁྲན་ཏང་མི་ཞིག་ཡིན། མགྲོན་ཁང་དེ་མུ་གེ་ཆེན་མོའི་སྐབས་ལ་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། སྒོ་རྭའི་མཐའ་ཁོར་ལ་སྔོ་ལྗང་མེ་ཏོག་དང་རྩི་ཤིང་མང་པོས་བསྐོར་བ་དང་། ཁང་པའི་མཐིལ་ཡོངས་མེ་ཏོག་ཁྲ་ཆིལ་ཆིལ་གྱི་རུམ་གདན་དང་། ཁང་པའི་ཡོལ་བ་གོས་ཆེན་དམར་པོས་གཡོག་པའི་བཀོད་ལེགས་ལྷ་ཡི་ཁང་བཟང་ལྟ་བུ་ཞིག་རེད།

རྒྱ་ནག་ནང་དཔལ་འབྱོར་དཀའ་ངལ་ཛ་དྲག་ཆགས་པ་དང་བསྟུན་ཏེ་ཆབ་སྲིད་གནས་སྟངས་ཀྱང་འ་ཆད་འུ་ཐུག་གི་གནས་སུ་གྱར་ཡོད། ༡༩༦༦ ལོར་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་བསླངས་ཏེ་ལོ་ངོ་བཅུ་ཕྲག་ཅིག་ལྷག་རིང་རྒྱ་ནག་མི་མང་སྡུག་བསྔལ་གྱི་འོབས་ནང་དུ་ལྷུང་ཡོད་ཅིང་། ལྷག་པར་དུ་ནང་མི་ཁ་བྲལ་གཏོང་བ་སོགས་བསམ་སྤྱོད་ལས་འདས་པའི་དོན་རྐྱེན་མང་པོ་བཟོས་ཏེ་སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱས་ཡོད། ༡༩༧༦ ལོར་མའོ་ཙེ་ཏུང་ཤི་བ་དང་མཉམ་དུ་མའོ་ཡི་ཆུང་མ་ཅཱང་ཅིན་གྱིས་མགོ་ཁྲིད་པའི་མི་བཞི་ཤོག་ཁག་གི་ངན་སྤྱོད་དག་ཀྱང་ཐལ་བའི་རྡུལ་དུ་བརླགས་སྟབས་རྒྱ་ནག་ནང་གི་ཛ་དྲག་གི་དཀའ་ངལ་དེ་དག་རེ་ཞིག་མཇུག་བསྒྲིལ་ཡོད།  

རྒྱ་ནག་ནང་གི་མའོ་ཡི་རྐང་རྗེས་ཡོངས་རྫོགས་ཁྲག་གིས་ཁེངས་ཡོད་ཀྱང་། ད་དུང་རྒྱ་རིགས་ཚོས་ཅིའི་ཕྱིར་མའོ་ཙེ་ཏུང་ལ་དགའ་ཞེན་བྱེད་པ་དང་། མའོ་ཙེ་ཏུང་གི་འདྲ་པར་གནམ་བདེ་སྒོ་མོ་ཆེའི་སྟེང་འགྱིང་ངེར་བཤམ་སྟོན་བྱེད་དོན་གང་ཡིན་ནམ།  

དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་གཏོང་ཐབས་ཀྱི་རྨང་གཞིའི་ཆ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། མའོ་ཙེ་ཏུང་ལྟ་གྲུབ་སྨྲ་བ་ཞིག་ཡིན་སྟབས་སྤྱི་ཚོགས་དང་ཆབ་སྲིད་ལ་བཅོས་བསྒྱུར་གཏོང་མཁན་ཞིག་ཡིན་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཐོག་ཡིད་ཀྱི་དང་བ་འདྲེན་པའི་ནུས་པ་འདོན་ཐུབ་མཁན་མགོ་ཁྲིད་ཅིག་ཆགས་མེད། མའོ་ཙེ་ཏུང་འདས་རྗེས་ཏིན་ཞའོ་ཕིན་གྱིས་བདུན་ཅུ་དོན་གྲངས་ནང་ “བཅོས་བསྒྱུར་སྒོ་འབྱེད་” ཅེས་པའི་དཔལ་འབྱོར་སྲིད་བྱུས་ཤིག་ལག་བསྟར་བྱས་སྟབས། རྒྱ་ནག་ནང་གནམ་ས་བླ་འོག་བརྗེ་བ་ལྟར་དཔལ་འབྱོར་འཕེལ་རྒྱས་བྱུང་ཡོད་ཀྱང་། མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་དོ་མཉམ་མ་བྱུང་བའི་དཀའ་ངལ་འཕྲད་ཡོད། རྒྱ་གཞུང་གིས་མང་ཚོགས་ཀྱི་ས་ཆའི་བདག་དབང་ལ་བརྩི་བཀུར་མེད་པ་མ་ཟད། ཞིང་པ་དང་ལས་བཟོ་བ་མང་པོ་ཞིག་ས་ཁུལ་ཁག་ནང་གནས་སྤོ་དང་སྦག་བཙོག་ཅན་གྱི་རླུང་ཁམས་སྣོམ་ནས་སྡོད་དགོས་བྱུང་ཡོད།

དེར་བརྟེན། རྒྱ་རིགས་མང་པོ་ཞིག་གིས་གཞུང་གཉེར་ཁེ་ལས་འོག་མ་ཤི་བར་རྒན་གསོ་ལས་གནས་ཐོབ་པའི་མའོ་ཙེ་ཏུང་སྐབས་ཀྱི་གཡོན་ལྷུང་ལམ་ལུགས་དག་ལ་མོས་གུས་དང་དྲན་གསོ་བྱེད་བཞིན་ཡོད་ས་རེད། དེང་སང་རྒྱ་ནག་ནང་སྤྱི་ཚོགས་ཉེན་སྲུང་སྟེ་འཕྲོད་བསྟེན་ལྟ་སྐྱོང་གཙོས་རྒན་ཡོལ་ཀྱི་ཐོབ་ཐང་སོགས་མེད་སྟབས། རྒན་འཁོགས་མང་པོ་ཞིག་གིས་སོ་སོའི་འགན་འཁྲི་སོ་སོས་འཁུར་དགོས་པ་ཆགས་ཡོད། འོན་ཀྱང་། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མྱུར་ཚད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲམ་ཆུ་ལྡང་གི་ཡོད་ཀྱང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་དེ་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད། ༢༠༡༠ ལོར་རྒྱ་ནག་རྒྱལ་ཡོངས་སུ་མང་ཚོགས་ཀྱི་ངོ་རྒོལ་ ༡༨༠༠༠༠ ལྷག་བྱུང་ཡོད་པ་དེས་གང་ཞིག་གསལ་བཤད་བྱས་ཡོད་ཅེ་ན། རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཐོག་འདོད་བློ་མ་ཁེངས་པའི་གནས་སྟངས་ཤིག་ཡོད་པ་ཤེས་རྟོགས་ཐུབ་ཅིང་། མི་སེར་དཀྱུས་མ་ཚོ་པེ་ཅིན་དུ་བསྐྱོད་དེ་ས་གནས་སྲིད་གཞུང་གི་ལས་བྱེད་ཚོས་ལྐོག་ཟ་རུལ་སུངས་དང་དྲང་བདེན་བྱེད་ཀྱི་མེད་པའི་གནས་ཚུལ་མང་པོ་དབུས་གཞུང་ལ་གཏུག་བཤེར་བྱས་ཏེ། ཁོང་ཚོར་དཔལ་འབྱོར་དྲང་བཞག་དང་ཁྲིམས་སྲོལ་གཙོ་བོར་འཛིན་པའི་ལམ་ལུགས་ཤིག་དགོས་པའི་དགོས་འདུན་འདོན་བཞིན་ཡོད།   

ལྐོག་ཟ་རུལ་སུངས་དོན་རྐྱེན་འོག་བཙོན་འཇུག་བྱས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་པའོ་ཞི་ལཱེ་ཡིས་མའོ་ཡི་ལམ་ལུགས་ལག་བསྟར་བྱས་ཏེ་སྲིད་དབང་བསྐྱངས་ཡོད། ཁོའི་དབང་ཆ་ཉམས་རྒུད་མི་འགྲོ་ཆེད་མའོ་ཙེ་ཏུང་གི་ལམ་ལུགས་བསྐྱར་གསོ་ཡོང་ཐབས་ལ། ཁྲུང་ཆེན་གྲོང་ཁྱེར་ནང་མའོ་ཡི་བསྟོད་གླུ་དང་སྤྱི་ཁང་གསར་འཛུགས་སོགས་མི་མང་ལ་ཕན་བདེ་སྒྲུབ་ཆེད་ཡིན་སྐོར་བརྗོད་དེ་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གཙོས་མགོ་ཁྲིད་དག་གིས་པའོ་ཞི་ལཱེ་བཙོན་འཇུག་བྱས་པ་ཙམ་ལས། མའོ་ཡི་སྲིད་བྱུས་ཁག་ལ་བཅོས་བསྒྱུར་དང་ཟུར་དུ་འཇོག་རྒྱུའི་སྲིད་ཇུས་ལམ་སྲོལ་ཞིག་ད་དུང་འཛིན་ཐུབ་ཀྱི་མེད། གང་ཡིན་ཞེ་ན། ཁོ་ཚོ་མའོ་ཡི་ཐབས་ལམ་དེ་དག་ནང་འཐིམ་ནས་བསྡད་ཡོད།

ཞི་ཅིན་ཕིན་ལ་མའོ་ཙེ་ཏུང་གིས་མཛུབ་སྟོན་བྱས་པའི་དཔལ་འབྱོར་ལམ་ལུགས་ཐོག་བསྐྱོད་རྒྱུའི་འདོད་པ་མེད། ཉེ་ཆར་སྐོང་ཚོགས་བྱས་པའི་རྒྱ་ནག་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ཞི་ཅིན་ཕིན་གྱིས་དཔལ་འབྱོར་ལམ་ལུགས་ལས་ཁྲོམ་རྭ་གལ་ཆེན་ཡིན་སྐོར་བརྗོད་ཡོད་ཀྱང་། ཕྱོགས་མཚུངས་མའོ་ཡི་ཆབ་སྲིད་ལམ་ལུགས་ཐོག་ཁ་ཞེ་གཉིས་མེད་ཀྱི་ཚུལ་དུ་ཆབ་སྲིད་དམིགས་ཡུལ་སྒྲུབ་ཀྱི་ཡོད་པ་ནི་གསལ་པོ་ཡིན། གང་ཡིན་ཞེ་ན།  གསར་དུ་བདམས་ཐོན་བྱུང་བའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ལྷན་ཚོགས་ཤིག་གི་སྟེང་ཞི་ཅིན་ཕིན་གྱིས་ “༡༩༤༩ –༡༩༧༩ མའོ་ཙེ་ཏུང་གིས་བཅོས་བསྒྱུར་བཏང་བའི་གསར་བརྗེའི་དུས་རབས་དེ་ཁས་ལེན་མ་བྱས་ན་འགྲིག་ཐབས་མེད་སྐོར་བརྗོད་པ་ལྟར། ཁོས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་རྒོལ་རྡུང་དྲག་པོ་བཏང་སྟེ་ལེགས་བཅོས་དང་བསྟུན། མའོ་ཡིས་ལག་བསྟར་བྱས་པའི་སྲིད་བྱུས་ཁག་གི་རང་འཚང་སྟོན་ཐབས་ཀྱི་ལས་དོན་མགོ་འཛུགས་བྱས་ཡོད།   

མའོ་ཙེ་ཏུང་གིས་གསར་གཏོད་བྱས་པའི་ལམ་ལུགས་ཐོག་སྐྱོད་ཚེ་ཞི་ཅིན་ཕིན་དང་རྒྱ་ནག་གཉིས་ཀར་དགེ་ལས་སྐྱོན་ཆེ་བ་ཡོད་ཅིང་། གལ་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་མང་ཚོགས་ཀྱི་ཡིད་དབང་འཕྲོག་ནུས་པའི་རྐྱེན་ངན་སློང་མཁན་ཆབ་སྲིད་པ་པའོ་ཞི་ལཱེ་ལྟ་བུ་ཞིག་བསླེབས་པ་ཡིན་ན་རྒྱ་ནག་དེ་གང་འདྲ་ཞིག་ཆགས་ཀྱི་རེད་དམ། ཞི་ཅིན་ཕིན་གྱིས་པའོ་ཞི་ལཱེ་ཡི་ལམ་ལུགས་ཐོག་བསྐྱོད་དགོས་པ་ཆགས་སྲིད་དམ། ཡང་ན། རྒྱ་ནག་ནང་རིག་གནས་གསར་བརྗེའི་རྦ་རླབས་གཉིས་པ་ཞིག་འཕྱུར་སྲིད།

མི་གཅིག་སྲིད་དབང་རིང་ལུགས་དང་དཔལ་འབྱོར་གུ་ཡངས་སྲིད་ཇུས་འཛིན་མཁན་ཏིན་གྱིས་མའོ་ཡི་རིག་གནས་གསར་བརྗེ་དེ་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་། མའོ་ཡིས་རྒྱ་ནག་ནང་གསུབ་ཏུ་མེད་པའི་བྱ་བཞག་མང་པོ་ཞིག་གསར་གཏོད་བྱས་ཡོད་སྟབས། ཁོའི་བྱས་ཉེས་ལས་བྱས་རྗེས་ཆེ་བ་ཡོད་པར་ངོས་འཛིན་གྱིས་ཆེ་བསྟོད་བྱས་ཡོད། ཏིན་གྱིས་མའོ་ཡི་སྲིད་བྱུས་ལ་རྒོལ་རྡུང་མཐར་ཕྱིན་བཏང་ཡོད་ཀྱང་། ཁོས་མའོ་རིང་ལུགས་ཀྱི་དར་ཆ་དེ་རྒྱ་ནག་ནང་གསོན་པོར་གནས་ཐུབ་པའི་ལམ་ཁ་སྤྲད་ཡོད།

འདས་པའི་ལོ་རྒྱུས་བཞུར་རྒྱུན་རིང་མོ་རྒྱ་ཡན་ལ་གཏོང་ཐབས་ཡེ་ནས་མེད་ཀྱང་། ད་ལྟ་དེ་ཚོ་མེད་པར་བཟོ་རྒྱུའི་དུས་ལ་བབ་འདུག མའོ་ཙེ་ཏུང་གི་གསོན་ཤུགས་ད་དུང་རྒྱ་ནག་ནང་གནས་ཡོད་སྟབས། རྒྱ་ནག་གི་སྤྱི་ཚོགས་བཅོས་སྒྱུར་གཏོང་ཐབས་ལ་མའོ་རིང་ལུགས་དེ་འགོག་རྐྱེན་ཆེ་ཤོས་སུ་འགྱུར་ཡོད། ད་ལྟ་འདས་པའི་འབྱུང་རབས་ལ་བལྟས་ཏེ་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས་པ་ཆགས་ཡོད། རྒྱ་ནག་ནང་ཁྲིམས་མེད་སྲིད་བྱུས་ཤིག་བཟུང་སྟེ་དེང་རབས་ཀྱི་རིག་གནས་གསར་བརྗེ་གཉིས་པ་ཞིག་མགོ་འཛུགས་བྱེད་པ་ལས་ཁྲིམས་ཀྱིས་དབང་བསྒྱུར་བྱེད་པའི་གཞུང་ཞིག་ངེས་པར་དུ་གསར་འཛུགས་བྱ་ཐུབ་བ་བྱེད་དགོས།

གྷོ་ལྦུན་ཁྲུན་ལགས་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་སློབ་སྟོན་པ་རྒན་གྲས་ཤིག་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་རྩོམ་རིགས་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡང་བྱས་མྱོང་ཡོད། ཁོང་ ༡༩༩༣ ལོར་ཨ་རིར་གནས་སྤོ་གནང་སྟེ་ ༼ ཀྲོའུ་ཨེན་ལི། – ཡང་དག་པའི་མཇུག་མཐའི་གསར་བརྗེ་བ་ཞིག ༽ ཅེས་པའི་དཔེ་དེབ་རྩོམ་མཁན་དེ་ཡིན་ཞིང་། དེབ་དེ་རྒྱ་ནག་ནང་ཚོང་འགྲེམ་བྱེད་ཆོག་གི་མེད།

མ་རྩོམ་གྱི་འབྲེལ་ཐག http://www.nytimes.com/2013/12/26/opinion/china-must-purge-maos-ghost.html?src=rechp&_r=0

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    ཡིག་སྒྱུར་བ་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག བསམ་ཚུལ་ཞིག་ཡོད་དེ། ཉིག་ཡོག་དུས་བབ་ཏུ་འཁོད་པའི་དབྱིན་འགྱུར་རྩོམ་ཡིག་དེའི་མ་རྩོམ་ནི་རྒྱ་ཡིག་གིས་བྲིས་པ་ཡིན་པས། རྒྱ་ནག་གི་ས་མིང་དང་མི་མིང་རྣམས་ཀྱི་བོད་འགྱུར་ནི་བོད་ནང་གི་མཁས་པ་ཚོས་གཅིག་གྱུར་བྱས་ཟིན་པའི་ཐ་སྙད་རིགས་བེད་སྤྱོད་འོས་པར་སྙམ། རྒྱ་བོད་སྒྲ་གདངས་སོར་འཇོག་གི་སྒྱུར་ཐབས་ནི་༼རྒྱ་བོད་ཚིག་མཛོད༽ཀྱི་མཇུག་ན་འཁོད་འདུག་པ་དེ་གཞིར་བཟུང་ན་ལེགས།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    རྡ་ས་ནས་ཀྱང་མའོ་ལ་དད་པ་ཡོད་མཁན་དང་། མའོ་ལ་བསྟོད་པ་བྱེད་མྱོང་མཁན་རྩ་མེད་དུ་གཏོང་རན་མེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese