མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གིས་ལ་དྭགས་ནང་བཙན་འཛུལ་བྱེད་ཀྱི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་མིའི་མཐའ་སྲུང་དམག་མིས་བདུན་ཕྲག་གཉིས་རེའི་མཚམས་སུ་ལ་དྭགས་ས་ཁུལ་ཁག་གཅིག་ནང་བཙན་འཛུལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག 

དེ་རིང་རྒྱ་གར་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས་བརྗོད་པ་ལྟར་ན། བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་ནས་རྒྱ་ནག་གི་མཐའ་སྲུང་དམག་མིས་བདུན་ཕྲག་གཉིས་རེའི་ནང་རྒྱ་གར་བྱང་ཤར་ལ་དྭགས་ས་ཁུལ་ཆུ་དམར་ (Chumar)དང་། རྭ་ཁཱེ་ཎུ་ལཱ (RakhiNullah)། ཏཱག་གྲིབ་(Takdip )སོགས་སུ་བཙན་འཛུལ་བྱེད་ཀྱིན་ཡོད་སྐོར་བསྒྲགས་འདུག གནས་ཚུལ་དེའི་རྐྱེན་གཙོ་བོ་ནི་རྒྱ་གར་རྒྱལ་སྲུང་བདེ་འཇགས་དམག་མིས་ཉེ་ལམ་ནས་རྒྱ་དཀར་ནག་གི་རྩོད་གཞི་ཉོག་ཅན་གྱི་ས་མཚམས་ཐོག་དམག་སྒར་དང་འཛུགས་སྐྲུན་ལས་གཞི་མགོ་འཛུགས་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་དེ་ལ་འདོད་པ་མེད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་དང་། སྔར་ལོའི་ཟླ་ ༤ དང་ ༥ ནས་ད་བར་རྒྱ་ནག་གི་དམག་མིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་ཐེངས་ ༢༠ ཙམ་བྱས་ཡོད་འདུག

རྒྱ་གར་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས། རྒྱ་ནག་མཐའ་མཚམས་དམག་མིས་རྒྱ་གར་བྱང་ཤར་ལ་དྭགས་ནང་བཙན་འཛུལ་ཡང་ཡང་བྱེད་ཀྱིན་ཡོད་ཀྱང་། ཁོ་ཚོ་ས་ཁུལ་དེ་དག་ནང་དུས་ཡུན་ཆུ་ཚོད་ ༡ ཙམ་ལས་སྡོད་ཀྱི་མེད་སྟབས། ད་སྔ་རྒྱལ་ཁབ་བདེ་འཇགས་ལ་གནོད་གཞིའི་གནས་ཚུལ་དེ་དག་སྐོར་རྒྱ་ནག་ལ་ཉེན་བརྡ་གང་ཡང་བཏང་མེད་སྐོར་དང་། རྒྱ་དམག་གིས་ལ་དྭགས་བྱང་ཤར་ཁུལ་དུ་དམག་མིའི་རླངས་འཁོར་ཡང་ཡང་གཏོང་གི་ཡོད་པ་དེ་ནི། བོད་ནུབ་ངོས་ཀྱི་མཐའ་མཚམས་ཁུལ་དུ་རྒྱ་ནག་གིས་གཞུང་ལམ་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་ཡོད་པས་ཡིན་སྟབས། འབྱུང་འགྱུར་ཡང་གནས་ཚུལ་དེ་རིགས་འཐོན་སྲིད་སྐོར་བསྒྲགས་འདུག

སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༩ དང་ཚེས་ ༢༠ ཉིན་རྒྱ་ནག་མཐའ་སྲུང་དམག་མི་ལ་དྭགས་ལྡེབ་བཟང་ ( Depsang)ཞེས་པའི་ས་ཁུལ་དང་། ཚེས་ ༡༣ ཉིན་ཏཱག་གྲིབ་ཞེས་པར་འཛུལ་ཡོད་པ་དང་། ཟླ་འདིའི་ཚེས་ཤར་ལ་སླར་ཡང་ལ་དྭགས་ཆུ་དམར་དང་ཏཱག་གྲིབ་སོགས་སུ་འཛུལ་ཏེ་དུས་ཡུན་ཆུ་ཚོད་ ༡ ཙམ་བསྡད་རྗེས་ཕྱིར་ལོག་ཡོད་འདུག  

འདས་ལོའི་ཟླ་ ༡༠ པའི་ནང་རྒྱ་གར་སྲིད་བློན་མན་མ་ཧཱན་སིང་དང་རྒྱ་ནག་གི་སྲིད་བློན་ལི་ཁཱེ་ཆིང་གཉིས་ཀྱིས་མཐའ་མཚམས་སྲུང་སྐྱོབ་སྐོར་གྱི་ཡིག་ཆར་མིང་རྟགས་བཀོད་དེ། ས་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་དམག་འཐབ་མི་འབྱུང་བ། མཉམ་ལས་དམག་སྦྱོང་བྱ་རྒྱུ་སོགས་ལ་གྲོས་ཆོད་བཞག་ཡོད་ཀྱང་། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དེ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཐེངས་འདིར་ཡང་རྒྱ་ནག་གི་དམག་མི་རྒྱ་གར་ས་མཚམས་ནང་འཛུལ་ཏེ་རྒྱ་གར་གཞུང་དམངས་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    གནས་ཚང་དྲིན་ཆེན་གྱིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་བོད་ཀྲུང་གོའི་ཆ་ཤས་རེད་ཅེས་མ་བསྐུལ་དང་བླངས་ཀྱིས་དཔང་པོ་རྫུན་མ་ཞིག་ཐོན་ཙང་། ད་ཆ་སྐྱིད་པོ་ར་ཡི་འུར་རྡོ་ར་ལ་ཕོགས་པ་རེད་ལ། ལས་ངན་རང་ལ་འཁོར་བར་སྙིང་རྗེའི་ཡུལ་ལས་གཞན་བྱ་ཐབས་མེད་པ་རེད་དོ།

    Reply
  2. གངས་ལྡོམ། says:
    ལོ་ 12 སྔོན།

    སྤྱིར་རྒྱ་གར་ལ་མཚོན་ན་རྒྱ་དམག་ལ་དྭགས་ནང་འཛུལ་བ་ནི་ཡག་པོ་ཞིག་མ་རེད།
    ཡིན་ནའི་རྒྱ་དམག་གིས་རྒྱ་གར་ལ་ཡང་ཡང་བཙན་འཛུལ་བྱས་པ་ཡིན་ན།
    རྒྱ་གར་གཉིད་ལས་སད་དེ་བོད་པར་རོགས་རམ་ཚ་ཚང་ཞིག་གནང་མདོག་ཁ་པོ་རེད།
    དེ་མིན་རྒྱ་གར་གྱིས་བོད་པར་རོགས་པ་གནང་གི་ཡོད་པ་དེ་ནི་ཡིན་སི་མིན་སི་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese