མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཕ་ཡུལ་གཅིག་པ་ཕྱོཊ་འཐེན་མ་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༣ ཉིན་དབུས་འོས་བསྡུ་ལས་ཁང་གིས་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་དང་འབྲེལ་བའི་ཐོག་གསལ་བཤད་ཅིག་ཕེབས་པའི་ནང་། སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་ལཊ་སྤྱི་འཐུས་ལས་གནས་ནས་དགོངས་འཁྲོལ་ཟིན་སྐོར། དཔལ་ལྡན་སྤྱི་འཐུས་ཚོཊ་གཙོ་སྦྲེལ་པོའི་མཚན་ཐོག་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༧ འཁོད་བཀའ་ཡིག་ཕེབས་དོན་དུ། བཅའ་ཁྲིམས་དོན་ཚན་ ༥༧ ནང་གསེས་ ༢ པ་ནང་གསལ་ལྟར་ལག་བསྟར་གནང་དགོས་ཞེས་ཕེབས་ཐད། འོས་བསྡུ་སྒྲིག་གཞིའི་དོན་ཚན་ ༥༡ པའི་ནང་གསེས་ ༢ པའི་ནང་སྤྱི་འཐུས་དུས་ཡུན་ནང་ས་མིག་སྟོང་པ་ཐོན་ཚེ་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོའི་གྲལ་མཚམས་གར་འཁེལ་ནས་ཚབ་གསར་འཇུག་རྒྱུའི་ཆེད། བརྒྱ་ཆ་ ༣༣ ཡན་ལོན་ཁོངས་ནས་འོས་ཐོབ་མང་རིམ་བཞིན་ཐོར་བཀོད་དེ་འོས་བསྡུའི་འགན་འཛིན་རྣམ་པ་གསུམ་དང་། ཟུར་དཔང་རྣམས་ཀྱི་མཚན་རྟགས་བཀོད་པ་འོས་བསྡུ་ལས་ཁང་དུ་ཉར་དགོས་པར་སོང་། སྐུ་ཉིད་བརྒྱ་ཆ་ ༣༣ མ་ལོན་སྟབས་མདོ་སྨད་སྤྱི་འཐུས་འོས་དམིགས་སྒུག་ཐོའི་ནང་མེད་པར་བརྟེན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ཐེངས་ ༢ པའི་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་གནང་ནས་བཅའ་ཁྲིམས་དོན་ཚན་ ༣༦ པའི་ནང་ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་མཆོག་གིས་ཆོག་མཆན་མིང་རྟགས་འགོད་དགོས། ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་གནང་བ་དེར་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་དངོས་སུ་མཚན་རྟགས་བཀོད་པ་དེ་ལག་བསྟར་བྱེད་དགོས་པས་ད་ལམ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་ཁྲིམས་སྒྲིག་དགོངས་དོན་ལྟར་ལག་བསྟར་བྱེད་དགོས་པ་ཆགས་ཡོད། སྲིད་སྐྱོང་གིས་མཚན་རྟགས་བསྩལ་བའི་ཉིན་མོ་ནས་བཟུང་ལག་བསྟར་དགོས་པ་སོང་མཐའ་མའི་བསྐྱར་བཅོས་གཏན་འབེབས་ཇི་སོང་ལ་ཚད་འཛིན་ལག་བསྟར་ཞུ་དགོས། ཞེས་བཀོད་འདུག་ཀྱང་། སྤྱི་ཚོགས་ཀྱི་གླེང་སློང་དང་འབྲེལ་བའི་དོགས་གནད་ཁག་ཅིག་ད་དུང་གསལ་ཁ་བཏོན་ཐུབ་མེད་སྟབས། ཚེས་ ༧ དང་ ༨ ཉིན་སོ་སོར་གསར་འགོད་པ་འོས་བསྡུ་ལས་ཁང་དུ་བཅར་ཏེ་དོགས་སེལ་ཞུས་ཡོད།

དྲི་བ། སྐབས་བཅོ་ལྔ་པའི་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དགོངས་པ་ཞུས་ཤུལ་དུ་མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུའི་ལས་རིམ་དེ་ད་ལྟ་གནས་སྟངས་གང་འདྲར་བསླེབས་ཡོད་དམ།

ལན། ད་ལྟ་མདོ་སྨད་སྤྱི་འཐུས་གཅིག་གི་ས་མིག་ཐོག་བར་མའི་འོས་བསྡུ་བྱེད་རྒྱུ་གཏན་འཁེལ་བསྡད་ཡོད་པ་རེད། འོས་བསྡུའི་ལས་རིམ་དེ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་ནས་མགོ་འཛུགས་བྱས་ཟིན་པ་རེད། སྤྱིར་བཏང་འོས་བསྡུ་ཆེན་མོའི་སྐབས་ཡིན་ན་ས་གནས་ ཁག་ ༤༦ ཡོད་པ་རེད། ད་རེབ་བར་མའི་འོས་བསྡུ་དེ་རྒྱ་བལ་འབྲུག་གསུམ་མ་གཏོགས་ཕྱི་རྒྱལ་ཁག་ཏུ་གནང་དགོས་ཀྱི་ཡོད་པ་མ་རེད། ད་ལྟ་ང་ཚོར་འབྱོར་ཟིན་པ་དེ་ས་གནས་ ༣༦ ཙམ་འབྱོར་འདུག དེ་དག་ལས་འབྲུག་ཡུལ་སོགས་ས་གནས་ ༥ ཙམ་ནང་མདོ་སྨད་པ་མི་འདུག ལྡི་ལི་དང་བལ་ཡུལ་སོགས་ནས་ད་དུང་འབྱོར་མ་སོང་། གཅིག་བྱས་ན་བལ་གོས་ཚོང་ས་སོགས་ས་གནས་ཆུང་ཆུང་རེ་ཟུང་གསར་པ་ཡོང་སྲིད་པ་རེད། ཐེངས་འདིར་ང་ཚོས་མདོ་སྨད་ཀྱི་མི་ ༤༠༠༠ ཡས་མས་ཤིག་ལ་ཚོད་དཔག་བྱེད་ཀྱི་ཡོད། སྔོན་འགྲོ་དེ་ཕྱི་ཟླ་ ༢ ཚེས་ ༡༧ ལ་གནང་རྒྱུ་རེད། དངོས་གཞི་དེ་ཕྱི་ཟླ་ ༦ ཚེས་ ༩ ཉིན་རེད།

དྲི་བ། སྐབས་བཅོ་ལྔ་པའི་སྤྱི་འཐུས་གྲོས་ཚོགས་གཉིས་པའི་སྟེང་། འོས་གྲངས་བརྒྱ་ཆ་ལོན་མི་དགོས་པར་འོས་གྲངས་མང་རིམ་རྩེ་གཏོག་བྱ་དགོས་ཞེས་བཀོད་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་ས་རྟགས་བསྐྱོན་ཉིན་ནས་སྒྲིག་གཞི་གསར་པ་ལག་བསྟར་བྱེད་དགོས་པ་དང་། མདོ་སྨད་སྤྱི་འཐུས་གཅིག་གི་ས་མིག་དེ་སྐབས་བཅོ་ལྔ་པ་རང་ལ་ཐོན་པ་ཡིན་སྟབས། འོས་བསྡུ་སྔོན་མའི་ཁྲོད་མདོ་སྨད་འོས་གྲངས་བརྒྱ་ཆ་ལོན་མཁན་གཉིས་དེ་སྤྱི་འཐུས་སུ་བསྐོས་ཟིན་པའི་རྗེས་ཀྱི་འོས་གྲངས་མཐོ་ཤོས་དེ་ད་རེབ་རྩེ་བཏོག་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

ལན། སྤྱིར་ཉེ་ལམ་འགན་འཛིན་མཆོག་གིས་གསལ་བོ་གསུངས་ཚར་ཡོད་ཀྱང་། ད་དུང་གསལ་བོ་ཆགས་དགོས་པ་ཞིག་ལ། སྔོན་ཆད་འོས་བསྡུའི་སྒྲིག་གཞིའི་ནང་བརྒྱ་ཆ་ ༣༣ ལོན་དགོས་པ་ཞིག་གསལ་ཡོད་ཀྱང་། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གནང་སྟེ་མ་འོངས་པར་བརྒྱ་ཆ་ལོན་མི་དགོས་པ་བཟོས་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ལ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་མཚན་རྟགས་བསྐྱོན་ཟིན་འདུག ཉི་མ་དེ་ནས་བཟུང་ས་གནས་གྲོས་ཚོགས་དང་གཞིས་མགོ བོད་མི་མང་སྤྱི་འཐུས་སུ་ཞིག་ཡིན་རུང་སྒྲིག་གཞི་གསར་པ་གཞིར་བཟུང་འགྲོ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།

དྲི་བ། བརྒྱ་ཆ་ལོན་མི་དགོས་པའི་སྒྲིག་གཞི་བསྐྱར་བཅོས་དེར་སྲིད་སྐྱོང་མཆོག་གིས་མཚན་རྟགས་བསྐྱོན་པའི་ཉིན་མོ་ནས་ལག་བསྟར་བྱེད་དགོས་ན། སྒྲིག་གཞི་གསར་པ་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་གང་ལ་ལག་བསྟར་བྱེད་དགོས་མིན་གསལ་ཁ་ཡོད་དམ།

ལན། འོས་བསྡུའི་སྒྲིག་གཞིའི་ནང་སྐབས་བཅོ་ལྔ་དང་བཅུ་དྲུག་གི་སྐད་ཆ་ཡོད་པ་མ་རེད། སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་པའི་ཉིན་ནས་ཁྲིམས་ཆགས་ཚར་ཡོད་སྟབས། ང་ཚོས་ཉི་མ་དེ་ནས་བཟུང་སྒྲིག་གཞི་གསར་པ་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་མང་ཚོགས་ནང་མགོ་ཉོག་པོ་ཆགས་ས་དེ། སྒྲིག་གཞི་གསར་པའི་ནང་བརྒྱ་ཆ་ལོན་མི་དགོས་པར། འོས་གྲངས་ཨང་རིམ་རྩེ་བཏོག་བྱེད་ཆོག་ཟེར་བ་ཞིག་ཡོད་པ་དེ་རེད། འོན་ཀྱང་སྒྲིག་གཞི་གསར་པ་དེ་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་པའི་རྗེས་ལ་འོས་བསྡུ་བྱས་པ་དག་ལ་ཁྱབ་དགོས་པ་ལས། དེའི་སྔོན་གྱི་འོས་བསྡུ་ཁག་ལ་ཁྱབ་ཐུབ་ཀྱི་ཡོད་པ་མ་རེད།

དྲི་བ། ཐེངས་འདིར་འོས་བསྡུའི་སྒྲིག་གཞི་གསལ་བོ་བྱུང་ཡོད་མེད་ཀྱི་གནས་ཚུལ་ཞིག་ལྷག་ཡོད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྒྲིག་གཞི་གང་ཞིག་ཁ་གསལ་མིན་བྱུང་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགྲེལ་བཤད་བསྐྱོན་དགོས་སྐོར་བཀོད་ཡོད་པ་དེ་ལག་བསྟར་གནང་ཡོད་དམ།

ལན། སྤྱི་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་འོས་བསྡུ་ལས་ཁང་ལ་ཐེ་ཇུས་བྱས་པ་ཞིག་ཤོད་བཞིན་འདུག་ཀྱང་། ང་ཚོས་སྤྱི་འཐུས་རྒྱུན་ལས་ལ་བཀའ་འདྲི་ཞུས་པ་དེ་སྒྲིག་གཞི་ཁ་གསལ་དང་མ་གསལ་ཐོག་ནས་བཀའ་འདྲི་ཞུས་པ་དེ་འདྲ་མ་རེད། སྒྲིག་གཞི་བསྐྱར་བཅོས་གནང་མཁན་དང་སྒྲིག་གཞི་དེ་དཔར་སྐྲུན་ཞུ་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཡིན་སྟབས། སྒྲིག་གཞིའི་ནང་ག་རེ་བཀོད་ཡོད་མེད་དང་། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ག་རེ་ཡོད་མེད་དེ་བཀའ་འདྲི་ཞུས་པ་རེད། ང་ཚོས་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ལ་སྒྲིག་གཞི་འགྲེལ་བཤད་བསྐྱོན་དུ་བཅུག་པ་དེ་འདྲ་མ་རེད།

དྲི་བ། ཉེ་ཆར་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འོས་བསྡུ་ལྷན་ཁང་ལ་མཛད་དཀའ་ཡོད་ན་ཁོ་རང་དགོངས་པ་ཞུ་ཆོག་ཚུལ་དང་། གནས་ཚུལ་ཁག་ཅིག་སྤྱི་ཟླ་ ༣ པའི་གྲོས་ཚོགས་ནང་གསལ་བོ་མ་ཆགས་བར་ད་རེབ་བར་མའི་འོས་བསྡུ་དེ་ཕྱིར་འགྱངས་བྱེད་དགོས་སྐོར་བཀོད་པ་དེ་ག་རེ་རེད།

ལན། ཁོང་གིས་དགོངས་པ་ཞུ་དང་མི་ཞུ་སྐད་ཆ་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་སྒུག་ཐོའི་ནང་བསླེབས་ཡོད་པ་མ་རེད་ལ། འོས་བསྡུའི་སྒྲིག་གཞིའི་ནང་། འོས་བསྡུ་སྔོན་མའི་འོས་གྲངས་མང་རིམ་རྩེ་བཏོག་ཟེར་བ་དེས་ཀྱང་ཁྱབ་ཐུབ་ཀྱི་ཡོད་པ་མ་རེད། ཀླུ་མཁར་བྱམས་ཁོ་རང་སྒེར་ལའང་ང་ཚོས་གསལ་བཤད་ཡི་གེ་ཞིག་གྲ་སྒྲིག་བྱེད་ཀྱི་ཡོད། སྤྱི་ཚོགས་ནང་ཐེངས་འདིའི་བར་མའི་འོས་བསྡུར་འགྲོ་སོང་འབུམ་ཉི་ཤུ་ཞིག་ལབ་ཀྱི་ཡོད་པ་དེ་ཡང་ཏག་ཏག་བསྡད་ཡོད་པ་མ་རེད། འོས་བསྡུ་ཆེན་མོ་དང་བར་མའི་འོས་བསྡུ་གཉིས་ཀྱི་འགྲོ་སོང་འདྲ་ཡི་མ་རེད། དབུས་གཙང་སྤྱི་འཐུས་གཉིས་ཀྱི་བར་མའི་འོས་བསྡུའི་སྐབས་ལ་ཧིན་སྒོར་ ༨༦༡༠༠༩ ཙམ་ལས་ཕྱིན་ཡོད་པ་མ་རེད། ད་རེབ་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུ་ལའང་ཕལ་ཆེར་འབུམ་བདུན་བརྒྱད་ཅིག་ཡིན་རྒྱུ་རེད།

དྲི་བ། འོས་བསྡུའི་ལས་ཁུངས་ཀྱིས་དུས་བབ་གསར་ལམ་བརྒྱུད་ནས་ད་རེས་བར་མའི་འོས་བསྡུའི་ཐད་མདོ་སྨད་མི་མང་ལ་ལམ་སྟོན་དང་རེ་སྐུལ་དེ་འདྲ་ཞུ་རྒྱུ་ཡོད་དམ།

ལན། འོས་བསྡུ་ལྷན་ཁང་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། གཙོ་བོ་མི་མང་གིས་སོ་སོའི་འདོད་མོས་ཡོད་པ་ཞིག་ལ་འོས་ལྡུག་རྒྱུ་གལ་ཆེན་པོ་རེད། ལུང་ཚན་ཕྱོགས་ཁག་དང་། ཆོས་བརྒྱུད་ཕ་ཡུལ་གཅིག་པ་སོགས་ཕྱོགས་འཐེན་བྱེད་མཁན་གྱི་ཁ་རྗེས་སུ་རྒྱུག་ན་ཡག་པོ་ཡོད་པ་མ་རེད། མདོ་སྨད་མི་མང་སྤྱི་ཡོངས་ལ་བསམ་བློ་བཏང་སྟེ། སོ་སོའི་འོས་ཤོག་གཅིག་པོའི་ཐོབ་ཐང་སོ་སོར་ཡོད་སྟབས། མི་གཞན་གྱི་བརྒྱུད་སྐུལ་འོག་མ་ཚུད་པའི་ཐོག་ནས་བསམ་བློ་ཡག་པོ་བཏང་སྟེ་འོས་འཕེན་རྒྱུ་གལ་ཆེན་པོ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

མཆན། 18

  1. བདེན་སྐྱོང་། says:
    ལོ་ 9 སྔོན།

    ཡང་རིག་པ་གསར་པ་གཅིག་བརྙེད་འདུག གང་ནས་བཙལ་བ་ཡིན་ནམ།།།། གང་ལྟར་མི་མང་མགོ་ཡུ་འཁོར་འཇུག་གི་འདུག ད་དེ་འདྲ་དེ་འདྲ་སེ་འགྲོ་གི་རེད། ལྟས་ནས་བསྡོད་ཨ་་་ ངས་ཀྱང་འདི་ནས་མང་པོ་ཞིག་མཐོང་བྱུང་ལ་་་་ད་དུང་ཡང་མང་པོ་ཞིག་མཐོང་རྒྱུར་སྒུག་ནས་བསྡད་ཡོད།

    Reply
  2. ལྷ་ཆེན་པོ། says:
    ལོ་ 9 སྔོན།

    སྐད་འཕྲིན་ནང་དུ་ཀླད་མེད་ཁོག་སྟོང་འགའ་ཞིག་གིས་ཚོགས་པ་བཙུགས་ཏེ་སྐད་ཆ་འདྲ་མིན་སྣ་ཚོགས་ཤོད་བཞིན་འདུག འདི་དག་ཡག་པོ་རྩ་བ་ཉིད་ནས་མ་རེད། ང་རང་གིས་ཚོགས་པ་ཁ་ཤས་ཀྱི་ནང་ནས་སྐད་ཆ་ལ་ཉན་པ་ཡིན། ཚོགས་པ་དེ་དག་གི་སྣེ་འཁྲིད་མཁན་རྣམས་ནི་མགོ་ལ་རེག་ན་སྐྲ་དང་རྐུབ་ལ་རེག་ན་སྐྱག་པ་ལས་མེད་མཁན་རྐྱང་རེད། ཚོགས་པ་དེ་དག་ནང་མི་རེ་ཟུང་གིས་སྤྱི་ལ་ཕན་ཐོག་ཡོད་པའི་སྐད་ཆ་རེ་བཤད་ནའང་ཀླད་མེད་ཁོག་སྟོང་ཚོས་མགོ་གནོན་འབུར་འཇོམ་གཏོང་གི་འདུག གནས་ཚུལ་དེ་དག་མཐོང་ཡོང་པ་ཡིན་ན་མཚམས་རེར་བཙན་བྱོལ་ནང་ནས་བསྡད་ན་ཆོལ་གཅིག་ཀྱང་མི་འདུག་སོ་སོའི་མི་ཚེ་འཕྲོ་བརླགས་རེད་བསམ་གྱི་འདུག

    Reply
  3. བཀྲ་ཤིས་རྡོ་རྗེ། says:
    ལོ་ 9 སྔོན།

    ཆབ་བྲག་ལགས་མ་གཞི་སྐུ་ཉིད་ལ་གུས་བརྩི་ཡོད། ཡིན་ནའང་ད་རེས་གསུངས་པ་དེ་བསམ་བློ་མ་བཏང་བའམ། ཁ་སང་དེ་རིང་སྤྱི་ཚོགས་ནང་ག་རེ་འགྲོ་བཞིན་ཡོད་པ་དེ་མགོ་མ་འཚོས་ནས་རང་གི་སྣང་བར་གང་དྲན་བཤད་པ་ཞིག་རེད། ཟམ་གདོང་རིན་པོ་ཆེ་དང་བསྡུར་བ་དེ་ཞ་དཔེ་ལྷམ་འགེབ་རེད། རིན་པོ་ཆེ་མདོ་སྟོད་ཁོངས་ཡིན་ནའང་ཁོས་དུས་ནམ་ཡང་མདོ་སྟོད་ལ་དམིགས་བསལ་ཞེན་ཁག་མི་གནང་བ་མ་ཟད། ཆོལ་ཁ་གསུམ་ལ་འདྲ་མཉམ་གྱིས་ལྟ་བ་དང་ལྷག་པར་དུ་མདོ་སྟོད་ལ་ཞེན་ཁོག་ཆེན་པོ་བྱེད་མཁན་ཚོར་ཁ་གཏད་བཅག་གནང་སྟེ་བཞུགས་པ་རེད། ད་རེས་མདོ་སྨད་སྤྱི་འཐུས་ནང་ཆོལ་ཁའི་སྐད་ཆ་མ་རེད་མདོ་སྨད་ནང་ཁུལ་གྱི་ལུང་ཚན་ཕྱོགས་ཁག་དང་ཕ་ཡུལ་གཅིག་པ་འཐེན་ཁྱེར་བྱེད་ཀྱིན་འདུག་ཟེར་གྱི་ཡོད། སོ་སོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་དམ་ཡང་ན་དཀའ་བོ་ཉེ་བོ་རེ་ཟུང་གིས་ཁྱབ་བསྒྲགས་བྱས་པ་ཡིན། གང་ལྟར་ཡང་ངོ་དེབ་སོགས་སུ་མདོ་སྨད་སྤྱི་འཐུས་ཀྱི་འོས་མིར་ཁྱབ་བསྒྲགས་འགྲོ་བཞིན་པ་ཁོ་རང་ཚོ་ལུང་ཚན་གྱི་ཞེན་ཁོག་དང་ཕྱོགས་ཁག་འཐེན་ཁྱེར་དང་དཀྲུག་ཤིང་ཆེན་པོ་རྒྱག་མཁན་དག་ཡིན་པ་མ་ཟད་ཁོ་རང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་བོད་སྤྱི་བ་ཕར་ཞོག་མདོ་སྨད་སྤྱི་ལའང་བསམ་བློ་རྩ་བ་ནས་མི་གཏོང་བར་སོ་སོའི་ཕྱོགས་གཏོགས་སྤྱི་འཐུས་ནང་འགྲོ་རྒྱུ་གཅིག་པོར་སྡུག་པ་མིག་བཙུམ་བྱེད་ཀྱི་འདུག དེ་དང་འབྲེལ་ནས་མང་ཚོགས་ནང་དུ་ཡང་རང་ཕྱོགས་ལ་སྟོད་པ་དང་གཞན་ཕྱོགས་ལ་སྐྱོན་བརྗོད་སོགས་ཞེན་ཁོག་འཐེན་ཁྱེར་ཤུགས་ཆེན་པོ་ཡོང་གི་འདུག་མཐོང་གསལ་རེད།

    Reply
  4. མགར་སྟོང་བཙན། says:
    ལོ་ 9 སྔོན།

    ཤར་ཕྱོགས་ཁུག་རྟས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དགོངས་གཞི་ཞིབ་ཏུ་འགྲེལ་བཤད་གནང་བ།

    ཀླུ་མཁར་ལྟ་བུ་གྲོས་ཚོགས་ནང་མེད་པའང་མིན་ཞིང། མཚན་སྨོད་དང་དགོངས་གཞིར་ལོག་འགྲེལ་ཞུ་མཁན་རེ་ཤོས་ཡོད་པ་ཚང་མས་མཁྱེན་གསལ་རེད། དེའི་ཆ་ནས་ཀླུ་མཁར་སླེབས་ན་གྲོས་ཚོགས་འཁྲུགས་འགྲོ་བའི་ཉེན་ཁ་མེད་པ་ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་འདིའི་ནང་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཉམས་མྱོང་བྱུང་ཡོད་པར་ཐེ་ཚོམ་གང་ཡང་མེད་པས། བླུན་པོ་ང་དང་ང་འདྲ་བ་ཚོས་དེའི་ཐད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་དགོས་མ་མཐོང། ངས་བསམས་ན་དཔལ་ལྡན་ཚོགས་གཙོའི་ཐུན་མིན་རིང་ལུགས་ནི་མདོ་སྨད་པ་ཞིག་ཡིན་ན་མི་ཐོག་རྒན་པ་ཚོའི་སྲོག་གིས་ཉོས་པའི་རིང་ལུགས་རྒྱུན་འཛིན་བྱེད་དགོས་ཏེ། ༸རྒྱལ་བ་ཡབ་སྲས་ཀྱི་བཀའ་དགོངས་སྙིང་བཅངས། རིགས་པའི་ལམ་ནས་ཡིད་ཆེས་ངེས་རྙེད་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འབྲངས་རྒྱུ་དེ་གཙོ་བོ་འཛིན་གྱི་ཡོད་སྟབས། མདོ་སྨད་མི་མང་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་ནང་༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིག་ཡོང་མ་དགོས་པ་དེ་ཁོང་གི་དམ་བཅའ་རེད་ལ། ཨ་མདོའི་གཏམ་དཔེར། ”བུ་བཟང་པོར་ཨ་ཕའི་རུས་ཡོད། མ་བཟང་མོར་ཨ་མའི་ཁྲེལ་ཡོད་”ཅེས་མི་ལོ་བརྒྱ་ཕྲག་དུ་མར་སྲོག་ཏུ་བཟུང་བ་དེ་རྩ་དོན་དུ་མི་འཛིན་མཁན་སུ་རེད། དེང་སང་དེ་ལས་ཀྱང་གསལ་བོ་ཞིག་ནི། མདོ་སྨད་ཀྱི་གསར་འབྱོར་སེར་སྐྱ་རྒན་གཞོན་དང་བཅས་པ་རྒྱུ་དངོས་རེག་ཐབས་དང་ཕྱི་རྒྱལ་དུ་ཐར་ཐབས། ཁ་སོས་ཐབས་ཀྱིས་རྒྱ་གར་དུ་སླེབས་པ་མིན་ཞིང། དེ་ནི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་བོད་དོན་སྒྲུབ་རྒྱུ་ཉག་ཅག་གི་ཆེད་དུ་ཡིན་པ་དེ་རེད་ལ། བོད་ནང་དེ་བས་ཀྱང་བཤད་ག་ལ་དགོས།གནད་དོན་འདི་མ་རྟོགས་པར་རེ་འགས་ཚོགས་གཙོས་ཀླུ་མཁར་བྱམས་ལ་སྡང་གཟུགས་སྟོན་གྱི་ཡོད་ཚུལ་བསམས་པ་ནི་རྦད་དེ་ནོར་བ་རེད། ༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིན་ཡིན་ན་ཕ་མ་གཅིག་གི་སྤུན་ཟླ་ཡིན་ཡང་ཁ་ཁ་ཆགས་ཀྱི་རེད་ལ། ཡང་ནས་བསྐྱར་དུ་མཚན་སྨོད་ཞུ་ན་བསམ་བློ་གཞན་ཞིག་གཏོང་བ་དེ་མདོ་སྨད་པ་ཚོའི་རང་གཤིས་ཁྱད་འཕགས་ཤིག་རེད། རིང་ནས་གཤིས་ལ་བགོས་པའི་ཕ་མེས་ཀྱི་ཚེ་ནོམ་དེ་ལོ་གཅིག་གཉིས་ནང་ཤར་ཤར་ས་ལ་སུ་ཡིས་རྒྱག་ཐུབ། གཏན་ནས་མི་ཐུབ་བོ།

    ༼ མཆན།། རྒྱུད་ལམ་སྣ་ཚོགས་སུ་གསལ། ཨ་མདོ་བ་ཚོས་ཆེས་དགའ་མོས་གནང་ས་དང་རྩ་དོན་ཉག་ཅིག་འདི་རེད། ༽

    Reply
  5. བདེན་པའི་རྒྱལ་སྲས། says:
    ལོ་ 9 སྔོན།

    སྤེན་ཚེ་གཡོ་ཁྲམ་ལ་སུས་ཀྱང་གླགས་རྙེད་དཀའ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 9 སྔོན།

    ཕྱོགས་ཞེན་ཡིན་མིན་གྱི་སྐད་ཆ་བཤད་རྐྱང་ཞིག་མ་རེད། གཚོ་བོ་འོས་གཞི་རྣམས་བསྡུར་ནས་བལྟ་དགོས། གལ་ཏེ་སོ་སོའི་ཆོལཁོངས་ཀྱི་མི་དེ་ཡག་ཤོས་ཡིན་ན་དེ་ལ་ཕྱོགས་རིས་བྱས་པ་རེད་ཅེས་ལྦ་མི་ཐུབ། དཔེར་ན་ཟམ་གདོང་རིན་པོ་ཆེ་ལྟ་བུ། ཁོང་ཆོལ་ཁའི་ཕྱོགས་རིས་ཀྱིས་གོ་འཕང་བརྙེས་པ་༷ཞིག་ཡིན་ནམ། གཏན་ནས་མིན། འདི་སྤྱིར་བཏང་གི་གནས་ལུགས་ཤིག་བརྗོད་པ་ཙམ་ཡིན།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 9 སྔོན།

    ལ་ལ་ཞིག་ལ་ད་དུང་དོགས་གཞི་ཡོད་པ་ཁག་མི་འདུག འོན་ཀྱང་དེ་གསལ་བཤད་གནང་མཁན་གྱི་སྐད་ཆ་ཧ་ཅང་གསལ་བོ་མིན་པའི་རྐྱེན་ལས་དོན་ངོ་མ་ཁྲིམས་སྒྲིག་དང་མཐུན་འདུག
    ངས་འདིར་གསལ་བཤད་ཅིག་ཞུ་གི་ཡིན། དོགས་པ་སེལ་ཐུབ་པའི་རེ་བ་ཡོད།་ཧཧ་ཧཧ་
    སྔོན་མའི་འོས་བསྡུའི་སྒྲིག་གཞིའི་ནང་བརྒྱ་ཆ་ ༣༣ ལོན་དགོས་པ་ཞེས་བཀོད་ཡོད་ཟེར། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གནང་སྟེ་མ་འོངས་པར་བརྒྱ་ཆ་ལོན་མི་དགོས་པར་གང་མང་བ་རྩེ་བཏོགས་བྱེད་ཆོག་ཅེས་བསྐྱར་བཅོས་བྱས་ཡོད་ཟེར། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དེ་ལ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་མཚན་རྟགས་བསྐྱོན་པ་རེད་ཟེར། རྒྱུ་མཚན་དེས་སྒྲིག་གཞི་བསྐྱར་བཅོས་སྔོན་གྱི་འོས་འདེམས་ནང་ལ་ཀླུ་མཁར་བྱམས་ལགས་བརྒྱ་ཆ་མ་ལོན་པའི་འོག་གི་མཐོ་ཤོས་ཆགས་ཡོད་ན་ཡང་དེ་འགྲིག་གི་ཡོད་མ་རེད། སྒྲིག་གཞི་བསྐྱར་བཅོས་བྱས་པ་དེས་སྔོན་མའི་འོས་འདེམས་ལ་ཁྱབ་མི་ཐུབ། གཞི་ནས་འོས་འདེམས་གསར་བའི་ལྨ་དུ་སྐྱོད་དགོས་པ་རེད་ཟེར་བ་རེད། དེ་བདེན་པ་རེད།
    སྒྲིག་གཞི་བསྐྱར་བཅོས་གང་ཞིག་ཡིན་ན་ཡང་དེ་ནས་བཟུང་གསར་བ་ལག་ལེན་བྱེད་དགོས་པ་རེད། དེ་མི་དགོས་ན་སྒྲིག་གཞི་ནང་ལ་དེ་སྔོན་བདམས་ཐོན་བྱུང་བ་ཡང་རྩེ་བཏོག་བྱེད་ཆོག་ལྟ་བུ་འགོད་དགོས་ངེས་རེད། ཁྲིམས་ལུགས་ཤེས་མཁན་ཞིག་ལ་མཚོན་ན་འདིར་ཉོག་གྲ་ཤོད་ས་མི་འདུག

    Reply
  8. ཇོ་སྲས། says:
    ལོ་ 9 སྔོན།

    ངོ་དེབ་སྟེང་ན་བགྲོ་གླེང་ཤུགས་ཆེ་བ་ཞིག

    ཤར་ཕྱོགས་ ཁུག་རྟ།
    5 January • Edited
    ཀླུ་མཁར་བྱམས་ཀྱི་གསལ་བསྒྲགས་དང་འབྲེལ་བའི་བསམ་ཚུལ་ཐད་བརྗོད།

    འོས་བསྡུ་དོན་ཚན ༥༡ ནང་གསེས ༢ བསྐྱར་བཅོས་སོང་བ་དེར་སྲིད་སྐྱོང་གིས་མཚན་རྟགས་བསྐྱོན་པའི་ཉིན་མོ་ནས་ལག་བསྟར་དགོས་པ་དེ་ཁྲིམས་སྒྲིག་ཁག་གི་སྤྱི་སྲོལ་དང་འདོར་དུ་མི་རུང་བའི་ཕྱག་རྒྱ་རེད། ཡིན་ནའང། མི་མང་པོར་བསྐྱར་བཅོས་སོང་བའི་འོས་བསྡུའི་སྒྲིག་གཞི་དེ་ལག་སོན་མ་བྱུང་བ་དང། འོས་བསྡུ་འགན་འཛིན་ནས་ཚོགས་དྲུང་ལས་ཁུངས་སུ་སྒུག་ཐོ་མེད་པས་བར་མའི་འོས་བསྡུ་བྱས་ན་འགབ་མིན་ཞུས་པ། དེ་བཞིན་དུས་བབ་གསར་འགོད་པའི་ལན་དུ་” བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་ཡོད་པ་རེད” ཟེར་པ་དང། ཡང། ” སྤྱི་འཐུས་སྐབས་བཅོ་ལྔ་པའི་དུས་ཡུན་ཕྱེད་ཙམ་རྫོགས་ཚར་རེད། གྲོས་ཚོགས་ཐེངས་ ༤ ཙམ་ལས་ལྷག་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ཐེངས་ཁ་ཤས་ལ་མདོ་སྨད་སྤྱི་འཐུས་གཅིག་མེད་ན་འགྲིག་གི་འདུག་ཟེར་ནས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྤྱི་འཐུས་ཚོགས་གཙོ་གཞོན་ལ་ཞུ་དགོས་པ་ཡིན་ན་འདྲ། བཀའ་ཤག་ལ་ཞུ་དགོས་པ་ཡིན་ན་འདྲ། དེ་འདྲ་ཞིག་བྱུང་པ་ཡིན་ན་དེ་གནས་ཚུལ་གཅིག་རེད། ཡིན་ནའང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དེ་ལྟར་བཀའ་གནང་ཐབས་ཡོད་པ་མ་རེད། དེ་མདོ་སྨད་ཆོལ་ཁ་རང་གི་ལག་ཏུ་ཡོད་པ་ཞིག་རེད།”ཟེར་པ་ལྟ་བུ་གཞུང་མང་ལ་ཤ་ཚ་དང་འགན་ཁུར་ཁྱོན་ནས་མེད་པ། གཞིས་ལུས་རྒྱ་ཆེའི་མི་མང་གི་སྤྱན་སྔར་ཡ་ང་བག་ཚ་གང་ཡང་མེད་པའི་གནང་སྟངས་འདི་རིགས་ཀྱིས་བོད་སྤྱི་དང། ཆོལ་ཁ་རེ་རེར་བསམ་བློ་ཞིག་གཏོང་དགོས་པའི་དྲན་སྐུལ་ངན་པ་བཏང་འདུག ད་དུང་ཀླུ་མཁར་བྱམས་ངོ་བཅར་ཞུས་སྐབས་ཀྱི་བཀའ་ལན་ལ་བལྟས་ན་ཨ་ཁ་བོད་མི་རིགས་འདིའི་ལས་འདི་བསམས་པ་ལས་ཅི་བྱ། མདོ་དོན་འོས་བསྡུ་འགན་འཛིན་གྱིས་འདི་ལས་མདོ་སྨད་པ་ཚོར་མཐོང་ཆུང་བཏང་རྒྱུ་གཞན་གང་ན་ཡོད།

    ཡིན་ནའང། ཀླུ་མཁར་བྱམས་ཀྱིས་འདི་ཡོད་ཚད་ཀྱི་བྱེད་པོ་ཚོགས་གཙོ་མཆོག་ཡིན་པ་འདྲ་བོ་ཞིག་བཤད་འདུག་ཁར། གྲོས་ཚོགས་ནང་གི་སྨོན་ལམ་མཐར་ཕྱིན་དང་བང་ཚུལ་སོགས་ཀྱི་བཤད་སྟངས་ནང་བཞིན་ཚོགས་གཙོ་མཆོག་ལ་ཁ་གཏད་གཅོག་གང་ཐུབ་བྱེད་པ་དང། སྐབས་དེར་གྲོས་ཚོགས་ནང་གསུངས་པའི་ཚོགས་གཙོའི་འགྲེལ་བཤད་དེས་འོས་བསྡུ་འགན་འཛིན་ཝ་མོ་ལྟར་བྲན་དུ་བཀོལ་ཚུལ་བཤད་པ་ལ་ཅི་ནས་ཀྱང་ཁུངས་ལུང་ངེས་པར་དུ་དགོས་རྒྱུ་ནི་བཤད་ག་ལ་དགོས། དེ་ནི་དཔལ་ལྡན་ཚོགས་གཙོ་སྒེར་གཅོད་པ་ཞིག་དང། ༸རྒྱལ་བ་རིན་པོ་ཆེའི་གསེར་ཞལ་ལྷམ་མེར་བཞུགས་འོག་ཁྲམ་ལས་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཐབས། རྒྱ་ནག་གི་མདུན་སར་ངོ་ཚ་ཆགས་ཉེན་འདུག་སྟབས་འདིའི་བར་གྱི་ཡར་དཀྱོག་མར་དཀྱོག་འདི་ཀླུ་མཁར་གྱིས་ངེས་པར་དུ་གསལ་བཤད་གསལ་བོ་ཞིག་གནང་དགོས་པ་འདྲ། དེ་བཞིན་འོས་བསྡུ་སྒྲིག་གཞིའི་དོན་ཚན་རྙིང་པའི་འོག་ཐག་གཅོད་ཟིན་པ་རྣམས་འབྲུ་དོན་བསྐྱར་བཅོས་འོག་རོ་ལངས་རྒྱག་དགོས་བྱུང་ཚེ་ཁྲིམས་སྒྲིག་ཁག་ཀྱང་གར་འཐེན་ཆོག་ཆོག་ཅིག་ཡིན་སྟབས། དོན་དག་མེད་སར་གྱོད་བཙུགས་པ་ནི་སྟོང་གཏམ་ཁོ་ནར་ཟད།

    གཞན་སྤྱི་འཐུས་ཀྱི་ཆ་ནས་བཤད་ན། ཀླུ་མཁར་ལྟ་བུ་གྲོས་ཚོགས་ནང་མེད་པའང་མིན་ཞིང། མཚན་སྨོད་དང་དགོངས་གཞིར་ལོག་འགྲེལ་ཞུ་མཁན་རེ་ཤོས་ཡོད་པ་ཚང་མས་མཁྱེན་གསལ་རེད། དེའི་ཆ་ནས་ཀླུ་མཁར་སླེབས་ན་གྲོས་ཚོགས་འཁྲུགས་འགྲོ་བའི་ཉེན་ཁ་མེད་པ་ཁྲ་ཁྲ་ཟང་ཟིང་གི་སྤྱི་ཚོགས་འདིའི་ནང་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཉམས་མྱོང་བྱུང་ཡོད་པར་ཐེ་ཚོམ་གང་ཡང་མེད་པས། བླུན་པོ་ང་དང་ང་འདྲ་བ་ཚོས་དེའི་ཐད་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་དགོས་མ་མཐོང། ངས་བསམས་ན་དཔལ་ལྡན་ཚོགས་གཙོའི་ཐུན་མིན་རིང་ལུགས་ནི་མདོ་སྨད་པ་ཞིག་ཡིན་ན་མི་ཐོག་རྒན་པ་ཚོའི་སྲོག་གིས་ཉོས་པའི་རིང་ལུགས་རྒྱུན་འཛིན་བྱེད་དགོས་ཏེ། ༸རྒྱལ་བ་ཡབ་སྲས་ཀྱི་བཀའ་དགོངས་སྙིང་བཅངས། རིགས་པའི་ལམ་ནས་ཡིད་ཆེས་ངེས་རྙེད་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འབྲངས་རྒྱུ་དེ་གཙོ་བོ་འཛིན་གྱི་ཡོད་སྟབས། མདོ་སྨད་མི་མང་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་ནང་༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིག་ཡོང་མ་དགོས་པ་དེ་ཁོང་གི་དམ་བཅའ་རེད་ལ། ཨ་མདོའི་གཏམ་དཔེར། ”བུ་བཟང་པོར་ཨ་ཕའི་རུས་ཡོད། མ་བཟང་མོར་ཨ་མའི་ཁྲེལ་ཡོད་”ཅེས་མི་ལོ་བརྒྱ་ཕྲག་དུ་མར་སྲོག་ཏུ་བཟུང་བ་དེ་རྩ་དོན་དུ་མི་འཛིན་མཁན་སུ་རེད། དེང་སང་དེ་ལས་ཀྱང་གསལ་བོ་ཞིག་ནི། མདོ་སྨད་ཀྱི་གསར་འབྱོར་སེར་སྐྱ་རྒན་གཞོན་དང་བཅས་པ་རྒྱུ་དངོས་རེག་ཐབས་དང་ཕྱི་རྒྱལ་དུ་ཐར་ཐབས། ཁ་སོས་ཐབས་ཀྱིས་རྒྱ་གར་དུ་སླེབས་པ་མིན་ཞིང། དེ་ནི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་བོད་དོན་སྒྲུབ་རྒྱུ་ཉག་ཅག་གི་ཆེད་དུ་ཡིན་པ་དེ་རེད་ལ། བོད་ནང་དེ་བས་ཀྱང་བཤད་ག་ལ་དགོས།གནད་དོན་འདི་མ་རྟོགས་པར་རེ་འགས་ཚོགས་གཙོས་ཀླུ་མཁར་བྱམས་ལ་སྡང་གཟུགས་སྟོན་གྱི་ཡོད་ཚུལ་བསམས་པ་ནི་རྦད་དེ་ནོར་བ་རེད། ༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིན་ཡིན་ན་ཕ་མ་གཅིག་གི་སྤུན་ཟླ་ཡིན་ཡང་ཁ་ཁ་ཆགས་ཀྱི་རེད་ལ། ཡང་ནས་བསྐྱར་དུ་མཚན་སྨོད་ཞུ་ན་བསམ་བློ་གཞན་ཞིག་གཏོང་བ་དེ་མདོ་སྨད་པ་ཚོའི་རང་གཤིས་ཁྱད་འཕགས་ཤིག་རེད། རིང་ནས་གཤིས་ལ་བགོས་པའི་ཕ་མེས་ཀྱི་ཚེ་ནོམ་དེ་ལོ་གཅིག་གཉིས་ནང་ཤར་ཤར་ས་ལ་སུ་ཡིས་རྒྱག་ཐུབ། གཏན་ནས་མི་ཐུབ་བོ།

    ད་འོ་ན་ཤར་ཕྱོགས་ཁུག་རྟ་ཁྱེད་ཀྱིས་བསམ་ཚུལ་འདི་འདྲ་ཞིག་ཅིའི་ཕྱིར་བཤད་པ་ཡིན། ཁྱེད་ལ་སྤྱི་འཐུས་ཐོབ་ཆེད་མ་རེད་དམ་ཞེས་སྣ་རྩེ་ལས་མི་མཐོང་མཁན་ཚོས་དྲི་བ་གཏོང་གི་རེད། ཡིན་ནའང། ངས་འདི་ལྟར་བསམ་ཚུལ་ཞིག་འདོན་དགོས་པ་ནི། ཚང་མས་དྲ་རྒྱ་དག་བསྔོགས་ན་མཁྱེན་གསལ་བཞིན། ཉེ་བའི་ལོ་འགའི་རིང་ཀླུ་མཁར་བྱམས་ཀྱིས་མཚན་སྨོད་ཞུས་པ་སྟེ། དོལ་རྒྱལ་གཏན་འགོག་གི་མཛད་པ་དཔེ་གང་དུ་སྦྱར་མིན། དེ་རིང་གི་༸རྒྱལ་བ་རིན་པོ་ཆེས་ཅི་ཞིག་འཁྱོང་མིན། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་པཎ་ཆེན་རིན་པོ་ཆེར་མཇལ་ཁར་མངགས་པ་ལྐོག་ཏུ་ངོ་རྒོལ་ལས་འཆར་ཡོད་གནས་ཀྱིས་༸རྒྱལ་བ་ཡབ་སྲས་བར་དམ་འགལ་འབྱུང་གཞི་སོགས་འདྲ་མིན་བཤད་པའི་སྐབས་དེ་ཤེད་དུ། ཁོ་བོས་རང་ཉིད་ཀྱི་བསམ་བློ་གཏོང་ཕྱོགས་ངོ་མའི་བཀའ་བཀོད་འོག་བདེན་དོན་གཞིར་བཞག་གིས་ཀླུ་མཁར་བྱམས་ཀྱི་བྱེད་སྟངས་དེ་ལུགས་འགྲིག་མེད་པ་ཡིག་ངག་གཉིས་ཐོག་རིམ་ཅན་དུ་ཞུས་ཡོད་པས། མཚན་སྨོད་དག་ཐེར་གྱི་ལོ་རྒྱུས་དང་འབྲེལ་བའི་རང་གི་བྱེད་ཕྱོགས་ལ་འགན་ཁུར་ཆེད་ད་ལམ་ཡང་བདེན་དོན་གནས་ཚུལ་དེ་དག་མཇུག་སྐྱོང་དགོས་པ་ནི་གཡོལ་ཐབས་མེད་གཤིས་བསམ་ཚུལ་འདི་བཤད་པ་ཡིན་ལ། སྐབས་དེར་ཁོ་པས་སྐུ་སྒེར་དྲུང་ཆེ་བྲེ་སྲང་ལ་ཀླུ་མཁར་བྱམས་ཀྱིས་མཇལ་ཁ་ཞུས་སྐབས་བཀའ་ལན་ཅི་གནང་གི་ཚིག་ཐོ། དེ་བཞིན་བདེ་སྲུང་དང་དྲ་རྒྱ་སོགས་ནས་མཚན་སྨོད་ཞུས་རིགས་ཀྱི་ཡིག་ཚགས་ཉར་འཇོག་བྱས་ཡོད་པ་རྣམས་གཙང་ཉར་བྱས་ཡོད་ལ། ལོ་རྒྱུས་ནང་གནས་ཆེད་དང་བོད་མི་སུ་འདྲ་ཞིག་དང་ལྷག་པར་མདོ་སྨད་པ་སུ་འདྲ་ཞིག་གིས་མཁྱེན་འདོད་ཡོད་ན་རེ་རེ་བཞིན་ཕུལ་ཆོག་ཅེས་ཀྱང་ཞུ་འདོད་བྱུང་བས།

    ཀླུ་མཁར་གྱིས་” སྤྱི་འཐུས་གྲོས་ཚོགས་ཀྱི་གཞུང་འབྲེལ་ལས་རིམ་ཁག་གཙོ་སྐྱོང་བྱེད་སྐབས་ཀྱང་། ཁོ་བོ་༸རྒྱལ་རིན་པོ་ཆེར་མཚན་སྨད་ཞུ་མཁན་ཡིན་སྐོར་མིང་བཟུང་དོན་བཟུང་གིས་ནག་པོ་བཟོ་གང་ཐུབ་བྱེད་ཀྱིན་པ་ཀུན་གྱིས་མཁྱེན་གསལ་ཡིན་ན།”ཞེས་ནག་པོ་བཟོ་འདོད་ཙམ་དུ་འགྲེལ་བ་ནི་ཁས་ལེན་མ་འདོད་པ་ལས་ཁུངས་ལུས་རྩ་བྲལ་རེད་འདུག་པ་དང། ལར་ནས་གཞིས་བྱེས་མདོ་སྨད་རྒྱ་ཆེ་མི་མང་གིས་༸གོང་ས་ཆེན་པོར་མཚན་སྨོད་ཞུ་མཁན་རིགས་ལ་མདུང་རྩེ་ཁ་སྤྲོད་ཀྱི་རྒོལ་ལན་སློག་རྒྱུ་ཡིན་པ་དེ་དེ་བས་ཀྱང་སེམས་འཇགས་དགོས་ཀྱི་འདུག་ཅེས་ཞུ་བ་ཡིན་ལ། ཆིག་སྒྲིལ་དང་རྩ་དོན། རང་དབང་ཞེས་པ་སོགས་ཀྱང་རྒྱུ་མཚན་ལ་ཁྱད་གསོད་ཀྱི་ལམ་ནས་ནམ་ཡང་སྒྲུབ་ཐུབ་མེད་པ་དེའོ།།

    ༢༠༡༤། ༡། ༥།། ཉིན།།

    Reply
  9. བསྟན་པ་རྒྱ་མཚོ། says:
    ལོ་ 9 སྔོན།

    དེང་སྐབས་སྤྱི་ཚོགས་ཐོག་ཏུ་ཁྱབ་བསྒྲགས་འགྲོ་བཞིན་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་དེ་དག་ཐད་ལུང་ཚན་དང་སྡེ་བ་འཚོ་བའི་འཐེན་ཁྱེར་ཆེན་པོ་ཡོད་མཁན་རྐྱང་རེད། དེ་དག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་ངོ་དེབ་དང་སྐད་འཕྲིན་སོགས་སུ་ཚོགས་པ་བཙུགས་ཏེ་སོ་སོའི་འོས་མིར་རྒྱབ་སྐྱོར་དང་ཕར་ཕྱོགས་ཀྱི་འོས་མིར་སྐྱོན་འཛུགས་སྣ་ཚོགས་བྱེད་བཞིན་འདུག
    ད་ལྟ་སྤྱི་ཚོགས་ནང་ལུང་ཚན་ཕྱོགས་ཁག་གི་འཐེན་ཁྱེར་མེད་པ་དང་། སྤྱི་ཚོགས་ནང་རྒྱབ་སྐྱོར་བྱེད་མཁན་མང་ཤོས། ཆོལ་ཁ་གཞན་དག་གིས་ཀྱང་གུས་བཀུར་བྱེད་ཡུལ་གཅིག་པོ་དེ་ཀླུ་མཁཪ་བྱམས་རེད་འདུག ཁོང་ལ་བརྒྱུད་ལམ་ཁག་ཁྱོན་ཡོངས་ནང་རྒྱབ་སྐྱོར་བྱེད་མཁན་མང་པོ་དང་རྙོག་དྲ་ལབ་རིགས་ཤོད་མཁན་མི་འདུག

    Reply
  10. ཆོས་དར། says:
    ལོ་ 9 སྔོན།

    འོས་བསྡུའི་འགན་འཛིན་རྣམ་པས་སྤྱི་ཚོགས་ནང་གི་རྙོག་དྲ་ལ་གཟུགས་ཏེ་དུས་ཐོག་ཆར་པ་ལྟ་བུའི་ལམ་སྟོན་འབོད་སྐུལ་གནང་འདུག དེང་སྐབས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ལུང་པ་ཕྱོགས་པ་འཐེན་འཁྱེར་བྱས་ཏེ་སྤྱི་འཐུས་འོས་མི་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག མི་དེ་དག་སྤྱི་འཐུས་ནང་ཡོང་པ་ཡིན་ནའང་མདོ་སྨད་ནང་ཁུལ་ཕན་ཚུན་ཕྱོགས་ལྷུང་འཐེན་འཁྱེར་བྱས་ཏེ་རྙོག་དྲ་ཆགས་རྒྱུ་ཡིན་པ་གདོན་མི་ཟ། ད་ལྟ་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་པའི་མདོ་སྨད་སྤྱི་འཐུས་ནང་འཚང་མཁན་དེ་དག་སྤྱི་ཚོགས་ནང་ལབ་གླེང་ཆེན་པོ་ཡོད་མཁན་རྐྱང་རྐྱང་རེད།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 9 སྔོན།

    ད་ཡིན་ན་རྙོག་དྲ་འདུག་ཡ་་་་་འོས་བསྡུ་ལྷན་ཁང་གིས་མཚམས་རེར་སྐད་ཆ་ཁྱད་མཚར་རེ་བཤད་ནས་རྩེ་བཏོགས་མ་དགོས་པ་ཞིག་ཡོང་ཐབས་ལ་འབད་ཀྱི་ཡོད་པ་མཐོང་གི་འདུག་་་་་་འདིའི་བར་ན་གསང་བ་ཞིག་འདུག་ཡ་་་་གཞུང་ཞབས་ཚོས་འདི་ལྟར་བྱས་ན་ང་ཚོའི་གཞུང་འདི་སྲ་བརྟན་ཡོང་རྒྱུ་མིན་པ་བསྟན་ཚར་བ་རེད་་་་སེམས་སྐྱོ་བ་ཞིག་རེད་

    Reply
  12. ཇོ་སྲས། says:
    ལོ་ 9 སྔོན།

    མི་ཚང་མར་ཕྱོགས་རིས་ཞེན་ཁོག་ཅུང་ཙམ་ཡོད་པ་དེ་ལས་སླ་བོར་སྤངས་ཐུབ་ཀྱི་མ་རེད།

    ཡིན་ནའང། སྐབས་འདིར་ཚང་མས་སྤྱི་དོན་དང་དེ་ལས་ཀྱང་དེ་རིང་སང་ཉིན་གྱི་ཛ་དྲག་གི་གནས་སྟངས་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་རེད། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་བབ་ལ་དཔག་ན་དབུ་མའི་ལམ་ལ་ཤུགས་ནུས་ཆ་ཚང་བསྐྱོན་ཐུབ་མཁན་ཞིག་སླེབས་དགོས་པ་དེ་གང་ལ་བལྟས་ཀྱང་གཡོལ་ཐབས་མེད་པ་ཞིག་རེད། དེ་མིན་རྒྱལ་སྤྱིར་མཁས་པ་ཞིག་སླེབས་ཀྱང་གནས་སྟངས་འདིའི་འོག་དེ་ཙམ་ཕན་ནུས་མི་ཐོན་པ་གསལ་བོ་རེད།།

    Reply
  13. བོད་ཀྱི་བུ། says:
    ལོ་ 9 སྔོན།

    དཔལ་ལྡན་ཚེ་རིང་གི་གསུངས་བ་བཞིན་ད་དུང་ལན་གསལ་བོ་ཞིག་ཆགས་མ་སོང་། བཅའ་ཁྲིམས་ནང་དུ་བརྒྱ་ཆ་ལོན་མི་དགོས་པར་ཨང་རིམ་བཞིན་ཡོང་ཆོག་པའི་ཁྲིམས་བཟོས་ཟིན་ན། དེ་ལག་ལེན་བསྟར་མེད་པར་གསལ་བོ་རེད་ཤག ངོ་རྒོལ་ཡོད།

    Reply
  14. རྨ་བློ་གྲོས། says:
    ལོ་ 9 སྔོན།

    སྤྱི་འཐུས་གཅིག་གི་ས་མིག་ཐོག་ལུང་ཚན་དང་ཡུལ་ཕྱོགས་གཅིག་པ་འཐེན་འཁྱེར་བྱེད་ཀྱི་ཡོད་པ་དེ་ཡག་པོ་མི་འདུག སྐད་འཕྲིན་ནང་དུ་ཚོགས་པ་འདྲ་མིན་བཙུགས་ཏེ་གྲོས་བསྡུར་འདྲ་མིན་དང་སྐད་ཆ་སྣ་ཚོགས་བཤད་ཀྱིན་འདུག དངོས་གནས་དྲང་གནས་སྐྱུག་བྲོ་བ་ཞིག་འདུག མི་ངན་ཐ་ཤལ་བ་རེ་ཟུང་གིས་མགོ་འཁྲིད་དེ་མདོ་སྨད་ནང་ཁུལ་ལ་གཏོར་ཞིག་གཏོང་གི་འདུག གནས་ཚུལ་ཐབས་སྡུག་དེ་དག་བོད་ནང་གི་བོད་མི་ཚོས་གོ་བ་ཡིན་ན་སེམས་ཤུགས་ཆགས་ས་རེད། སྐུ་མཁྱེན། སོ་སོ་མི་ཕྱེད་ཀ་ཆགས་ཚར་ན་ཡང་། མི་གཞན་ལ་གས་ཆགས་མ་གཏོང་རོགས་གནང་།

    Reply
  15. བློ་བཟང་། says:
    ལོ་ 9 སྔོན།

    དབུས་འོས་བསྡུ་ལས་ཁང་གི་གསལ་བསྒྲགས།

    ༄༅། །བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༤ བོད་མི་མང་སྤྱི་འཐུས་སྐབས་ ༡༥ པ་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་ལས་རིམ་གཏན་འབེབས།
    ཨང་། གནད་དོན། ཟླ་་ཚེས། ཉིན་གྲངས།

    ༡ ༽ བཅའ་སྒྲིག་དགོངས་དོན་བར་མའི་འོས་བསྡུའི་ལས་དོན་ལག་ལེན་བསྟར་ཕྱོགས་བཀོད་རྒྱ་ དང་། འོས་བསྡུའི་ལས་རིམ་གཏན་འབེབས་ཟིན་པ་བཅས་དབུས་འོས་བསྡུ་ལས་ཁང་ནས་ས་གནས་ཁག་ལ་ གཏོང་དུས། ༢༠༡༤།༠༡།༡༣ ༡
    ༢ ༽ གོང་གསལ་བཀོད་རྒྱ་དང་འབྲེལ་ཡོད་ཡིག་ཆ་ཁག་ས་གནས་སོ་སོར་འབྱོར་འཕྲལ་ས་གནས་མང་ ཚོགས་འདུ་འཛོམས་ཐོག་བར་མའི་འོས་བསྡུའི་ལས་རིམ་དང་འབྲེལ་ཆགས་གསལ་བསྒྲགས་བྱས་ རྗེས་སྔོན་འགྲོའི་འོས་བསྡུ་བྱེད་རྒྱུའི་གོ་སྒྲིག་དུས་ཚོད། ༢༠༡༤།༠༡།༡༤ ནས་ ༢༠༡༤།༠༢།༡༦ ༣༤
    ༣ ༽ འོས་འཕེན་པ་རེ་རེ་ནས་འདྲ་མཉམ་དང་། རང་དབང་། གསང་བའི་ཐོག་ནས་འོས་ཤོག་ཟུར་ཡོད་ནང་མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་ འོས་དམིགས་འདེམས་སྒྲུག་བྱ་རྒྱུ། ༢༠༡༤།༠༢།༡༧ ༡
    ༤ ༽ དྭང་བླངས་འོས་གཞིར་འཛུལ་ཞུགས་བྱེད་མི་སོ་སོའི་སྙན་ཞུ་དང་། དྭང་བླངས་འགེངས་ཤོག་གི་གཙོས་འབྲེལ་ཡོད་ཡིག་ཆ་ཁག་ས་གནས་འོས་བསྡུ་ལས་ཁང་དུ་ ཕུལ་འབྱོར་དགོས་པའི་དུས་ཚོད་དང་། འོས་ཤོག་གྲངས་བཤེར་འགོ་འཛུགས་བྱ་རྒྱུ། ༢༠༡༤།༠༢།༡༨ ནས་ ༢༠༡༤།༠༢།༢༢ ༥
    ༦ ༽ དྭང་བླངས་འོས་གཞིར་འཛུལ་ཞུགས་བྱས་པའི་གང་ཟག་ཞིག་རང་མོས་ཕྱིར་འཐེན་བྱེད་རྒྱུའི་དུས་ཚོད། ༢༠༡༤།༠༢།༢༣ ནས་ ༢༠༡༤།༠༢།༢༧ ༥
    ༧ ༽ དྭང་བླངས་འོས་གཞི་དང་།འོས་དམིགས་འདེམས་྄སྒྲུག འོས་ཤོག་ཕྱོགས་བསྡོམས་བཅས་ཡིག་ཆ་ཁག་ས་གནས་འོས་བསྡུ་ལས་ཁང་ནས་དབུས་འོས་བསྡུ་ ལས་ཁང་ལ་འབུལ་རྒྱུའི་གྲ་སྒྲིག་དང་གཏོང་རྒྱུའི་དུས་ཚོད་མཐའ་མ། ༢༠༡༤།༠༢།༢༨ ནས་ ༢༠༡༤།༠༣།༢༩ ༣༠
    ༨ ༽ གོང་གསལ་ཡིག་ཆ་རྣམས་དབུས་འོས་བསྡུ་ལས་ཁང་དུ་ཕུལ་བའི་ལམ་འགོར་དང་། ས་གནས་ཁག་ནས་འབྱོར་དགོས་པའི་དུས་ཚོད། ༢༠༡༤།༠༣།༣༠ ནས་ ༢༠༡༤།༠༤།༡༠ ༡༢
    ༩ ༽ དབུས་་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་ཕྱོགས་བསྡོམས་གྲ་སྒྲིག་དང་ ཐོག་མ་འབྱོར་བར་ངང་སྒུག་དུས་ཚོད། ༢༠༡༤།༠༤།༡༡ ནས་ ༢༠༡༤།༠༤།༡༤ ༤
    ༡༠ ༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་འགོ་འཛུགས་བྱ་རྒྱུའི་དུས་ཚོད། ༢༠༡༤།༠༤།༡༥ ནས་ ༢༠༡༤།༠༥།༡༦ ༢
    ༡༡ ༽ སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་དུས་ཚོད། ༢༠༡༤།༠༥།༡༧ ནས་ ༢༠༡༤།༠༥།༢༠ ༤
    ༡༢ ༽ སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ས་གནས་སོ་སོར་ གཏོང་ཚེས་ནས་ས་གནས་འོས་བསྡུ་ལས་ཁུངས་སོ་སོར་འབྱོར་བའི་དུས་ཚོད། ༢༠༡༤།༥།༢༡ ནས་ ༢༠༡༤།༥།༢༧ ༧
    ༡༣ ༽ ས་གནས་འོས་བསྡུ་འགན་འཛིན་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་འོས་གཞིར་ཞུགས་འདོད་ ཡོད་རིགས་ཀྱི་གལ་ཆེའི་ལོ་རྒྱུས་སྙིང་བསྡུས་ཡིག་འབྲི་༣༠༠ ནས་མ་བརྒལ་བ་དང་། ཉེ་བའི་འདྲ་པར་མཚོན་ཁྲ་ཅན་རེ་དང་། འོས་གཞིར་ཞུགས་འདོད་མེད་རིགས་ནས་དབུས་འོས་བསྡུ་ལས་ཁང་དུ་དགོངས་ཞུ་ཕུལ་ འབྱོར་དགོས་པའི་དུས་ཚོད། ༢༠༡༤།༥།༢༨ ནས་ ༢༠༡༤།༦།༡༦ ༢༠
    ༡༤ ༽ མདོ་སྨད་སྤྱི་འཐུས་གཅིག་གི་དངོས་གཞིའི་འོས་བསྡུ། ༢༠༡༤།༦།༡༧ ༡
    ༧
    ས་གནས་སུ་དངོས་གཞིའི་འོས་བསྡུ་མཇུག་སྒྲིལ་གྱིས་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུ། ༢༠༡༤།༦།༡༨ ནས་ ༢༠༡༤།༠༦།༢༠
    ༡༦ ༽ ས་གནས་ཁག་ནས་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་དང་ཐོ་གཞུང་ཡིག་ཆ་རྣམས་དབུས་ འོས་བསྡུ་ལས་ཁང་དུ་འབུལ་ཚེས། ༢༠༡༤།༦།༢༡ ནས་ ༢༠༡༤།༦།༢༦ ༦
    ༡༧ ༽ དབུས་འོས་བསྡུ་ལས་ཁང་དུ་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་གྲ་སྒྲིག ༢༠༡༤།༦།༢༧ ནས་ ༢༠༡༤།༦།༢༨ ༢
    ༡༨ ༽ སྤྱི་འཐུས་འོས་ཐོན་གཅིག་གི་མཚན་གཞུང་གསལ་བསྒྲགས་དང་ཁོང་གཉིས་ལ་བཀོད་རྒྱ་གཏོང་ཚེས། ༢༠༡༤།༦།༣༠ ༡
    བོད་མི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ཚེས་ ལ།།

    Reply
  16. དཔལ་ལྡན་ཚེ་རིང་། says:
    ལོ་ 9 སྔོན།

    ང་རང་གི་དོགས་གཞི་ད་དུང་སངས་ཐུབ་མ་སོང་། དུས་བབ་གསར་འགོད་པའི་དྲི་བ་གནད་དུ་འཁེལ་བ་བཏང་འདུག་ཀྱང་ལན་གསལ་བོ་མི་འདུག སྒྲིག་གཞི་གསར་པར་སྲིད་སྐྱོང་གིས་མཚན་རྟགས་བརྒྱབ་པའི་ཉིན་ནས་ལག་བསྟར་བྱེད་དགོས་ན། ཨང་རིམ་རྩེ་བཏོག་མ་རྒྱག་པར་བསྐྱར་དུ་འོས་བསྡུ་བྱེད་དོན་ག་རེ་ཡིན་ནམ། བརྒྱ་ཆ་ལོན་མི་དགོས་པར་ཨང་རིམ་རྩེ་བཏོག་རྒྱག་རྒྱུ་དེ་སྒྲིག་གཞི་གསར་པའི་དགོངས་དོན་རེད། དེ་ལག་བསྟར་མི་བྱེད་པར་བར་མའི་འོས་བསྡུ་བྱེད་དགོས་པར་ཐག་གཅོད་མཁན་སུ་ཞིག་ཡིན་ནམ། སྒྲིག་གཞིའི་ནང་དེ་ལྟར་གསལ་ཡོད་དམ། སྒྲིག་གཞིའི་ནང་གསལ་མེད་ན་ཁྲིམས་ཞིབ་ལ་བཀའ་འདྲི་ཞུ་མི་དགོས་པར། སྒྲིག་གཞི་རྙིང་པའི་སྐབས་བཅོ་ལྔ་པའི་འོས་བསྡུ་ལ་མི་ཁྱབ་པ་དང་། སྐབས་བཅོ་ལྔ་པར་སྤྱི་འཐུས་རྩ་དགོངས་ཞུས་ན་བར་མའི་འོས་བསྡུ་བྱེད་དགོས་ཞེས་གང་དུ་གསལ་ཡོད། འདི་དག་ཁ་གསལ་བོ་མི་འདུག

    Reply
  17. ཤར་ཕྱོགས་རྒྱལ་སྲས། says:
    ལོ་ 9 སྔོན།

    ནོར་འཁྲུལ་ཚབས་ཆེན་འོས་བསྡུ་འགན་འཛིན་མཆོག་ལ་བྱུང་ཡོད་པ་དེ་གསལ་བོ་རེད།

    ༡ ཚོགས་གཙོར་བཀའ་འདྲི་ཞུ་དོན་གསུངས་པ་ནོར་འཁྲུལ།

    ༢ སྒོར་འབུམ ༢༡ འགྲོ་གི་རེད་ཟེར་པ་ནོར་འཁྲུལ།

    ༣ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གསུངས་ན་བར་མའི་འོས་བསྡུ་མ་བྱས་ནའང་འཐུས་ཞེས་པ་ནོར་འཁྲུལ།

    ༤ འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་དོན་ཚན་རྙིང་པའི་འོག་གི་ཐག་གཅོད་ཚང་མར་ཁྱབ་ཀྱི་ཡོད་པ་འདྲ་བོ་བཤད་པ་དེ་ནོར་འཁྲུལ།

    ༥ ཀླུ་མཁར་བྱམས་བཅར་དུས་ཞེ་དྲག་ཡག་པོ་རེད་ཅེས་པ་ནོར་འཁྲུལ།

    འདི་ཚང་མ་འོས་བསྡུ་འགན་འཛྀན་ནས་མདོ་སྨད་མི་མང་དགོངས་སེལ་ཞུ་དགོས་ཀྱི་འདུག

    དེ་དང་མཉམ་དུ་དུས་བབ་གསར་འགོད་པས་འཛྀན་སྐྱོང་དང་ཁྲིམས་སྒྲིག་གི་འགྲོ་སྟངས་ཤེས་མི་འདུག་དེས་ཀྱང་མ་འོངས་པར་གཟབ་གཟབ་བྱེད་དགོས་པ་འདྲ།

    གང་ལྟར་རྒྱུ་འདི་གཉིས་ལ་བརྟེན་ནས་ཕྱོགས་ཞེན་བྱེད་མཁན་ཚོར་གོ་སྐབས་རེག་པ་རེད།།

    Reply
  18. དབྱིངས་འབུམ། says:
    ལོ་ 9 སྔོན།

    རེ་སྐུལ་དེ་ཡག་པོ་གནང་འདུག ཁ་སང་དེ་རིང་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་ནང་དུ་མདོ་སྨད་པ་ཚོས་ལུང་ཚན་ཕྱོགས་འཐེན་ཤུགས་ཆེན་པོ་བྱེད་ཀྱི་འདུག དེ་དག་གིས་སོ་སོའི་ཕ་ཡུལ་གཅིག་པ་ཞིག་སྤྱི་འཐུས་ནང་འགྲོ་ཐུབ་ན་བསམ་པ་དེ་གཅིག་པོ་མ་གཏོག སྤྱི་འཐུས་དེས་མདོ་སྨད་མི་མང་ལ་ཕན་ཐོག་ན་བསམ་པའི་ཀུན་སློང་ཡོད་པ་མ་རེད། དེ་ཡག་པོ་མ་རེད། ང་རང་གི་བསམ་པ་ཡིན་ན་ད་རེས་མདོ་སྨད་ཀྱི་སྤྱི་འཐུས་དེ་ལུང་ཚན་ཕ་ཡུལ་གཅིག་པ་ཕྱོགས་འཐེན་མི་བྱེད་མཁན་གྱི་མདོ་སྨད་སྤྱི་ཡོངས་ལ་ལྷག་བསམ་དཀར་པོ་འཆང་མཁན་ཞིག་ཡིན་དགོས་པ་རེད་བསམ་གྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist