མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨོག་རུ་དགོན་གཙང་བཤེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཀླུ་ཆུ་རྫོང་རྨོག་རུ་དགོན་དུ་གཙང་བཤེར་དག་ཐེར་བྱས་ཏེ་གྲུབ་འབྲས་ཡག་པོ་ཐོན་ཡོད་སྐོར་དོན་ཚན་ ༧ དང་མུ་མཐུད་རྒྱུན་འཁྱོངས་བྱེད་འཆར་གྱི་དོན་ཚན་ ༤ བཅས་བསྒྲགས་འདུག

ཁ་སང་ཀན་ལྷོ་ཀླུ་ཆུ་རྫོང་དྲིལ་བསྒྲགས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་། ཀླུ་ཆུ་རྫོང་ཨུ་ཡོན་ལྷན་ཁང་གི་བཀའ་བཀོད་ལྟར། སྔར་ལོའི་ཕྱི་ཟླ་ ༤ པ་ཙམ་ནས་ཀླུ་ཆུའི་རྨོག་རུ་དགོན་པར། ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་ལས་འགུལ་སྤེལ་ཏེ་གྲུབ་འབྲས་བླངས་ཡོད་སྐོར་དོན་ཚན་ ༧ བགྲང་ཡོད་པའི་ནང་། རང་སྲེག་ལ་ངོ་རྒོལ་བྱས་ཏེ་ཚེ་སྲོག་ལ་གཅེས་སྤྲས། དགོན་ནང་ལས་དོན་རུ་ཁག་ཆེད་གཏོང་གིས་དྲིལ་བསྒྲགས་སྤེལ་བ་དང་ལས་དོན་རུ་ཁག་གི་བྱ་བར་མཉམ་འབྲེལ་མི་བྱེད་མཁན་ལ་ཉེས་ཆད། དགོན་པའི་ཕྱི་ལ་སློབ་སྦྱོང་དང་ནད་དགོངས་སོགས་སུ་སྐྱོད་མཁན་ཚོར་རྗེས་འདེད་དང་ཞིབ་བཤེར་བྱས་པ་སོགས་བཀོད་འདུག

མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པའི་དོན་ཚན་ ༤ ཡོད་པའི་ནང་། དགོན་པ་ཕྱི་བཀག་ནང་སྡོམ་གྱིས་གྲྭ་བ་ཚོར་དུས་རྒྱུན་གྲངས་བཤེར་བྱས་ཏེ་སློབ་གསོ་སྤེལ་རྒྱུ་དང་། ཕྱི་མི་ནང་དུ་ཡོང་མཁན་ལ་ཞིབ་བཤེར་དང་མིང་ཐོ་འགོད་པ། གྲྭ་བ་ཚོའི་ལག་འཁྱེར་ཁ་པར་ཚང་མ་གཞུང་གིས་སྟངས་འཛིན་བྱས་ཏེ། གལ་སྲིད་ཁ་པར་གཏོང་དགོས་ཚེ་ཆོག་མཆན་ཞུ་དགོས་པ། དེ་བཞིན་གྲྭ་བ་ཚོའི་སྐད་འཕྲིན་དང་ཁེའུ་ཁེའུ་གླེང་མོལ་ལ་ཞིབ་བཤེར་བྱེད་རྒྱུ་སོགས་བཀོད་འདུག  

སློབ་སྦྱོང་ཤུགས་གནོན་བྱས་ཏེ་གྲྭ་བའི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པའི་དོན་ཚན་ཁག་ནི། དང་པོ། དགོན་པའི་ལས་དོན་རུ་ཁག་གིས་ཁྲིམས་ལུགས་དྲིལ་བསྒྲགས་དང་དམངས་ཕན་སྲིད་བྱུས། རང་སྲེག་ལ་ངོ་རྒོལ་བྱས་ཏེ་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སློབ་གསོ་གཏིང་ཟབ་ཀྱིས་སྤེལ་བ་དང་ཆབས་ཅིག ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༩ ཉིན་བསང་ཆུ་དགོན་གྱི་བླ་མ་འཇམ་དབྱངས་རྒྱ་མཚོ་མཆོག་དང་ཨ་ལགས་ཟམ་ཚ་ཚང་རྣམ་གཉིས་རྨོག་རུ་དགོན་པར་ཆེད་དུ་གདན་འདྲེན་ཞུས་ཏེ། གྲྭ་བ་ཚོས་སོ་སོའི་དགོན་པར་བདག་སྐྱོང་དང་ཉེ་འཁོར་གྱི་གྲྭ་བར་ཐུགས་ཁུར་བྱས་ཏེ་བརྟན་བརླིང་མིན་པའི་བྱ་འགུལ་ནང་མཉམ་ཞུགས་མི་བྱེད་པ་དང་། ཧུར་ཐག་གིས་ཞང་གྲོང་སྡེ་དང་ཡང་ན་དགོན་པའི་སློབ་གསོའི་བྱ་བར་མཉམ་འབྲེལ་དགོས་པའི་ཐུགས་སྐུལ་གནང་ཡོད།

གཉིས་པ། གྲྭ་བའི་སློབ་སྦྱོང་གི་གྲུབ་འབྲས་ཐད་བྱ་དགའ་དང་ཉེས་ཆད་ཀྱི་ལམ་ལུགས་གཏན་འབེབས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ནང་ཆོས་ཉམས་ལེན་དང་སློབ་སྦྱོང་འབུར་ཐོན་གྱི་གྲྭ་བར་བྱ་དགའ་དང་། བསམ་བློ་གཅིག་གྱུར་མིན་པ་དང་སློབ་སྦྱོང་ལ་ནན་ཏན་མི་བྱེད་པ། ལས་དོན་རུ་ཁག་གི་བྱ་བར་མཉམ་འབྲེལ་མི་བྱེད་པའི་གྲྭ་བ་ཚོར་ཉེས་ཆད་བཅད། གསུམ་པ། ལས་དོན་རུ་ཁག་གིས་གྲྭ་བ་ཚོ་ཁག་བགོས་ཏེ་གྲྭ་པ་རེ་རེ་བཞིན་དྲིལ་བསྒྲགས་སློབ་གསོ་སྤེལ་བ། བཞི་པ། དུས་ཡུན་ངེས་མེད་ཀྱིས་དགོན་པའི་མཐོ་རིམ་གྲྭ་བཙུན་ཚོས་རྨོག་རུ་དང་ཏེན་ཐཱང (电塘)་དང་། ཆུ་རིས་(恰日)གསུམ་གྱི་གྲོང་མང་ལས་དོན་ཚོགས་ཆུང་ལ། ཉེ་འཁོར་གྱི་དད་ལྡན་མང་ཚོགས་ཚོར་དྲིལ་བསྒྲགས་སློབ་གསོ་སྤེལ་དུ་བཅུག་སྟེ་མི་མང་ ༥༠༠ ཙམ་གྱིས་ཆ་ཤས་བླངས། ལྔ་པ། རྒྱུན་ལྡན་གྱི་སློབ་སྦྱོང་ཕུད་ལས་དོན་རུ་ཁག་དང་ཡང་ན་ཞང་གྲོང་སྡེ་གཞན་དུ་སྤེལ་བའི་དྲིལ་བསྒྲགས་སློབ་གསོའི་བྱ་བར་ལྟ་སྐོར་བྱེད་དུ་བཅུག་པ། དྲུག་པ། དུས་ཡུན་ངེས་གཏན་གྱིས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གྲྭ་བ་ནང་ཁུལ་དུ་གཙང་བཤེར་དག་ཐེར་བྱ་བའི་མྱོང་ཚོར་བརྗེ་རེས་བྱེད་པ། བདུན་པ། དགོན་པ་ཕྱི་རུ་སློབ་སྦྱོང་དང་ནད་དགོངས། ཡང་ན་བླ་བྲང་ནང་ཞབས་ཞུ་ཞུ་མཁན་གྱི་གྲྭ་བ་ཚོར་རྗེས་འདེད་ཞིབ་བཤེར་དང་སློབ་སྦྱོང་གི་ཡོ་ཆས་མཁོ་སྤྲོད། ཅེས་བཀོད་འདུག

དེ་བཞིན་དགོན་པ་དོ་དམ་ཤུགས་གནོན་བྱས་ཏེ་དགོན་པའི་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་པའི་སྐོར་དོན་ཚན་  ༤ བཀོད་པ་དག་ནི། དང་པོ། ཕྱི་བཀག་ནང་སྡོམ་གྱི་བྱེད་ཐབས་སྤྱད་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བ། གོམ་གང་མདུན་སྤོས་ཀྱིས་གྲྭ་བའི་དགོངས་ཞུའི་ལམ་ལུགས་ཇེ་དམ་དུ་བཏང་སྟེ་གང་འདོད་ཀྱིས་དགོན་པའི་ནང་འགྲོ་འོང་མི་ཆོག ཕྱི་ནས་ཡོང་མཁན་ཚོའི་མིང་ཐོ་འགོད་དང་། དྲིལ་བསྒྲགས་གཏམ་བཤད་ཚོགས་སྐབས་གྲྭ་བ་རེ་རེ་བཞིན་མིང་བཤེར་བྱེད་པ། གཉིས། དགོན་པ་ཡོངས་ཀྱི་གྲྭ་བ་ཚོའི་ལག་འཁྱེར་ཁ་པར་(Mobile)ཚང་མ་དོ་དམ་ཁང་གིས་གཅིག་གྱུར་གྱིས་དོ་དམ་བྱེད་པ། ཕྱི་ལོ་ ༢༠༡༣ ཟླ་ ༤ པ་ནས་བཟུང་གྲྭ་བ་ཚོའི་ལག་འཁྱེར་ཁ་པར་ཚང་མ་དོ་དམ་ཁང་གིས་བདག་ཉར་བྱས་ཡོད་པ་དང་། དོན་དག་ཡོད་ནས་ཁ་པར་གཏོང་དགོས་ཚེ་ངེས་པར་དུ་དོ་དམ་ཁང་གི་ཆོག་མཆན་ཐོབ་དགོས་པ་མ་ཟད། དོ་དམ་ཁང་གི་མི་སྣའི་ལྟ་སྐུལ་འོག་ཁ་པར་གཏོང་དགོས། དེ་བཞིན། དོ་དམ་ཁང་གིས་གྲྭ་བ་རེ་རེའི་སྐད་འཕྲིན་(Wechat)དང་ཁེའུ་ཁེའུ་(QQ)སོགས་ཀྱི་ཁ་བརྡའི་ནང་དོན་ལ་གཙང་བཤེར་བྱེད་པ།

གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་གྱིས་གྲྭ་བ་ཚོར་སྡོང་འཛུགས་ནགས་སྐྲུན་འོས་འགན་རྩ་འཛུགས་དང་། དགོན་པའི་ཁོར་ཡུག་ལ་གཙང་སྦྲ། ལུས་རྩལ་བྱ་འགུལ་སོགས་བྱ་འགུལ་རིགས་སྣ་མང་སྤེལ་བ། བཞི། གྲྭ་བ་དོ་དམ་ལ་ཤུགས་མནན་ཏེ་ལས་འགན་གཙང་ལེན་ལམ་ལུགས་ལག་བསྟར་བྱེད་པ། དགོན་པའི་དབུ་མཛད་དང་ཁྲི་བ། དགེ་བསྐོས། ཡོངས་འཛིན། དེ་བཞིན་དགོན་པ་དོ་དམ་ཁང་གི་མི་སྣ་བཅས་ཀྱིས་གཙོ་འགན་འཁུར་ཏེ། མཐོ་རིམ་གྲྭ་བཙུན་ཚོ་ཁག་བགོས་ཀྱིས་གྲྭ་བར་དོ་དམ་བྱས་ནས་གྲྭ་བ་ནང་ཁུལ་དུ་ཕན་ཚུན་ལྟ་སྐུལ་གྱི་དོ་དམ་སྒྲིག་སྲོལ་ཆགས་ཏུ་འཇུག་པ། ཅེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༧ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese