མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚ་གང་དུ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ངྷ་སའི་གནམ་ངོ་གནག་ཅིང་སྐྱི་སེར་རླུང་བུ་ལྡང་བའི་དགུན་དུས་ཀྱི་ཕྱི་དྲོ་འདིར། བདག་གིས་བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གློ་བུར་དུ་དྲན་བྱུང་། ཁོང་དྲན་པ་ལ་རྒྱུ་རྐྱེན་དུ་མ་ཡོད་ཀྱང་དེའི་ནང་གི་རེ་གཉིས་ཤིག་ཆེད་དུ་གླེང་ན། ཚང་མར་རྒྱུས་མངའ་ཡོད་པ་བཞིན་ཁོང་གིས་གོམ་བགྲོད་གནང་ནས་དུས་ཡུན་ག་ཚོད་ཕྱིན་མིན་དང་དཀའ་སྡུག་ཅི་ཙམ་མྱངས་མིན་དྲ་རྒྱ་སོགས་སུ་གང་འཚམ་བཀོད་ཡོད་པ་སོགས་དང་། དེའི་ནང་ནས་ཀྱང་བོར་བརླག་ཏུ་སོང་ནས་ཅི་ཙམ་འགོར་བ་དེ་བཞིན་དུ་གླེང་མཁན་དང་འཚོལ་མཁན། ཡང་ན་དེ་ལ་གདུང་སེམས་མཉམ་སྐྱེད་བྱ་མཁན་ཅི་ཙམ་ཡོད།

གཅིག འདས་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བསྐྱར་དུ་ཁོང་ཉིད་རང་གི་རི་ལྟར་བརྟན་པའི་དམ་བཅའ་དེའི་འཕྲོར་འཇུས་ནས་ལམ་ལ་ཆས་ཏེ་ད་བར་ཟླ་ངོ་ཧྲིལ་བོ་བཅུ་ཏག་ཏག་ཕྱིན་ཡོད། གོམ་བགྲོད་རྗེས་མ་འདི་སྔར་ལོའི་ཉམས་མྱོང་གི་སྟེང་ནས་ལམ་ཁ་སོགས་བརྗེ་ནས་ཕྱིན་ཡོད་ལ། ཁོང་ཉིད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཐག་བཅད་པའི་དམིགས་ཡུལ་ལྟར་ས་མཚམས་བརྒལ་ནས་དགྲ་བོའི་མེ་མདའི་རྩེ་གྲི་ལ་བྲང་གཏད་སོང་བ་ཚང་མས་ཤེས་གསལ་ཡིན། དེ་ལྟར་ས་མཚམས་ནས་བོར་བརླག་ཕྱིན་པའི་གནས་ཚུལ་ཡང་བཤད་ག་ལ་དགོས། དེས་ན་ད་བར་འུ་ཅག་གི་གཞུང་ཕྱོགས་ནས་ཅིའི་ཕྱིར་དཔའ་བོ་ཁོང་གི་ཛ་དྲག་གི་གནས་སྟངས་ལ་དོ་འཁུར་བྱེད་ཀྱི་མེད་དམ།

འདི་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ལྷད་མེད་དྭངས་གཙང་གི་དཔའ་བོ་བཤའ་མ་ཞིག་བོར་བརླག་ཏུ་སོང་བ་མ་རེད་དམ། སྤྱིར་བཏང་དཔའ་བོ་ཁོང་ལ་མཚོན་ན་བོད་གཞུང་དམངས་གཉིས་ཀའི་ར་མདའ་ལྟ་བུ་མེད་ཀྱང་ཆོག་རུང་། གཞན་པའི་མཐོང་སྣང་དང་རྒྱུ་འབྲས་ལ་མི་རུང་ཨང་། ( མི་རུང་བར་བརྗོད་དགོས་དོན་ནི། རྒྱབ་རྩ་དང་ལག་འབྲེལ་ཡོད་པའི་མི་ཞིག་ཡིན་ན་འདི་ལྟར་འཇོག་མིན་དང་། ལྷག་དོན་སྔོན་ཆད་ཟློས་གར་དང་གཞས་སྣ་འཚོལ་བསྡུར་ཕྱིན་པའི་ངག་དབང་ཆོས་འཕེལ་ལོ་ངོ་ཁ་ཤས་ལ་བཙོན་དུ་སྡོད་སྐབས། བོད་གཞུང་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཇི་ལྟར་མར་ལས་སྤུ་བཏོན་པ་བཞིན་ཁོང་བདེ་བླག་ངང་ཕྱི་རྒྱལ་དུ་བླངས་པ་སོགས་ལ་གཞིག་ནས་བཤད་ཀྱི་ཡོད། )

གཉིས། ཡང་རྒྱུ་རྐྱེན་གཞན་ཞིག་ནི། འུ་ཅག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་ལས་འགུལ་དང་འཐབ་རྩོད་ཀྱི་ངོས་ནས། དགྲ་བོར་འཇིགས་སྣང་ཕར་ཟད་རང་སྡེ་རང་གིས་འཇིག་པར་བྱེད་ཀྱིན་པ་དང་ཤིན་ཏུ་འདྲ་ སྟེ། དཔེར་ན། འདས་པའི་ཉིས་སྟོང་བརྒྱད་ནས་གཞིས་བཞུགས་སྤུན་ཟླ་དག་གི་སྙིང་སྟོབས་ཀྱིས་བཏེགས་པའི་བོད་དོན་འཐབ་རྩོད་ཅི་ཙམ་ཤུགས་ཆེ་བ་དེ་བཞིན་ཕྱི་ཕྱོགས་ས་ལ་ཉལ་ཞིང་ས་ནས་གཏིང་ལ་འཛུལ་གྱིན་པ་ལྟ་བུའི་རྣམ་སྣང་ཞིག་མི་འདུག་གམ། དེ་བས་ཀྱང་འབུར་དུ་ཐོན་པའི་བོད་དོན་འཐབ་རྩོད་ཀྱི་དཔའ་རྒོད་རེ་རེ་བཞིན་ཏེ། དཔེར་ན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་བཟང་བསྟན་འཛིན། བྱ་བྲལ་རིན་པོ་ཆེ་ལ་སོགས་པ་སྐབས་ཐོག་གི་ལས་འགུལ་དང་སྐབས་ཐོག་གི་འབོད་སྒྲ་ཙམ་ལས་ཁོང་ཅག་གི་དམིགས་འབེན་བཞིན་རྒྱུན་མཐུད་པའི་ལས་འགུལ་ཞིག་ཕར་ཟད། ཐ་ན་འུ་ཅག་གི་ལས་ཀྱི་སྣེ་མོ་བ་ཚོས་ཁ་ཚིག་ཙམ་ཡང་གླེང་གི་མེད་དོན་དེའོ།།

དཔེ་དེ་བཞིན་དུ་གླིང་ཚ་ཡང་འཇིག་རྟེན་ནས་བོར་བ་བཞིན་དུ་འུ་ཅག་གི་གཞུང་མང་ལས་འགུལ་གྱི་ཁྲོད་ནས་ཀྱང་བོར་འདུག་པ་ཅི་འདྲའི་ཐབས་སྐྱོ་བ་ལ་ཨང་། ( ཐབས་སྐྱོ་བ་ཟེར་དོན་ནི་ཡུལ་འདིའི་ཆབ་སྲིད་ཀྱི་ཚིག་ཅིག་ལྟར་བཤད་ན། སྐབས་འཚོལ་བའི་བྱ་སྤྱོད་ཙམ་ལས་དོན་དངོས་ཀྱིས་འཐབ་རྩོད་ཅིག་གུད་ན་མེད་པ་དང་། གོང་དུ་དྲངས་པའི་གནས་སྟངས་དེའི་སྟབས་ཀྱིས་སྐབས་འཚོལ་བ་ཞེས་པའི་མིང་ཚིག་འདི་ཡང་རང་སྟེང་ལ་འབབ་ཀྱིན་ཡོད། དེ་ལྟར་རང་གི་རྒྱལ་གཅེས་དཔའ་བོ་རང་གིས་མི་གླེང་བ་ནི་རང་ཉིད་རང་གིས་བསྒགས་གསོད་གཏོང་བ་དང་འདྲའོ།།)

གསུམ། དེ་ལྟར་འཇིག་རྟེན་ནས་བོར་སོང་བའི་གླིང་ཚ་ནི་ང་ཚོའི་སེམས་ནས་དུས་གཏན་ཏུ་འབོར་མི་འོས་ཏེ། མ་མཐའ་ཡང་ཁོང་དགྲ་ལག་ཏུ་ལྷུང་ཡོད་མེད་ཙམ་ཤེས་དགོས། དེའི་འོས་འགན་ནི་བོད་གཞུང་ཁོ་ན་ལ་ཡོད། ངས་ཆབ་སྲིད་ཟེར་བའི་གཞུང་ལུགས་ཟབ་མོ་གང་ཡང་མི་ཤེས་ཏེ། མི་ཚང་མས་མ་རབས་ཐ་ཤལ་དང་ངོ་ཚ་མེད་པ། རྒྱུ་འབྲས་གོ་ལྡོག་པར་བསྙད་པའི་ཁ་ཆེའི་དྲག་སྤྱོད་པ་དང་རྒྱ་ནག་ལྟ་བུར་མཚོན་ནའང་། རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དཔའ་བོ་ཚོའི་ཆེད་དུ་གང་ཡང་བྱེད་པ་དང་། དེའི་རིན་ཐང་ལ་གདེང་འཇོག་བྱེད་ཀྱིན་པ་དེབ་དང་ཚགས་ཤོག་བརྒྱུད་ལམ་སྣ་ཚོགས་ནས་མཐོང་གསལ་ལྟར་ཡིན་སྟབས། བདག་གིས་ནམ་དུ་ཡང་རང་གི་གཞུང་འདི་ལ་བློ་དཀར་གཞུངས་དྲང་གི་ངོས་ནས་གནད་དོན་འདིའི་ཐད་ནས་སྐྱོན་བརྗོད་དང་འཁང་ར་བྱེད་ཀྱིན་ཡོད། དཔའ་བོའི་རིན་ཐང་དཔལ་འབྱོར་གྱི་འདུ་འགོད་ཙམ་དུ་ཟད་པ་ནི་ཅི་འདྲའི་སྐྱོ་ཞིང་གདུང་བ་ལ་ཨང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་དེ་ལྟར་བོར་རྗེས། ཁོང་གི་བཀའ་དྲིན་ཆེ་བའི་ནད་གཅོང་ཅན་གྱི་ཕ་མ་དང་སྲིང་མོ། བཟའ་ཟླ་བུ་ཕྲུག་སོགས་ནང་མིའི་དཀའ་སྡུག་དག་བརྗོད་ལས་འདས་ཀྱང་འདིར་ཚིག་ཚོགས་སྤུངས་པའི་ངལ་བ་སྤངས་ཏེ་བརྗོད་འདོད་པ་གཅིག་ནི། གླིང་ཚ་ང་ཚོའི་མིག་མདུན་ནས་མི་སྣང་བར་གྱུར་རྗེས་ཁོང་གི་ཕ་རྒན་གྱིས་བུ་གཡུལ་དུ་ཕྱིན་པའི་གཞུག་ལ་ལྟད་མོར་ལྟ་བའི་སྡར་མའི་རང་གཤིས་དོར་ནས་ཐད་ཀར་བོད་དུ་ཕྱིན་ཡོད། དེ་ལྟར་འགྲོ་བ་ཡང་ཅི་འདྲའི་གཉེན་འཕྲང་ཞིག་མ་རེད་དམ། ཕ་བུ་གཉིས་དེ་ལྟར་སོང་ཤུལ་གྱི་ཁེར་རྐྱང་གི་ཨ་མ་དེའི་སྡུག་བསྔལ་བའི་འཚོ་བ་ལ་ གཞུང་ངོས་ནས་ལྟ་རྟོག་ཅི་ཞིག་བྱེད་ཀྱིན་ཡོད། སྐྱི་སེར་རླུང་བུ་ལྡང་ཞིང་བར་སྣང་ན་ལོ་མ་སེར་པོས་སྐྱོ་བའི་ཟློས་གར་བསྒྱུར་བའི་ཕྱི་དྲོ་འདིར་རང་དབང་མེད་པར་ཐལ་བའི་ལྷག་བསམ་རྣམ་དག་གི་བསམ་ཚུལ་ཙམ་མོ།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སྐད་ཆ་དེ་ལ་བལྟས་ན་བདེན་པ་མིན་པར་མ་ཟད་རྒྱལ་སྲས་ཤིག་དེ་བས་ཀྱང་མ་རེད། ཁོང་གིས་ཕྱི་གསལ་ནང་གསལ་བྱས་ནས་ལས་འགུལ་དེ་ཇི་ལྟར་བརྩམས་པའི་འཆར་གཞི་ཡོད་ཚད་ཁོ་རང་ཉིས་ཀྱི་བསམ་བློ་ཡིན་ཞེས་བསྒྲགས་ཡོད།
    མ་གཞི་ནས་ང་རང་ཚོ་སྒོར་འབུད་མི་ཐུབ་པ་ཚོས་ལུས་སྲོག་ལོངས་སྤྱོད་བོད་དོན་བདེན་པའི་འཐབ་རྩོད་ཆེད་དུ་བློས་གཏོང་མཁན་སུ་ལ་ཡང་དམའ་འབེབས་བྱེད་པའི་ཐོབ་ཐང་མེད།
    དོན་ངོ་མ་་བཤད་ན་གླིང་ཚ་དཔའ་རྒོད་ཀྱི་ལས་འཆར་དགོངས་དོན་ལ་ང་ཚོས་ཕན་ཐོགས་མེད་གནོད་བསྐྱལ་ཡོད། ཉེས་པ་འདི་ང་ཚོས་ནམ་ཞིག་ལ་ངོས་ལེན་ཐུབ་བམ།

    Reply
  2. བདེན་པའི་རྒྱལ་སྲས། says:
    ལོ་ 12 སྔོན།

    རྩ་བའི་ཆ་ནི་ཁོང་གི་ལྷག་བསམ་དང་སྙིང་སྟོབས་བརྗོད་ཀྱིས་མི་ལང་བ་ཞིག་རེད། ཡིན་ན་སྔོན་མ་ཤར་ཁུག་དང་། ཟླ་ཚེ་སོགས་ཀྱིས་ལོགས་ལམ་དུ་འཁྲིད་པའི་རྐྱེན་གྱིས། ཁོང་ལ་མཐོང་མེད་པ་ཆག་རེད། ཕྱིས་སུ་ཐེངས་གཉིས་པའི་གོམ་འགྲོད་སྐབས་ཁོང་གིས་མི་ངན་ཁོང་ཚོ་ཁ་ལ་ཉན་མེད་པས། ཁོང་ནད་མེད་བདེ་ཐང་ཡིན་པར་སྨོན་ལམ་ཚང་མས་རྒྱབ་བཞིན་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese