མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝུ་ཀི་ཤེས་བྱ་ཀུན་བཏུས་ཕམ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་སྔོན་དྲ་དམངས་ཚོས་ཆེས་དགའ་བསུ་བྱེད་ཡུལ་ཝུ་ཀི་པི་ཌི་ཡཱ་(Wikipedia)ཞེས་པའི་ཤེས་བྱ་ཀུན་བཏུས་དྲ་གནས་ལ་ཉེ་བའི་ལོ་འགའི་ནང་གྷོ་གྷལ་རིག་མཛོད་(Google’s Knowledge Graghs)གྱིས་བཙན་འཛུལ་ཐེབས་བཞིན་ཡོད་འདུག

རྒྱལ་སྤྱིའི་ཐོག་དྲ་དམངས་ས་ཡ་མང་པོས་དགའ་མོས་བྱེད་པའི་ཤེས་བྱ་ཀུན་བཏུས་ཚིག་མཛོད་ཆེན་མོ་ཝུ་ཀི་པི་ཌི་བཀོལ་སྤྱོད་བྱེད་ཚད་ ༢༠༡༢ ལོའི་ཟླ་ ༡༢ ནས་ ༢༠༡༣ ལོའི་ཟླ་ ༡༢ པའི་བར་ཐེར་འབུམ་ ༢ ཙམ་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ལོ་སྔོན་མ་དག་དང་བསྡུར་ན་བརྒྱ་ཆ་ ༡༠ ཙམ་ཉམས་ཆག་ཕྱིན་ཡོད་འདུག དེ་དག་ལས་དབྱིན་ཡིག་ཐོག་འཚོལ་ཞིབ་བྱེད་ཚད་བརྒྱ་ཆ་ ༡༢ དང་འཇར་མན་སྐད་ཐོག་བརྒྱ་ཆ་ ༡༧། ཉི་ཧོང་སྐད་ཐོག་བརྒྱ་ཆ་ ༩ ཙམ་ཉམས་ཆག་ཕྱིན་ཡོད་འདུག

གནས་འཕྲིན་ཆེད་མཁས་པ་ཚོས་གནད་དོན་དེར། ༢༠༡༣ ལོའི་ཟླ་ ༡ པོའི་ནང་གྷོ་གྷལ་རིག་མཛོད་གསར་གཏོད་བྱས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ཅང་སྟབས་བདེ་ཡིན་པའི་གྷོ་གྷལ་རིག་མཛོད་བེད་སྤྱོད་གཏོང་གི་ཡོད་སྟབས་ཝུ་ཀི་པི་ཌི་ཡཱ་བཀོལ་སྤྱོད་བྱེད་མཁན་ཉུང་དུ་ཕྱིན་ཚུལ་རྗོད་ཀྱི་ཡོད་ཀྱང་། ཝུ་ཀི་པི་ཌི་ཡཱའི་སློབ་སྟོན་པ་ཇེའི་ཝོ་ཤི་(Jay Walsh)ལགས་ཀྱིས་གནས་ཚུལ་དེར་ངོས་ལེན་མེད་པར། གནས་ཚུལ་དེ་རྩིས་ནོར་དང་བསྐྱར་ཞིབ་ཡག་པོ་མ་བྱས་པའི་གནས་ཚུལ་ཞིག་ཡིན་སྐོར་བརྗོད་འདུག

ནེའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་དྲ་ཐོག་བདེ་འཇགས་སྐོར་གྱི་ཆེད་མཁས་པ་ཁཱེ་ཤེར་ཀི་ (ClayShirky)ལགས་ཀྱིས། འཛམ་གླིང་སྤྱི་ཡོངས་ནང་ཝུ་ཀི་པོ་ཌི་ཡཱ་བཀོལ་སྤྱོད་བྱེད་མཁན་ཉུང་དུ་འགྲོ་དགོས་དོན་ནི་ ༢༠༡༣ ལོའི་ཟླ་ ༡ པོའི་ནང་གྷོ་གྷལ་རིག་མཛོད་དྲ་བ་གསར་ཐོན་བྱུང་སྟེ། དེ་སྔ་སྐད་གྲགས་ཡོད་པའི་ཝུ་ཀི་ཤེས་བྱ་ཀུན་བཏུས་གཙོས་པའི་དྲ་གནས་མང་པོ་ཞིག་གི་ཁྲོམ་རྭར་བཙན་འཛུལ་ཐེབས་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་གཉིས་གསུམ་གོང་ནས་ཝུ་ཀི་ཤེས་བྱ་ཀུན་བཏུས་བེད་སྤྱོད་བྱེད་མཁན་ཉམས་ཆག་འགྲོ་བཞིན་ཡོད་ཀྱང་། ཚིག་མཛོད་དེའི་ནང་གི་རྒྱ་གར་གྱི་སྐད་ཡིག་ཁག་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ༢༠༡༡ ལོ་དང་བསྡུར་ན་ཧིན་རྡུའི་སྐད་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༣༤ དང་། བྷང་གྷ་ལི་སྐད་བེད་སྤྱོད་གཏོང་མཁན་བརྒྱ་ཆ་ ༤༦། མཱ་ལ་ཡཱ་ལམ་ (Malayalam)ནང་བརྒྱ་ཆ་ ༣༦། མཱ་ར་ཌི་ ( Marati) ནང་བརྒྱ་ཆ་ ༤། ཏི་ལུ་གྷུ་ ( Telugu)ནང་བརྒྱ་ཆ་ ༡། བཅས་འཕར་ཡོད་འདུག

༢༠༡༢ ལོའི་ཟླ་ ༡༡ པ་ནས་ ༢༠༡༣ ལོའི་ཟླ་ ༡༡ པའི་བར་ཝུ་ཀི་པི་ཌི་ཡཱ་ནང་དབྱིན་ཡིག་ཐོག་རྩོམ་ཡིག་འབྲི་མཁན་དང་རྩོམ་སྒྲིག་གནང་མཁན་བརྒྱ་ཆ་ ༡༥ ཙམ་ཉམས་ཆག་ཕྱིན་ཡོད་ཅིང་། དེ་ནི་ལག་ཐོག་ཁ་པར་ཐོག་ཝུ་ཀི་པི་ཌི་ཡཱ་འཚོལ་ཞིབ་བྱེད་མཁན་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༥༡ ཙམ་འཕར་ཡོད་སྟབས། ལག་ཐོག་ཁ་པར་སྟེང་ཡི་གེ་གཏག་པར་སྟབས་བདེ་བོ་མེད་པ་དེས་ཤུགས་རྐྱེན་གང་འཚམ་ཐེབས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

དྲ་ཐོག་ཀུན་བཏུས་ཚིག་མཛོད་ཝུ་ཀི་པི་ཌི་ཡཱ་ཞེས་པ་ནི་ ༢༠༠༡ ལོར་གསར་བཟོ་བྱས་ཏེ་འཛམ་གླིང་གི་སྐད་ཡིག་འདྲ་མིན་ ༢༣༧ ཙམ་ནང་ཡོད་ཅིང་། ད་བར་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༥༢༣ ཙམ་བྱུང་ཡོད་འདུག

གྷོ་གྷན་རིག་མཛོད་དེ་ ༢༠༡༣ ཟླ་ ༡ པོའི་ནང་གསར་དུ་ཐོན་པ་དང་། དེར་གནས་ཚུལ་ཅི་རིགས་འཚོལ་ཞིབ་བྱེད་ཐུབ་པ་མ་ཟད་རྒྱབ་ལྗོངས་གནས་ཚུལ་དང་པར་རིས། འབྲེལ་འཐག་བཅས་འཛོམ་པའི་ཤེས་རིགས་བང་མཛོད་ཅིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༦ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    http://www.wikipedia.org/
    བོད་སྐད།
    http://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese