མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་མདོར་བྲོས་བྱོལ་དུ་ཕྱིན་པ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཁན་པོ་ཀར་ཚེས་བྲིས།

༄༅། །ཉིན་དེར་སྔར་རྒྱུན་ལྟར་དམངས་ཁྲོད་དུ་ཞིང་སྒྲུབ་འཚོགས་སུ་ཕྱིན་པ་ཡིན། ཉིན་བསྟུད་མར་ཁ་བ་བབས་དྲགས་པས་ས་མཐོ་ས་ཀུན་ཏུ་སྒང་གཤོངས་སྙོམས་པའི་ཚོར་སྣང་འབྱུང་བའི་ཁ་བ་ཆེན་པོ་བཞག་ཡོད་ཅིང༌། གྲང་ངར་ཅུང་ཟད་རྒྱས་འདུག འོན་ཀྱང་ཉིན་ཁ་ཤས་སྔོན་ནས་ཁས་བླངས་པ་ལྟར་དེ་རིང་ཅིས་ཀྱང་འགྲོ་དགོས། ངས་རང་ཉིད་འབོད་མཁན་ལ་སྡོང་རྒན་ཐང་ཞེས་པའི་འགག་སྒོ་གྲགས་ཆེན་དེ་ནས་ཐར་མིན་ཞིབ་འདྲི་བྱས་པ་ཡིན་ལ་རྒྱུན་ལྡན་གྱི་འགྲོ་ལུགས་ལྟར་ས་གནས་ནང་ཆེན་རྫོང་གི་འཐབ་ཕྱོགས་གཅིག་སྒྱུར་ལས་ཁུངས་ལ་ཆོག་མཆན་ཞུས་པ་ཡིན།

3གང་ལྟར་བསྐྱོད་དགོས། ཉིན་གུང་དུས་ཚོད་གཉིས་པའི་སྟེང་ནས་ང་རང་བསུ་མཁན་དང་མཉམ་དུ་ལམ་ལ་བསྐྱོད་པ་ཡིན། དུས་ཚོད་གཅིག་དང་ཕྱེད་ཙམ་གྱི་སྟེང་མཚོ་སྔོན་དང་བོད་ལྗོངས་ཏེ་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་སླེབས་བྱུང༌། ང་རང་འབོད་མཁན་གྱི་མི་སྣས་བཤད་ན་གསེར་རྟ་ནས་ཀྱང་མཁན་པོ་ཞིག་ཆེད་ཕེབས་གནང་བ་དང་དུས་ཚོད་གཅིག་ཙམ་ནས་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་བསླེབ་རྒྱུ་ཡིན་འདུག གང་ལྟར་དུས་ཚོད་ཅུང་འཕྱི་པོ་ཆགས་ཡོད་པ་དང་ལམ་ཐག་ད་དུང་ཅུང་ཟད་ཡོད་སྐད་འདུག་པས་ང་ཚོ་སྔོན་དུ་འགྲོ་རྒྱུ་ཐག་བཅད་ནས་སྐར་མ་ཁ་ཤས་སོང་མཚམས་ལྕི་ཆུ་འགྲམ་རྒྱུད་དུ་སླེབས་སོང༌། ཁོང་ཚོས་བཤད་ན་འགག་སྒོའི་འགྲམ་དུ་སླེབས་གྲབས་ཡོད་པས་ས་ཆ་གཞན་ནས་བསྐོར་ནས་འགྲོ་དགོས་རབ་ཤོད་བཞིན་འདུག  ང་བསུ་རུ་ཡོང་མཁན་དག་གིས་ཁ་པར་ཁ་ཤས་བཏང་སོང་། ཁ་པར་གཏོང་ས་དག་ཁོང་ཚོའི་འབྲེལ་བ་ཆེན་པོ་ཡོད་ས་ཁོ་ན་ཡིན་པ་འདྲ། འོན་ཀྱང་ང་བསུ་རུ་སོང་བའི་སྐོར་ལ་དྲང་བཤད་བྱེད་ཕོད་ཀྱི་མི་འདུག་ཅིང་ཕན་ཚུན་གོ་ན་རྒྱ་མིས་ཧ་གོ་འགྲོ་གི་རེད། ཅེས་ལབ་འདུག

བལྟས་ཚོད་ལ་ཁོང་ཚོ་ཚང་མ་དངངས་སྐྲག་ཆེན་པོ་ཡོད་པའི་སྣང་བ་ཞིག་སྐྱེས་བྱུང༌། གང་ལྟར་ང་ཚོ་འགག་སྒོ་ལས་བྲོས་བྱོལ་དུ་འགྲོ་བའི་ཐག་བཅད་ནས་ལམ་ཆེན་ལས་ཁ་བྲལ་ཏེ་ལུང་པ་ཁུག་ཀྱོག་གཅིག་ཏུ་གྱེན་འདེད་བྱས་ནས་སོང་མཐར་གྲོང་ཚོ་ཆུང་ཆུང་དུད་ཁྱིམ་བཅུ་ཕྲག་ཙམ་ཡོད་ངེས་སྙམ་པ། ཕྱི་ནས་བལྟས་ན་ཁང་པ་ཆེ་ཐག་ཆོད་པ་གློག་སྡོང་དང་ལམ་གློག་བཅས་པ་འཛུགས་སྐྲུན་ཐད་ཡར་རྒྱས་ཆེ་ཙམ་ལོས་ཡོད་སྙམ་པ་དང༌། ཁང་པ་རེ་རེའི་བད་ཁ་ནས་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་དམར་པོ་རེ་བཙུགས་ཡོད་ཅིང་རྒྱལ་གཅེས་དང་རྒྱལ་ཞེན་ལོས་ཆེ་སྙམ་པའི་ཚོར་སྣང་ཞིག་ཀྱང་སྟེར་གྱི་འདུག ལམ་ཟུར་ནས་སྐྱེས་པ་ལོ་གྲངས་བཞི་བཅུ་བརྒལ་བ་ཞིག་ཐུག་བྱུང་། ང་ཚོའི་རོགས་པ་གཉིས་ཀྱིས་འཕྲུལ་རྟ་གཡར་རྒྱུ་ཡོད་མེད་ཀྱི་སྐད་ཆ་དྲིས་སྐབས་ཁོས་བཤད་རྒྱུར། ང་ལ་འཕྲུལ་རྟ་ཡོད་ཀྱང་བཞོན་ཤེས་མཁན་ནི་སུ་ཡང་མེད། ང་ཚོའི་གྲོང་ཚོ་ནང་དུ་འཕྲུལ་རྟ་ཡོད་མཁན་ཁ་ཤས་ཡོད་ཀྱང་སྐྱེས་པ་ཚང་མ་དགོན་པ་ཞིག་གི་ནང་དུ་ཕྱིན་པས་མེད་ཟེར། ད་བལྟས་ན་འཕྲུལ་རྟ་ལ་རེ་བ་མེད་པ་འདྲ། ཅེས་གྲོགས་པོ་རྣམས་ཀྱིས་ཡི་ཆད་པའི་རྣམ་འགྱུར་སྟོན་བཞིན་འདུག ངས་ཁོང་ཚོར་རྐང་ཐང་གིས་ཕྱིན་ན་ལམ་ཐག་ག་ཚོད་ཡོད་མེད་དྲིས་ཀྱང་ཁོ་ཚོས་འཕྲུལ་རྟ་ཐབས་བྱེད་རྒྱུ་སྐོར་ལས་རྐང་ཐང་དུ་འགྲོ་རྒྱུ་སྐོར་ལ་ཁ་ཡ་བྱེད་ཀྱི་མི་འདུག རིམ་གྱིས་ང་ཚོ་ཁྱིམ་ཚང་ཞིག་ཏུ་སླེབས་ཏེ་ནང་དུ་འགྲོ་སྐབས་བྱིས་པ་ལོ་བཅུ་ལྷག་ཡིན་པ་གཅིག་གིས་སི་ཁྲོན་འཕྲིན་ལམ་གྱི་ཐོག་ནས་མུ་འབྲེལ་བརྙན་འཕྲིན་ལྟ་བཞིན་འདུག

ཁང་པའི་ནང་ནག་ཅིང་ཆ་རྐྱེན་ཡང་ཞན་པོ་ལས་མི་འདུག ཁྱིམ་ཚང་དེར་ད་དུང་རྒན་པོ་ཞིག་དང་བུད་མེད་གཅིག་གཉིས་འདུག་ཅིང་ཁོང་ཚོས་འོ་ཇ་དྲི་ཞིམ་ཅན་ཞིག་བླུགས་བྱུང༌། ངས་ཇ་འགྱོགས་ཙམ་བཏུང་རྗེས་རྐང་ཐང་དུ་སོང་ན་དགའ་ཞེས་ཐག་བཅད་པ་ཡིན། དེ་ནས་ང་དང་རོགས་པ་གྲྭ་པ་ཞིག་དང་ལམ་ཁྲིད་མཁན་གྱི་མི་གཅིག་བཅས་མཉམ་དུ་རྐང་ཐང་དུ་ཕྱིན་པ་ཡིན། ཅ་ལག་ཙག་ཙིག་ཡོད་པ་དག་ལས་དམིགས་བསལ་གྲྭ་པའི་རེད་སྙམ་པ་དག་ཚང་མ་རྒྱབ་ཏུ་ཁུར་བ་ལས་རླངས་འཁོར་དུ་བཞག་ན་དཀའ་ངལ་འཕྲད་སྐད་ལ་ང་ཚོས་ཀྱང་དེ་ལྟར་བྱས་ཏེ་རླངས་འཁོར་ལམ་ཆེན་དུ་བཏང་བ་ཡིན།

ལྟོས་དང་ང་བྲོས་བྱོལ་དུ་འགྲོ་གི་ཡོད། ང་འགྲོ་སའི་རླངས་འཁོར་ཡོད་ཅིང་རླངས་འཁོར་ཁ་ལོ་བ་དང༌། ཁ་ལོ་བར་ཆོག་ཡིག གཞན་ཡང་ཐོབ་དཔང་དང་གྲྭ་འཛིན་ལྟ་བུ་ཡོད་དགོས་པ་ཁག་ཚང་མ་ཡོད་ཅིང་ལུགས་དང་ཁྲིམས་ཀྱི་རིགས་གང་ལ་ཡང་འགལ་མེད། འོན་ཀྱང་ཁ་བ་མཐུག་པོ་དང་ལ་ཁ་གཟར་མོ་དག་ལས་འདི་ལྟར་འགྲོ་བཞིན་ཡོད།   གྲོང་ཚོ་ཆུང་ཆུང་འདི་རྒྱབ་ཏུ་བསྐྱུར་ནས་གོམ་པ་རེ་རེ་བཞིན་འཛེགས་སྐབས་ང་ཚོའི་སྔོན་དུ་ད་དུང་མི་ཁ་ཤས་སོང་བ་མཐོང་ཐུབ། ཆེ་ཆུང་མི་འདྲ་བའི་རྐང་རྗེས་ཁ་ཤས་ལ་བལྟས་ཚེ་ཁོང་ཚོ་ཡང་རང་གི་ཕ་ཡུལ་ནས་རང་གི་ཕ་ཡུལ་དུ་བྲོས་བྱོལ་དུ་ཕྱིན་པ་འདྲ། ཁ་སང་མི་དག་གིས་བཤད་ན་ས་གནས་ཀྱི་མི་མ་ཡིན་ཚེ་དོན་མེད་དུ་གཅར་རྡུང་དྲག་པོ་བྱེད་རབས་འདུག་པས་དངོས་གནས་བདེན་པ་འདྲ།

ལ་རྒྱབ་འདི་ནས་ད་དུང་ལམ་ཕྲན་ནམ་ཡང་ན་བགྲོད་ལམ་གཏན་འཁེལ་མེད་པར་རྐང་རྗེས་མང་པོ་ལ་རྒྱབ་ཏུ་ཟུག་འདུག་ཅིང་རི་འདབས་ན་རྒྱལ་ཁབ་རིམ་པའི་མྱུར་བགྲོད་གཞུང་ལམ་ཡོད་བཞིན་དུ་འདི་ལྟའི་མི་མང་ཞིག་གང་དུ་ཅིའི་ཕྱིར་ཕྱིན་པ་ཡིན་ན། བལྟས་ཡོང་ན་ང་དང་འདྲ་བའི་མི་གང་མང་ཞིག་ཡོད་པ་ཤེས་ཐུབ། ཁ་བ་བབས་ནས་ཉིན་གཉིས་ཙམ་ཕྱིན་སོང་བས་རྐང་རྗེས་མང་ལུགས་ཀྱིས་ཉིན་རེ་བཞིན་མི་མང་པོ་ང་ལྟར་འགྲོ་བཞིན་ཡོད་པ་འདྲ། སྤྱིར་ཡིན་ན་འཕྲུལ་རྟ་མཐོན་པོ་དག་འདི་ནས་སོང་ན་ཐར་ཙམ་འདུག་མོད། དེ་རིང་ལྟ་བུ་གནམ་གཤིས་ཡག་རྒྱུ་མེད་ཅིང་ཁ་བ་དང་ཆུ་འདམ་ཆེ་སྐབས་ཐབས་ཤེས་གང་ཡང་མེད་པ་འདྲ།

ད་ནི་ལ་རྒྱབ་ཏུ་ཐོན་སོང༌། དུས་ཚོད་གཉིས་ཙམ་གྱི་མཐར་ལ་ཆེན་པོ་དེ་བརྒལ་ཐུབ་ཙམ་བྱུང༌། ད་དུང་ཁ་བ་མཐུག་ཙམ་ཡོད་པའི་སྤང་ངོས་དག་ནས་ཐུར་དུ་འགྲོ་བ་ཡང་དེ་ཙམ་ལས་སླ་པོ་ཞིག་མ་རེད། གང་ལྟར་ས་ཁུག་ཆུང་ཆུང་འདི་ནས་ང་དང་ང་འདྲ་བ་དག་རང་གི་ཕ་ཡུལ་དུ་འགྲོ་བ་ཡང་ཅི་འདྲའི་དཀའ་ངལ་ཆེ་བ་ཞིག་རེད། མང་ཚོགས་མང་པོ་ཞིག་གིས་རྒྱ་མི་མལ་བུག་རྒྱུ་ཚང་ཞེས་དམོད་མོ་བྱེད་ཅིང་འདུག་ལ། ཚོད་བྱས་ན་ཨ་མདོ་དང་ཁམས་ཕྱོགས་ལས་ཀྱང་གཞུང་ཕྱོགས་ལ་མི་དགའ་མཁན་མང་བ་འདུག  ངས་ནི་འདི་དག་མཐོང་ཚེ་བོད་ལྗོངས་ལ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་འདི་དག་ཕམ་ཉེས་སུ་འགྲོ་གི་ཡོད་པའི་ཚོར་བ་ཤུགས་ཆེན་བྱུང་།

མཇུག་མཐར་ངས་གསལ་བཤད་བྱེད་རྒྱུར། འདི་ནི་ང་རང་ཆབ་མདོའི་ས་ཁུལ་ཞིག་ཏུ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་ཙམ་ཡིན་ཞིང༌། ནམ་རྒྱུན་ཐོས་རྒྱུ་མང་བའི་ལུགས་མེད་ཁྲིམས་མེད་ཀྱི་འགག་སྒོ་སྟེ་སྡོང་རྒན་ཐང་གི༼  ཆབ་མདོ་རི་བོ་ཆེའི་ཞིབ་བཤེར་ས་ཚིགས་དང་པོ ༽  昌都类乌齐县一级检察站 ཟེར་བ་འདི་ནས་དོན་མེད་ཀྱི་མང་ཚོགས་མང་པོར་དཀའ་ཁག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཙམ་ཡིན། འདི་ལྟ་བུའི་གནས་ཚུལ་ཁག་འབྲེལ་ཡོད་ཀྱི་འགོ་ཁྲིད་དང༌། ཡང་ན་རིམ་པ་གོང་མའི་དབུ་ཁྲིད། འཛམ་གླིང་མི་མང་རྣམས་ཀྱིས་ཤེས་རྟོགས་བྱུང་ནས་བོད་ལྗོངས་ཀྱི་འགྲོ་འདུག་གནས་ཚུལ་ཐད་དོ་སྣང་ཆེ་ཙམ་གནང་སྟེ་འགྱུར་བ་འགྲོ་བའི་རེ་བས་ཟིན་བྲིས་འདི་བཀོད་པ་ཡིན།

མ་རྩོམ་གྱི་འབྲེལ་ཐག http://woeser.middle-way.net/2014/01/47.html

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. སྟག་ཕྲུག says:
    ལོ་ 12 སྔོན།

    ”རྒྱུན་ལྡན་གྱི་འགྲོ་ལུགས་ལྟར་ས་གནས་ནང་ཆེན་རྫོང་གི་འཐབ་ཕྱོགས་གཅིག་སྒྱུར་ལས་ཁུངས་ལ་ཆོག་མཆན་ཞུས་”ནས་ད་དུང་ཡང་འགག་སྒོ་ནས་བརྒལ་མི་ཆོག་ན་ཆོག་མཆན་ཡི་གེ་དེ་ཤོག་སྙིགས་ཙམ་ལས་མ་འདས། རྒྱལ་ཁབ་འདི། སྲིད་གཞུང་འདི། ཨ་ཡོ།

    Reply
  2. བཀྲ་ཤིས། says:
    ལོ་ 12 སྔོན།

    བོད་ནང་གི་བོད་མི་ཚོ་དངོས་གནས་རྙིང་མ་རྗེ། རྩོམ་ཡིག་འདྲ་བོ་གསར་འགྱུར་འདྲ་བོ་འདི་ཀློག་བདེ་བོ་རང་ཁྱོན་ནས་མི་འདུག ཐེངས་ཁ་ཤས་ལ་གཟབ་ནན་བྱས་ཏེ་བཀླགས་ཀྱང་གསལ་བོ་ཞིག་ཁྱོན་ནས་མགོ་འཚོས་ཐུབ་མ་སོང་དོ།།།

    Reply
  3. ནགས་ཤོད་སད་མི says:
    ལོ་ 12 སྔོན།

    དུས་སྐབས་འདིར། བོད་མི་ཚོ་རང་གི་ཕ་ཡུལ་ནས་རང་གི་ཕ་ཡུལ་དུ་བྲོས་བྱོལ་བྱེད་ཀྱིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese