མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིམ་པ་བཞི་པ་ཁེ་ན་ཌར་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅཱལ་གྱི་བོད་མི་ཁེ་ན་ཌར་གཞིས་སྤོ་ལས་གཞི་ལས་རིམ་པ་ཁག་ཅིག་དེ་སྔ་བཏང་ཟིན་པ་ལྟར་རིམ་པ་བཞི་པ་དེ་གཟའ་སྤེན་པའི་ཉིན་བཏང་ཡོད་འདུག   

བཀྲས་ཕུན་བསྟན་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཏོང་རྒྱུའི་ལས་གཞི་ལས་སྔར་ལོའི་ཕྱི་ཟླ་ ༡༡ པ་ནས་སྔ་ཕྱི་རིམ་པ་གསུམ་བཏང་ཟིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༥ ཉིན་མེའོ་ཆོས་འཕེལ་གླིང་ནས་ཡིན་པའི་གཞིས་སྤོར་སྡེ་ཚན་བཞི་པའི་བོད་མི་ ༡༠ ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་( Toronton)བཏང་ཡོད་པ་དང་། སྡེ་ཚན་ལྔ་པ་དང་དྲུག་པ་གཉིས་ཏི་ཛུ་གཞིས་ཆགས་ནས་ཡིན་ལ། འདི་ལོའི་ཕྱི་ཟླ་ ༤ དང་ ༥ པའི་ནང་གཏོང་འཆར་ཡོད་འདུག  

འདི་ལོའི་དཔྱིད་དུས་སུ་ཁེ་ན་ཌའི་གཞུང་ཚབ་ཁང་གིས་ཐོངས་མཆན་གྱི་བཅར་འདྲི་ཐེངས་གཉིས་པ་གནང་རྒྱུ་ཡིན་པ་དང་།  ལས་གཞི་ལག་བསྟར་ཚོགས་ཆུང་གི་འཆར་གཞི་ལྟར་ན། ཕྱི་ལོ་ ༢༠༡༦ བར་ཁེ་ན་ཌའི་གྲོང་ཁྱེར་བྲི་ཊི་ཤ་ཀོ་ལམ་བི་ཡ་རུ་ཁྱོན་བོད་མི་ ༢༠༠ དང་། ཨོན་ཊོ་རི་ཡོ་དང་ཨལ་བར་ཊ་གཉིས་སུ་མི་ ༤༠༠ རེ་གཏོང་འཆར་ཡོད་འདུག  

ཨ་རུ་ན་ཅལ་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་བཞི་ནས་བོད་མི་ ༨༩༠ ལ་གཞིས་སྤོར་གྱི་རྒྱན་ཐོབ་པའི་ཁོངས་ནས། ད་ལྟའི་ཆར་མི་གྲངས་ ༢༠༤ ལ་ཁེ་ན་ཌ་གཞུང་གི་ཐོངས་མཆན་ཐོབ་ཡོད་པ་དང་། ཐོངས་མཆན་ཐོབ་པའི་ནང་ཏི་ཛུ་གཞིས་ཆགས་ནས་མི་ ༦༤ ། ཀྲུ་ཀྲིང་ནས་ ༣༧། མེའོ་གཞིས་ཆགས་ནས་ ༧༩ ། བསྟན་འཛིན་སྒང་གཞིས་ཆགས་ནས་མི་གྲངས་ ༢༤ བཅས་ཚུད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་གཞིས་སྤོར་སྡེ་ཚན་དང་པོའི་བོད་མི་ ༡༧ ཁེ་ན་ཌར་བཏང་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་གཞིས་སྤོར་སྡེ་ཚན་གཉིས་པའི་བོད་མི་ ༢༤ ཁེ་ན་ཌའི་གྲོང་ཁྱེར་ཝན་ཀུ་ཝར་(Vancauver)དུ་འབྱོར་ཡོད། དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྡེ་ཚན་གསུམ་པའི་བོད་མི་ ༩ ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རི་རུར་འབྱོར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གཞིས་སྤོར་སྡེ་ཚན་གསུམ་པའི་བོད་མི་ ༩ ལ་གྱེས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། གྱེས་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ནང་སྲིད་དྲུང་འཕར་དོན་འགྲུབ་རྡོ་རྗེ་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས་བཅས་ཕེབས་ཡོད་པ་དང་། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་གནས་སྤོར་བོད་མི་ཚོར། ༧གོང་ས་མཆོག་གི་བཀའ་སློབ་རྣམས་སྙིང་བཅངས་ཀྱིས་བོད་མིའི་སྐུ་ཚབ་ཡང་དག་པ་ཞིག་མཚོན་ཐུབ་དགོས་པ་དང་། བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་ལེགས་བྱང་ལ་གཅེས་འཛིན། ལས་རིགས་ཅི་འདྲ་ཞིག་ཡིན་རུང་དབྱེ་འབྱེད་མེད་པར་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་གནང་ཡོད་པ་དང་། ཁོང་ཚོ་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཁེལ་ག་རིར་གཞིས་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 6

  1. གངས་ལྡོམ། says:
    ལོ་ 13 སྔོན།

    བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་པ་དེ་བཙན་བྱོལ་ནང་དུ་མིན་འདུག་བསམ་གི་འདུག།
    གསར་འབྱོར་ཉམ་ཆུང་ཚོར་སྐལ་མེད།
    གཞིས་ཆགས་ཚོར་ཡོད་པའི་སྒང་ལ་སྐལ་མང་གི།

    ད་ཡིན་ན་ཡིད་ཐང་རྦེད་དེ་ཆད་ཐ།

    Reply
  2. གླང་ཆེན says:
    ལོ་ 13 སྔོན།

    མི་སྐྱོ་བོ་དེ་དག་ཕྱི་རྒྱལ་ལ་བཏང་ཐབས་བྱེད་ཀྱི་ཡོད་ལབ་པ་མ་གཏོགས་ད་ལན་ཁེ་ན་ཊ་བསྐྱོད་མཁན་གང་མཚམས་ཁང་པ་ཐོག་བརྩེགས་ཅན་ཡོད་མཁན་རེད་འདུག་
    ཆབ་སྲིད་པ་ཟེར་བ་དེ་ཆབ་སྲིད་པ་རང་རེད་འདུག
    ཡིད་ཆད་བརླག་སོང།།

    Reply
  3. བསོད་འོད says:
    ལོ་ 13 སྔོན།

    རེད་ལགས། ཁ་སང་མི་གྲངས་བཅུ་ཐམ་པ་ཁེ་ན་ཌ་ཁྲོ་རོན་ཊོ་དུ་ཕེབས་འབྱོར་བྱུང་སོང་། དེ་དུང་སྟབས་བསྟུན་གོ་བསྒྲིག་ཚོགས་ཆུང་གི་ངོས་ནས་གཞིས་མི་གནས་སྤོས་ཀྱི་འགྲོ་གྲོན་ཆེད་དུ་གསོལ་སྟོན་ཞིག་གོ་བསྒྲིགས་བྱས་སོང། གསོལ་སྟོན་དེར་བོད་རིགས་༢༠༠ ཡས་མན་ཞིག་ཕེབས་ཡོད་ས་རེད། གསོལ་སྟོན་གྱི་ཕྱག་འཁྱེར་རེར་རིན་གོང་ཁེ་སྒོར༧༠རེད འདུག གསར་དུ་འབྱོར་བའི་མི་གྲངས་བཅུ་བོ་དེ་དག་གསོལ་སྟོན་དེའི་སྐུ་འགྲོན་དུ་གདན་ཞུས་ཀྱིས་ཁོ་རང་ཚོས་གཞས་སྣ་ཞིག་ཀྱང་གཟིགས་འབུལ་གནང་སོང་།

    Reply
  4. ཤེད་ཅན། says:
    ལོ་ 13 སྔོན།

    མགོ་ལོག་ཟླ་བྷེ་སྤུ་ཁ་བོ།།
    རྒྱ་རི་སྒྲོལ་མར་ཆགས་དྲག་ནས།།
    བསྟོད་པ་ཚད་ལས་བརྒལ་བ་ཞིག།
    འགོག་མེད་ཁ་ནས་ཤོར་འདུག་གོ།

    Reply
  5. ཤེད་ཅན། says:
    ལོ་ 13 སྔོན།

    ཅུང་ཙམ་མིན་ན་བློ་བཟང་སེང་གེས་རྒྱ་རི་སྒྲོལ་མ་ཕྱི་དྲིལ་བཀའ་བློན་ལ་བཏང་གྲབས་བྱས་པ་རེད། ཡིན་ནའང། བར་ཆད་ལམ་ནས་སེལ་སོང་བ་རེད། རྒྱ་རི་སྒྲོལ་མ་གཞིས་ཆགས་ཁག་ཏུ་སོང་ན་བློ་བཟང་སེང་གེ་ཐུགས་བདེ་གི་མེད་ཀྱང། རྒྱ་རི་སྒྲོལ་མས་རྒྱ་གར་དཔོན་རིགས་ཁག་ལ་ཐབས་ཤེས་སྣ་ཚོགས་ཀྱི་འབྲེལ་བ་དེ་འདྲ་བློ་བཟང་སེང་གེས་ཡོང་གི་མེད་སྟབས་མ་འཇོག་ཐབས་མེད་བྱུང་སྟེ་མཐར་ནང་སྲིད་བཀའ་བློན་གྱི་སྐུ་ཚེ་བརྟན་སོང་པ་དང།

    Reply
  6. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ།།
    ཆོས་སྲིད་སྤྱི་དང་ྋགོང་ས་མཆོག་ལ།།
    ཇི་སྲིད་འཚོ་བར་ལྷག་བསམ་གཙང་པས།།
    དེ་སྲིད་དུ་ཡང་མཛད་བཟང་རྒྱས་ཡོང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese