མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་གནས་བབ་ཀྱི་དཔང་པོ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྨེའུ་དཀོན་རྒྱམ།

དུས་རབས་ཉི་ཤུ་བའི་ནང་འཛམ་གླིང་དམག་འཁྲུག་ཆེན་པོ་གཉིས་བསྟུར་མར་བྱུང་བའི་ཤུགས་རྐྱེན་གྱིས། སྤྱིར་ཨེ་ཤ་ཡ་དང་སྒོས་སུ་བོད་ཀྱི་མངའ་ཁོངས་སུའང་དེ་བཞིན་དམར་ཕྱོགས་བཙན་འཛུལ་བས་དྲག་རྒོལ་རིམ་པར་བྱུང་བས། བོད་མི་ཁྲི་བརྒྱ་དང་ཉི་ཤུ་བརྒལ་བ་དམར་གསོད་བཏང་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་བོད་ཀྱི་རིག་གཞུང་དང་ཁོར་ཡུག མདོར་ན་སྣོད་བཅུད་ཡོངས་ལ་གཏོར་བཅོམ་ཚབས་ཆེན་ཐེབས་པ་མ་ཟད། བོད་རིག་པའི་ལྟེ་གནས་དགོན་སྡེ་དྲུག་སྟོང་ལྷག་ཀྱང་རྩ་གཏོར་བཏང་སྟེ། དཔལ་ཡོན་ཕུན་སུམ་ཚོགས་པའི་བོད་དང་བོད་ཀྱི་ཁྱད་ནོར་རྣམས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་གདུག་རྩུབ་ཅན་རྒྱུན་ཆད་མེད་པར་སྤེལ་བར་བརྟེན།

གཞི་རྩའི་བོད་ཀྱི་རང་དབང་དང་ཞི་བདེ། ཐོབ་ཐང་བཅས་ཀྱི་རིན་ཐང་ལ་མཁྱེན་རྟོགས་དང་ལག་ལེན་ཟབ་པའི་རིགས་མཐུན་སྤུན་ཟླ་ཆེས་མང་པོ་ཞིག་གིས་རིགས་ཞེན་གཙང་མ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་གིས་འཐབ་རྩོད་གནང་བའི་ཁྲོད་ནས་བློས་གཏོང་དང་དཔའ་ངར་ཆེན་པོས་བཙན་པོའི་ལོ་རྒྱུས་ཀྱི་ བདག་དབང་མཇུག་སྐྱོང་ཞུས་པའི་བརྒྱུད་རིམ་ནང་རླབས་ཆེན་གྱི་སྐྱེ་བུ་མང་པོས་ཚེ་སྲོག་གཏའ་མར་འཇོག་གནང་མཛད་པའི་ལོ་རྒྱུས་ཀྱི་བདེན་དོན་བརྩད་པ་ནི།  རང་རིགས་རང་སྲུང་གི་འགན་འཁྲི་དང་། མི་རབས་གསར་བ། མ་འོངས་པའི་བོད་བཅས་ཀྱི་འཐབ་རྩོད་ཀྱི་རྨང་གཞི་གལ་ཆེན་ཞིག་ཆགས་ཡོད།

དཔེར་ན། ཕྱི་ལོ་ ༡༩༦༥ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་ནག་དམར་གཞུང་གིས་ཁྲི་མུན་བཙོན་དུ་བཅུགས་ཤིང་བོད་ཀྱི་ལོ་རྒྱུས་ནང་གི་ཆབ་སྲིད་བཙོན་པའི་ལོ་ཡུན་རིང་ཤོས་ཡིན་པ་མ་ཟད། ལྷོ་ཤར་ཨེ་ཤ་ཡའི་ལོ་རྒྱུས་ནང་གིའང་ཟིན་ཐོ་ཨང་དང་པོ། ལྷག་པར་འཛམ་གླིང་གི་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཟིན་ཐོ་ཨང་གསུམ་པ་ཡིན་པའི་བོད་དང་བོད་མིའི་ཆེད་དུ་རྒྱ་གཞུང་དང་དེའི་སྲིད་བྱུས་ལ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཞི་རྒོལ་རབ་དང་རིམ་པ་གནང་མྱོང་བའི་རླབས་ཆེན་གྱི་སྐྱེ་བུ་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་མཆོག་རྒྱ་གཞུང་གི་བཙོན་ནང་དུ་མི་ལོ་ཧྲིལ་བོ་སོ་གཉིས་རིང་དཀའ་སྡུག་ཚད་མེད་མྱངས་ཤིང་། ལོ་ངོ་ལྔ་ལ་ལས་མི་རུ་ཁག་ཟེར་བའི་འགྲོ་འདུག་གི་རང་དབང་སྤུ་རྩེ་ཙམ་ཡང་མེད་པའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཁོར་ཡུག་ནང་བཞུགས་དགོས་བྱུང་འདུག་ལ། ལར་ནས་ཀྱང་རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱིས་དམ་པ་ཁོང་ལ་ལོ་ངོ་ཧྲིལ་བོ་བཞི་བཅུ་ཞེ་གཅིག་གི་ཁྲིམས་ཐག་བཅད་འདུག་མོད། རྒྱལ་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ནས་གནོད་ཤུགས་དང་རྒྱ་གཞུང་གིས་རང་སྲུང་དཀར་འདོན་གྱི་ཆེད་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ཕྱི་ལོ་ ༢༠༠༢ ཟླ་ ༣ ནང་ཨ་རིར་སྨན་བཅོས་ལ་ཁ་གཡར་ནས་ཕྱིར་ཕུད་བཏང་།

རྒྱུ་མཚན་ནི། གལ་སྲིད་རྒྱ་གཞུང་གིས་མུ་མཐུད་ནས་རྒྱལ་གཅེས་དཔའ་བོ་ཁོང་ལོ་ཤས་རིང་བཙོན་འཇུག་བྱས་ན། འཛམ་གླིང་ཆབ་སྲིད་བཙོན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཡོངས་སུ་གཏོར་བར་ཞེད་དེ་ཁོང་འགྲོ་འདུན་མེད་བཞིན་དུ་བཙན་ཤུགས་ཀྱིས་ཨ་རིར་ཕྱིར་ཕུད་གཏོང་སྟངས་སྐོར་ལ། རིན་ཐང་ལྡན་པའི་ཁོང་གི་ལོ་རྒྱུས་《མི་ཚེའི་མྱོང་ཚོར་》གྱི་ནང་དུ། “ང་ཨ་རིར་གཏོང་གི་ཡིན་ཟེར་བ་དང་། ཕྱིར་ལོག་མི་ཆོག་པའི་མིང་རྟགས་འགོད་དགོས་ཟེར་དུས། ང་ནི་བོད་རང་དབང་རང་བཙན་ཡིན་ཞེས་བརྗོད་ནས་བཙོན་དུ་ཚུད་པ་ཞིག་ཡིན་པ་ལས། ཁྲིམས་འགལ་གྱི་ཉེས་དོན་ཉེས་བསགས་ཀྱིས་བཙོན་དུ་ཚུད་པ་ཞིག་མིན་པས། ངས་ཕྱིར་ལོག་མི་བྱེད་པའི་མིང་རྟགས་འགོད་ཐུབ་ཀྱི་མི་འདུག”ཅེས་པ་འདིས། བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཅི་ཙམ་བྱས་ཡོད་མེད་དང་། ལྷག་པར་རྒྱ་གཞུང་གིས་ཁོང་ཕྱིར་ཕུད་གཏོང་དགོས་པའི་རྒྱབ་ལྗོངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་འདུག

དེས་ན། བོད་མི་སྒེར་བའི་ལོ་རྒྱུས་ཀྱིས་བོད་ཀྱི་གནས་བབ་སྤྱི་ཡོངས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་དངོས་ཡོད་ལོ་རྒྱུས་ཀྱི་ལམ་ནས་གསལ་སྟོན། དེ་ལས་ཀྱང་རྒྱ་གཞུང་གི་ཁྲིམས་ལུགས་དང་ལག་ལེན་གཉིས་ལ་འགལ་ཟླ་ཡོད་པ་བདེན་དཔང་གིས་གསལ་བཤད། སྐྱབས་བཅོལ་ནང་གི་གཞོན་སྐྱེས་ཚོར་འཐབ་རྩོད་བྱེད་ཕྱོགས་ལ་མིག་དཔེ་འཇོག་བཞག་པ་མ་ཟད། ད་ལྟ་དང་མ་འོངས་པའི་བོད་ཀྱི་རྗེས་རབས་པ་རྣམས་ལའང་འཐབ་རྩོད་ཀྱི་གདེང་སྤོབས་ཆེན་པོ་བསྐྲུན་ཐུབ་པའི་ཡིད་ཆེས་དང་། བོད་ཀྱི་གནས་བབ་ངོ་མའི་བདེན་དཔང་བཅས་ཡིན་པའི་རྒྱལ་གཅེས་དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་དེ་མ་བཀླགས་ཐབས་མེད་ཀྱི་དེབ་ཐེར་ཞིག་ཏུ་ཁུམས་སོ།།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༢ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese