མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་བཀྲོངས་པའི་ཉིན་མོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གྲྭ་བག་གྲོ་ལགས་ཀྱིས་༧པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱ་གཞུང་གིས་བཀྲོངས་ཏེ་ལོ་ཧྲིལ་པོ་ ༢༥ འཁོར་བར་རྗེས་དྲན་དང་བསྟུན་ཏེ། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་བོ་བོད་མི་རིགས་དང་རིག་གཞུང་ཐོག་ཕུལ་ཡོད་པ་ལྟར་བཙན་བྱོལ་དུ་ཡོད་པའི་བླ་སྤྲུལ་དགེ་བཤེས་ཚོས་ཀྱང་བོད་དོན་ཐོག་ཕྱག་ལས་གནང་རོགས་ཟེར།   

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག ངྷ་སའི་ལྷ་སྤྱི་ཚོགས་ཞབས་ཞུའི་ཚོགས་ཁང་དུ། ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱ་གཞུང་གིས་བཀྲོངས་ཏེ་བགྲང་བྱ་ ༢༥ འཁོར་བར་མྱ་ངན་རྗེས་དྲན་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་གྲྭ་བག་གྲོ་ལགས་ཀྱིས་ངོ་སྤྲོད་གནང་བར། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས་སྟངས་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་པ་དང་། ཁོང་ལ་སྙུང་གཞི་གང་ཡང་མེད་པར་སྐུ་གྲོངས་ཤིང་། ལྷག་པར་དུ་རྒྱ་ནག་པེ་ཅིན་དུ་མ་གྲོངས་པར་གདན་ས་བཀྲིས་ལྷུན་པོར་གྲོངས་པ་དེ་ནི་རྒྱ་གཞུང་གིས་ནག་ཉེས་བོད་ཐོག་གཡོག་ཐབས་ཤིག་ཡིན་སྟབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་༧པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྐྱེན་སྐོར་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་ངེས་པར་དུ་གནང་གལ་ཆེ་བ། ཁོ་རང་གི་ངོས་འཛིན་ལྟར་ན། ༧པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུར་ཐུག་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་དང་། གཞུང་ཞབས་ལས་བྱེད་ཆེ་ཕྲ། དེ་བཞིན་བོད་དོན་ཆེད་ཕྱག་ལས་གནང་མཁན་ཚོགས་པ་དང་མི་སྒེར་ཡོངས་ཀྱིས་ཡིག་ཆ་དེར་ཞིབ་འཇུག་དང་སློབ་སྦྱོང་ཡག་པོ་གནང་དགོས་སྐོར་སོགས་བརྗོད་སོང་།

༧པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་རྒྱུ་རྐྱེན་སྐོར་ལ་ཁོང་གིས། “ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་འཇིགས་ཞུམ་བྲལ་བའི་སྐྱོན་བརྗོད་གནང་ཡོད་སྟབས། རྒྱ་དམར་གྱི་དཔོན་ངན་རུ་ཚོགས་བཟོད་སྒོམ་བྲལ་ཏེ་ ༡༩༨༧ ཟླ་ ༡༡ ནང་ཏིན་ཞའོ་ཕིན་གྱི་མགྲོན་བསུ་ཁང་དུ་ཏིན་ཞའོ་ཕིན་དང་ཁྲིན་ཡོན། ལིས་ཞན་ཉིན། པའོ་ཡི་པོ། སུང་ཕེན་བཅས་ཀྱི་༼ པཎ་ཆེན་བཀྲོང་རྒྱུའི་ཐག་གཅོད་ཚོགས་འདུ། ༽ཟེར་བ་ཞིག་སྐོང་ཚོགས་བྱས་ཏེ་༼ པཎ་ཆེན་དམིགས་བསལ་ཐག་གཅོད།༽ཟེར་བ་ཞིག་འཆར་འགོད་བྱས་ཤིང་། ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་མཁན་ཝུན་ཅའོ་པའོ་དང་ཧུའུ་ཅིན་ཐའོ་གཉིས་བསྐོ་བཞག་བྱས་པ་རེད། ཁོ་གཉིས་ཀྱི་གོ་སྒྲིག་འོག་ ༡༩༨༨ ལོར་ཝུན་ཅའོ་པའོ་ཡིས་ངོ་སྤྲོད་བྱས་པའི་རྒྱ་དམར་མཐོ་རིམ་དཔོན་རིགས་ཀྱི་སྨན་པ་ཝན་མིན་ཆིན་དང་། ཧུའུ་ཅིན་ཐའོ་ཡིས་ངོ་སྤྲོད་བྱས་པའི་སྨན་པ་ཧུའུ་ཁྲོང་ཧྭ་སོགས་ཀྱིས་པེ་ཅིན་དུ་ཚོགས་འདུ་ཚོགས་ཏེ། སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་དུག་བཀོལ་ནས་བཀྲོང་རྒྱུའི་ཐབས་ཇུས་བརྩམས་ཤིང་། ༡༩༨༩ ལོའི་ཟླ་ ༢ ཚེས་ ༢༧ མཚན་མོར་ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པའོ་ཡིས་གཙོ་སྐྱོང་འོག་མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ཀྲུའུ་མེན་ཌིན་ཐད་ཀར་པཎ་ཆེན་རིན་པོ་ཆེ་མཆོག་གི་གམ་དུ་བཏང་སྟེ་ ༢༨ ཉིན་གྱི་ཞོགས་པར་འཆར་གཞི་ལྟར་བཀྲ་ལྷུན་དགོན་དུ་སྐུ་སྲོག་དངོས་སུ་བཀྲོངས་ཡོད་པ་རེད། སྐབས་དེར་ཞིང་གཤེགས་པ་མཆོག་གི་ཚེམས་དང་ཞལ་མདངས་ནག་པོ་ཆགས་ཡོད་པ་དེས་ཁོང་ལ་དུག་ཕོག་སྟེ་སྐུ་གྲོངས་པ་བདེན་དཔང་བྱས་ཡོད” ཅེས་དང་། ཁོང་གིས་མུ་མཐུད་དུ། “ སྤྱིར་རྒྱ་ནག་གི་དཔོན་རིགས་ཚོ་འདས་གྲོངས་སྐབས་མེ་ཏོག་ཕུལ་ཏེ་མྱ་ངན་མཆོད་འབུལ་གྱི་ལམ་སྲོལ་ཡོད་ཀྱང་། སྐབས་དེར་བོད་རིགས་དད་ལྡན་མང་ཚོགས་སྐུ་གདུང་ལ་མཇལ་ཁར་བཏང་མེད་པ་མ་ཟད། དེ་མ་ཐག་བྲེལ་བྲེལ་ཚུབ་ཚུབ་ཀྱིས་གདུང་བརྟེན་བཟོས་ཡོད་ལ། དེའི་རྗེས་ཀུན་གཟིགས་མཆོག་སྐུ་བཀྲོང་པར་འཆར་འགོད་བྱེད་མཁན་གཙོ་བོ་ཧུའུ་ཅིན་ཐའོ་ཡི་གོ་གནས་འཕར་ཏེ་རྒྱ་ནག་གི་སྲིད་འཛིན་དང་ཝུན་ཅཱ་པའོ་སྲིད་བློན་ཆགས་པ་རེད” ཅེས་སོགས་བརྗོད་སོང་།

གྲྭ་བག་གྲོ་ལགས་ཀྱིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་ལ། ༡༩༤༩ ལོར་རྒྱ་དམར་གྱིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་རྗེས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་སུ། འགྲོ་བ་མིའི་རིགས་ཀྱི་བསམ་གཞིགས་དང་བཟོད་སྒོམ་བྱེད་མི་ཐུབ་པའི་རྡུང་རྡེག་དང་འཕྲོག་བཅོམ། གཏོར་བཤིག དམར་གསོད་སོགས་རང་སྣང་གང་དྲན་བྱས་ཏེ། བོད་རྒྱ་ཆེའི་མང་ཚོགས་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དཀའ་སྡུག་ཚད་མེད་མྱང་དགོས་བྱུང་སྟབས། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་རང་ཉིད་བློས་གཏོང་གིས་བོད་མིའི་བདེ་སྡུག་ཕྲག་ཏུ་བཞེས་ཏེ། དོན་ཚན་ ༨ ཡོད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ ༡༩༦༢ ལོའི་ཟླ་ ༥ ཚེས་ ༡༨ ཉིན་རྒྱ་གཞུང་གི་སྲིད་བློན་ཀྲའོ་ཨིན་ལེར་ཕུལ་ཏེ་བོད་ཀྱི་གནས་སྟངས་རྣམས་དམར་རྗེན་དུ་བཏོན་གནང་མཛད་ཅིང་། གནས་ཚུལ་དེ་ལ་བརྟེན་ཏེ་ཏང་ལ་ངོ་རྒོལ་དང་མི་མང་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞེས་ཆབ་སྲིད་ཀྱི་ཞྭ་མོ་གསུམ་གཡོགས་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་ལས་ཚབ་ཀྱི་གོ་གནས་མེད་པ་བཟོས་པ་མ་ཟད། ཞིང་བྲན་ཁྲི་སྟོང་མང་པོ་སྐུལ་སློང་གིས་རྔ་རྡུང་དར་འཕྱར་གྱི་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། ༧པཎ་ཆེན་གྱི་རྔ་མ་གནམ་ལ་བཀྱགས་ཏེ་ UG-2 གནམ་གྲུ་ལས་ཀྱང་མཐོ་བ་འདུག་ཅེས་ཟུར་ཟ་དང་མཚན་སྨད། མཐོང་ཆུང་སོགས་བྱས་ཏེ་ལོ་ ༩ དང་ཟླ་ ༨ རིང་བཙོན་མུན་དུ་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཞིང་། མཐར་ ༡༩༧༧ ལོའི་ཟླ་ ༡༠ པའི་ནང་བཙོན་གྲོལ་ཐོབ་ཀྱང་ལོ་གཉིས་མ་ཟིན་ཙམ་རིང་མི་སེར་དཀྱུས་མ་ལྟར་བཞུགས་ཏེ་ ༡༩༧༩ ལོའི་ཟླ་ ༧ ཚེས་ ༢ ཉིན་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པ་དང་། ༡༩༨༠ ལོར་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཚོགས་གཞོན་དུ་བསྐོ་བཞག་གནང་ཡོད་པ་རེད། དེའི་རྗེས་ཁོང་གིས་མུ་མཐུད་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་ནང་བསྟན་སློབ་གྲྭ་སོགས་གསར་འཛུགས་གནང་སྟེ། ཤེས་རིག་གི་སྒྲོན་མེ་སྤར་བ་དང་། དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་བསྐྱར་གསོ། ལྷག་པར་དུ་ལོ་ངོ་ ༣༠ ལྷག་རྒྱུན་ཆད་པའི་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐོང་ཚོགས། ༡༩༨༧ ལོར་བོད་དོན་ཆེད་བཙོན་དུ་ཚུད་པའི་འབྲས་སྤུངས་དང་སེ་ར་དགོན་པའི་དགེ་འདུན་པ་ ༨༠ ཙམ་ཀློད་གྲོལ་གཏོང་ཐུབ་པ་སོགས་བོད་མི་རིགས་ཆེད་རི་བོ་འབིགས་པར་ནུས་པའི་སྐུ་ངལ་ཚད་མེད་བསྐྱོན་ཡོད་པ་རེད་ཅེས་སོགས་བརྗོད་སོང་།  

མཇུག་ཏུ་གྲྭ་བག་གྲོ་ལགས་ཀྱིས་འབོད་སྐུལ་གནང་དོན། “ ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་མི་མང་ལ་བཀའ་དྲིན་བླ་མེད་མཛད་མཁན་གྱི་སྐྱེས་ཆེན་དམ་པ་ཞིག་དང་། བོད་མིའི་སྙིང་དབུས་སུ་བཅངས་པའི་བླ་ན་མེད་པའི་དཔའ་བོ་ཞིག་ཡིན་པ་མ་ཟད། ཁོང་སྐུ་སྒེར་ལ་ཡོད་པའི་ཕྱག་དངུལ་རྣམས་རླངས་འཁོར་དང་བླ་བྲང་རྫིག་པོ་དེ་འདྲའི་ཐོག་མ་བཏང་བར། བོད་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ཆེད་ཕུལ་ཡོད་སྟབས། སྐྱབས་བཅོལ་དུ་ཡོད་པའི་བླ་སྤྲུལ་དགེ་བཤེས་ཚོས་ཁོང་ལ་དམིགས་དཔེ་བལྟས་ཏེ། རྒྱ་དམར་གྱི་བཙན་གནོན་འོག་ཆག་འཇིག་གི་གནས་སུ་ལྷུང་ཡོད་པའི་མི་རིགས་འདིའི་ཆེད་དུ་ཕྱག་ལས་གནང་རོགས” ཞེས་རེ་སྐུལ་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “གཅིག་གྱུར་གྱི་བོད་རིགས་རང་སྐྱོང་འཛུགས་རྒྱུའི་རེ་འདུན་ནི་ཚུལ་ལུགས་དང་མཐུན་པ། ཁྲིམས་དང་མཐུན་པ། རྒྱ་ཆེའི་བོད་མི་མང་གི་བསམ་འདུན་དང་མཐུན་པས། དེ་ནི་ཆ་རྐྱེན་འཛོམས་མིན་གྱི་གནད་དོན་ཞིག་ལས་ཕྱིར་བཤོལ་དང་ལོག་སྤྱོད་ཟེར་བའི་གནད་དོན་གང་ཡང་མ་རེད།” བཀའ་སློབ་འདི་རིགས་ཀྱིས་ཀྱང་ཁྱེད་ཉིད་ལ་བར་ཆད་བཏང་ཡོད་ངེས། ཁྱེད་ཀྱི་གསུང་ཚད་མ་དག ཡིད་ལ་བཟུང་ཡོད། ལམ་དུ་ཆས་ཡོད།

    ཞོར་དུ་ཞུ་འདོད་པ་གཅིག
    རྒྱུན་དུ་རང་ངོས་ནས་ལས་འགུལ་ཞིག་སྤེལ་ནས་ནུས་པ་གང་ཐུབ་འདོན་མཁན་གྲྭ་བག་གྲོ་ལགས་ཡིན། གལ་ཏེ་མདོ་སྟོད་སྨད་པའི་མི་ཞིག་ཡིན་ན་ཁོང་ལ་སྔ་ས་ནས་སྤྱི་འཐུས་ཀྱི་སྟེགས་བུ་གནང་ཡོད་ངེས་ཡིན།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    བཙོན་ཟུར་གྲྭ་བག་བྲོ་ལགས་ལ་སྐུ་པར་འགྲེམས་སྦྱར་དང་དཔེ་དེབ་འདོན་རྒྱུ་གྲངས་ལས་འདས་པ་ཡིན་ཙང་ཅུང་ཙམ་མིན་ན་འདིའང་མིག་འོག་ནས་ཤོར་སོང། བསྒྲགས་གཏམ་འདི་དང་ལས་འགུལ་འདི་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་ལ། ༸པཎ་ཆེན་རིན་པོ་ཆེས་དབྱིངས་ནས་དགོངས་ན་ཐུགས་ཡིད་སྐྱོ་ལྷང་ལྷང་ཞིག་ལོས་ཡོང་བསམས། དེ་ཙམ་ཞུ།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    མ་གཞི་ཡིན་ན་བཙན་བྱོལ་བོད་མི་ཡོངས་ནས་པཎ་ཆེན་རིན་པོ་ཆེར་རྗེས་དྲན་སྲུང་བརྩི་བྱེད་འོས་ཤིང་། དེ་མ་བྱུང་ན་དགེ་ལུགས་པ་ཡོངས་རྗེས་དྲན་བྱེད་འོས་ཤིང་། དེའང་མ་བྱུང་ན་གོང་ས་མཆོག་དབུ་བཞུགས་ཀྱིས་བསྔོ་སྨོན་ཞིག་གསུང་འོས་མོད། སྟབས་མ་ལེགས་པར་གྲྭ་བག་གྲོ་གཅིག་པུ་ལས་ཁོང་ལ་རྗེས་དྲན་གནང་མཁན་མི་འདུག་པས། ནམ་ཞིག་གོང་ས་མཆོག་ཀྱང་གནས་སྟངས་འདིའི་འོག་ལྷུང་མི་སྲིད་པར་སུས་ཁག་ཐེག་གནང་ཐུབ་བམ།

    Reply
  4. ཀུན་དགའ། says:
    ལོ་ 12 སྔོན།

    གུས་ནས་ཀྱང་རྐམ་རྡོ་རྗེས་བཤད་པའི་གཤམ་གྱི་སྐད་ཆ་འདི་སྔར་བོད་ནང་ནས་ཐོས་མྱོང་།
    ༼ ཧུའུ་ཅིན་ཐའོ་ཡིས་ངོ་སྤྲོད་བྱས་པའི་<སྨན་པ་ཧུའུ་ཁྲོང་ཧྭ་སོགས་ཀྱིས་པེ་ཅིན་དུ་ཚོགས་འདུ་ཚོགས་ཏེ། སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་དུག་བཀོལ་ནས་བཀྲོང་རྒྱུའི་ཐབས་ཇུས་བརྩམས་ཤིང་། ༡༩༨༩ ལོའི་ཟླ་ ༢ ཚེས་ ༢༧ མཚན་མོར་ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པའོ་ཡིས་གཙོ་སྐྱོང་འོག་མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ཀྲུའུ་མེན་ཌིན་ཐད་ཀར་པཎ་ཆེན་རིན་པོ་ཆེ་མཆོག་གི་གམ་དུ་བཏང་སྟེ་ ༢༨ ཉིན་གྱི་ཞོགས་པར་འཆར་གཞི་ལྟར་བཀྲ་ལྷུན་དགོན་དུ་སྐུ་སྲོག་དངོས་སུ་བཀྲོངས་ཡོད་པ་རེད། ༽

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་ ཧུའུ་ཅིན་ཐའོ་ཡིས་ངོ་སྤྲོད་བྱས་པའི་སྨན་པ་ཧུའུ་ཁྲོང་ཧྭ་སོགས་ཀྱིས་པེ་ཅིན་དུ་ཚོགས་འདུ་ཚོགས་ཏེ། སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་དུག་བཀོལ་ནས་བཀྲོང་རྒྱུའི་ཐབས་ཇུས་བརྩམས་ཤིང་།
    ༡༩༨༩ ལོའི་ཟླ་ ༢ ཚེས་ ༢༧ མཚན་མོར་ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པའོ་ཡིས་གཙོ་སྐྱོང་འོག་མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ཀྲུའུ་མེན་ཌིན་ཐད་ཀར་པཎ་ཆེན་རིན་པོ་ཆེ་མཆོག་གི་གམ་དུ་བཏང་སྟེ་ ༢༨ ཉིན་གྱི་ཞོགས་པར་འཆར་གཞི་ལྟར་བཀྲ་ལྷུན་དགོན་དུ་སྐུ་སྲོག་དངོས་སུ་བཀྲོངས་ཡོད་པ་རེད། ་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese