མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་རྒྱ་གར་གྱི་འགྱུར་ལྡོག་ཆེ་བའི་མཉམ་ལས།

བོད་ཀྱི་དུས་བབ།
༢༠༡༤/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལྦར་མ་ཅལ་ལ་ནཱེ་ཡིས་བརྩམས། དོན་གྲུབ་ཀྱིས་བསྒྱུར།

ཨེ་ཤ་ཡའི་མ་འོངས་བའི་གནས་བབ་ཅི་འདྲ་ཞིག་ཆགས་མིན་ལོ་རྒྱུས་ཐོག་འབྲེལ་ལམ་གཅིག་གྱུར་བྱུང་མེད་པའི་རྒྱ་ནག་དང་རྒྱ་གར། ཉི་ཧོང་སོགས་ཀྱི་ཐབས་ཇུས་གང་འདྲ་འཛིན་མིན་ལ་རག་ལས་ཡོད་སྟབས། རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཨེ་ཤ་ཡའི་མངའ་ཁུལ་ཐབས་ཇུས་དེ་ལོ་ཤས་རྗེས་ཉི་ཧོང་དང་རྒྱ་གར་གྱི་འབྲེལ་ལམ་ལ་བརྟེན་ཏེ་ཤུགས་རྐྱེན་ཐེབས་ངེས་ཡིན། 

རྒྱ་གར་ནང་ཟླ་སྔོན་མར་ཉི་ཧོང་རྒྱལ་པོ་ཨ་ཀི་ཧེ་ཌོ་དང་རྒྱལ་མོ་མེ་ཆི་ཁཱོ་རྣམ་གཉིས་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། རྒྱ་གར་དམངས་གཙོ་དབུ་བརྙེས་པའི་དུས་དྲན་ཉིན་ཏེ་ཟླ་འདིའི་ཚེས་ ༢༦ ཉིན། ཉི་ཧོང་གི་སྲིད་བློན་ཤིང་ཛ་ཨ་བྷེ་མཆོག་དུས་དྲན་དེའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་པ་དེ་དག་གིས། རྒྱ་གར་དང་ཉི་ཧོང་གི་འབྲེལ་ལམ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མ་ཟད། ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཨང་གཉིས་པ་དང་གསུམ་པའི་མཛའ་མཐུན་མཉམ་ལས་ཤིག་ཀྱང་ཆགས་ཡོད་སྟབས།  ཉི་ཧོང་བདེ་སྲུང་བློན་ཆེན་ཨོ་ཎོ་ཌི་ར་ (Itsunori Onodera) ལགས་ཉེ་ཆར་རྒྱ་གར་ནང་གཟིགས་སྐོར་སྐབས། ཕྱོགས་གཉིས་བར་དམག་དོན་ཐོག་མཉམ་ལས་བྱ་རྒྱུའི་གྲོས་ཆོད་མང་པོ་ཞིག་ལ་མིང་རྟགས་བཀོད་ཡོད།   

ཤར་ཨེ་ཤ་ཡ་དང་རྒྱ་གར་རྒྱ་མཚོའི་མངའ་ཁུལ་གྱི་གནད་དོན་ཚོད་འཛིན་བྱ་ཐུབ་མིན་དེ་ཨེ་ཤ་ཡའི་སྟོབས་ཤུགས་འདྲ་མཉམ་ཡོང་ཐུབ་མིན་ལ་རག་ལས་ཡོད་སྟབས། རྒྱ་གར་དང་ཉི་ཧོང་གི་མཉམ་ལས་དེ་ནི་འབྱུང་འགྱུར་ཨེ་ཤ་ཡའི་མངའ་ཁུལ་ཐོག་རྒྱ་ནག་དང་ཨ་རིའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་ཇུས་དག་ལ་གདོང་ལེན་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཆགས་ཡོད། ཉི་ཧོང་དང་རྒྱ་གར་ནི་ཨེ་ཤ་ཡ་གླིང་ཆེན་གྱི་ཁ་སྤྲོད་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱལ་ཁབ་འདི་གཉིས་ཀྱིས་རྒྱལ་སྤྱིའི་ཚོང་འབྲེལ་གཙོས་ནུས་ཁུངས་འཐོན་སྐྱེད་བྱེད་སའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་ལམ་དང་། དེ་བཞིན་མངའ་ཁུལ་རྒྱལ་ཁབ་ཁག་གི་བདག་དབང་སྟངས་འཛིན་བྱ་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་པ་ཞིག་ཆགས་ཡོད།

གཉིས་ཕན་མཉམ་རྒྱལ།

རྒྱ་གར་ནང་སྔར་ལོའི་ཕྱི་ཟླ་ ༡༢ པའི་ཟླ་མགོར་ཉི་ཧོང་རྒྱལ་པོ་དང་རྒྱལ་མོ་གཉིས་འཚམས་གཟིགས་སུ་ཕེབས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་ཀྱི་ཕྱོགས་སུ་སྣེ་ཁྲིད་མཛད་ཡོད། དེ་ཡང་། ཉི་ཧོང་གི་ལོ་ངོ་ ༢༦༠༠ ལྷག་གི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་རྒྱལ་བརྒྱུད་རྙིང་ཤོས་གྲས་ཏེ། རྒྱ་གར་བ་ཚོས་ནང་པའི་བདེ་བ་ཅན་གྱི་ཞིང་ཁམས་སུ་འབོད་པའི་རྒྱལ་བརྒྱུད་དེ་ཚོས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རྒྱ་གར་ནང་གཟིགས་སྐོར་གནང་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལས་ལྷག་པའི་ལམ་ཕྱོགས་གསར་པ་ཞིག་ཏུ་སྟ་གོན་བྱས་ཡོད་པ་མཚོན་ཡོད།   

ལྡི་ལི་གཞུང་གིས་འདས་པའི་ལོ་རབས་གཅིག་ལྷག་རིང་ཉི་ཧོང་གི་རྒྱལ་པོ་དང་རྒྱལ་མོ་རྣམ་གཉིས་རྒྱ་གར་དུ་གདན་ཞུ་ཐེངས་མང་གནང་ཡང་ཕེབས་མེད་ཀྱང་། ད་ལྟའི་ཉི་ཧོང་སྲིན་བློན་ཤིང་ཛ་ཨ་བྷེ་ཡིས་རྒྱ་གར་ནི་ཡིད་སྨོན་བྱེད་སའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་སྟེ་རྒྱལ་པོ་དང་རྒྱལ་མོ་རྣམ་གཉིས་རྒྱ་གར་ལ་གཟིགས་སྐོར་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་གནང་བ་དེས། ཉི་ཧོང་དང་རྒྱ་གར་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུའི་ཐབས་ཇུས་ཤིག་ཡིན་པ་ང་ཚོས་རྟོགས་ཐུབ། ད་རེབ་སྲིད་བློན་ཤིང་ཛོ་ཨ་བྷེ་མཆོག་རྒྱ་གར་དམངས་གཙོའི་དུས་དྲན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་དེས། ཨེ་ཤ་ཡའི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་རང་དབང་དང་མཚན་མཐོང་གསར་པ་ཞིག་དབུ་བརྙེས་བཞིན་ཡོད། འོན་ཀྱང་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ཐོག་འགོག་རྐྱེན་འཕྲད་ཚེ། དེ་ནི་རྒྱལ་ཁབ་སོ་སོའི་ནང་ཁུལ་གྱི་ཆབ་སྲིད་ལངས་ཕྱོགས་དང་ལྟ་གྲུབ་ཐུན་མིན་གྱི་དབང་གིས་བྱུང་བ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་ཡིན།

ཉི་ཧོང་གིས་རྒྱ་ནག་ལ་ཚན་རྩལ་འཕྲུལ་ལས་དང་རྒྱལ་ཁབ་འཛུགས་སྐྲུན་ཆེད་རོགས་དངུལ་འཕངས་མེད་སྤྲད་པ་དེའི་དབང་གིས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དམག་དོན་སྟོབས་ཤུགས་ལ་སྟངས་འཛིན་བྱ་རྒྱུ་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་དེ་ཉི་ཧོང་གི་ཁ་གཏད་ལྕོག་ཡུལ་ཞིག་ཆགས་ཡོད་སྟབས། ཉི་ཧོང་གིས་རྒྱ་གར་ལ་དངུལ་བུན་དང་ལག་རྩལ་སོགས་མཁོ་གཏོང་བྱས་ཏེ་རྒྱ་གར་གྱི་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་ཁག་འཕེལ་རྒྱས་གཏོང་ཐབས་ལ་རོགས་སྐྱོར་བྱེད་བཞིན་ཡོད།

རྒྱ་ནག་ནང་ལས་ལས་བཟོ་བར་གླ་ཆ་མཐོ་བ་དང་ཆབ་སྲིད་བརྟན་བརླིང་མེད་པ་སོགས་ལ་བརྟེན་ཏེ། རྒྱ་ནག་ནང་ཕྱི་རྒྱལ་གྱི་མ་འཇོག་བྱེད་མཁན་ཚོར་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ཉི་ཧོང་གིས་རྒྱ་གར་ནི་ཁྲོམ་རྭ་ཆེ་ཤོས་ཤིག་དང་གཞོན་སྐྱེས་ལས་ཀ་བ་མང་བའི་སྤྱི་ཚོགས་ཤིག་ཏུ་ངོས་འཛིན་ཐོག མཉམ་ལས་བྱེད་ཡུལ་གལ་ཆེན་ཞིག་ཏུ་མཐོང་སྟེ། ད་ལྟ་སྔར་ལས་ལྷག་པའི་འབྲེལ་ལམ་འཛུགས་བཞིན་ཡོད། དེར་བརྟེན། ཉི་ཧོང་གི་ཁེ་ལས་ཚོས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ལོ་འགར་མཉམ་ལས་བྱས་ཏེ་ཨེ་ཤ་ཡ་མངའ་ཁུལ་དུ་སྟོབས་ཤུགས་མངའ་ཐང་དོ་མཉམ་ཡོང་ཆེད། རྒྱ་གར་ནང་སིམ་འཛུལ་གྱིས་མ་འཇོག་བྱེད་བཞིན་ཡོད་ཅིང་། ད་ལྟ་ཉི་ཧོང་ནི་འཛམ་གླིང་ཡར་ཐོན་རྒྱལ་ཁབ་ཁག་ལས་རྒྱ་གར་ནང་མ་དངུལ་འཛུགས་འཇོག་ཕོན་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད། གང་ཡིན་ཞེ་ན། ཉི་ཧོང་གི་དངུལ་རྩའི་འཛའ་ཐང་ཉམས་གུད་ཤུགས་ཆེན་ཕྱིན་པ་བསྐྱར་གསོ་ཡོང་དགོས་ན། རྒྱ་གར་ནང་མ་འཇོག་དང་ཚོང་འབྲེལ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད།

ཉི་ཧོང་དང་རྒྱ་གར་གཉིས་ལ་མི་འདྲ་ས་ཞིག་ཡོད་པ་ནི། ཉི་ཧོང་ནི་སྒྲིག་ཁྲིམས་རང་བཞིན་གྱི་སྤྱི་ཚོགས་ཤིག་དང་། རྒྱ་གར་ནི་གུ་ཡངས་ལྷུག་གཏོང་གི་ཁྱད་ཆོས་ལྡན་པའི་ཡུལ་གྲུ་ཞིག་ཡིན། རྒྱ་གར་ནི་འཛམ་གླིང་ཐོག་ན་གཞོན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། ཉི་ཧོང་ནི་ཡར་ཐོན་རྒྱལ་ཁབ་ཁག་ལས་རྒན་ཡོལ་ལས་ཞུགས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཅིང་། ལྷག་པར་དུ་རྒྱ་གར་ནི་དམག་དོན་རང་དབང་ལ་གུས་བརྩི་ཞུ་མཁན་རྒྱལ་ཁབ་ཅིག་ཡིན་པ་དང་། ཉི་ཧོང་ནི་ཨ་རི་གལ་ཆེན་མཐུན་གྲོགས་ཤིག་ཏུ་ངོས་འཛིན་གྱིས་ས་གནས་ས་ཐོག་ཏུ་ཨ་རིའི་དམག་མི་བཞག་སྟེ་འགྲོ་གྲོན་ཕོན་ཆེ་གཏོང་གི་ཡོད། ཉི་ཧོང་གིས་ཨ་རིའི་དམག་མིར་འགྲོ་གྲོན་གཏོང་ཚད་ནི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ ༢༦ ལས་སྡོམ་པ་ལས་ཀྱང་མང་བ་མཁོ་གཏོང་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད།  

ཉི་ཧོང་དང་རྒྱ་གར་གཉིས་ཕྱོགས་གང་ཐད་ནས་འདྲ་བོ་མེད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་དགོངས་པ་ཆེ་བཞེས་ཀྱིས་མཛའ་མཐུན་མཉམ་ལས་གནང་སྟེ། ཨེ་ཤ་ཡ་མངའ་ཁུལ་གྱི་བདེ་འཇགས་དང་འཛུགས་སྐྲུན་གྱི་ལས་དོན་མང་པོ་ཞིག་བསྒྲུབ་ཐུབ་ཀྱི་ཡོད། ཉི་ཧོང་ལ་བཟོ་སྐྲུན་ཚན་རྩལ་གྱི་ཐོན་སྐྱེད་རྨང་གཞི་བརྟན་པོ་ཡོད་པ་དང་། རྒྱ་གར་ལ་ཞབས་ཞུའི་རྣམ་གྲངས་གཙོས་པའི་དཔལ་འབྱོར་འཕེལ་རྒྱས་ཐོག་ནུས་པ་འདོན་ཐུབ་པའི་ན་གཞོན་མང་བ་སོགས་ལ་བརྟེན་ཏེ། མཉམ་ལས་དེ་གཉིས་ཕན་ཡོང་ཐབས་བྱ་རྒྱུ་ནི་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱ་གར་གྱི་མི་རྒྱུ་གཉིས་དང་ཉི་ཧོང་གི་དཔལ་འབྱོར་བཟོ་ལས་ཚན་རྩལ་གྱི་ཐབས་འཕྲུལ་འོག རྒྱ་གར་གྱི་འཛུགས་སྐྲུན་འཕེལ་རྒྱས་དང་སྟོབས་ཤུགས་རྒྱ་བསྐྱེད། དེ་སྔ་འཛམ་གླིང་ཐོག་ཉི་ཧོང་གི་སྟོབས་ཤུགས་ཇེ་ཞན་དུ་འགྲོ་བཞིན་པའི་གནས་སྟངས་ཐ་དག་བསྐྱར་གསོ་བྱེད་ཐུབ་ངེས་ཡིན། འདི་ནི་རྒྱལ་ཁབ་གཉིས་ཀྱི་མངོན་འདོད་དང་དབང་ཐང་མངོན་འགྱུར་ཡོང་ཐབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད།  

དེར་བརྟེན། རྒྱ་གར་དང་ཉི་ཧོང་བར་གྱི་ཐབས་ཇུས་རང་བཞིན་གྱི་མཉམ་ལས་དེ་མི་བྱེད་ཐབས་མེད་ཅིག་ཆགས་ཡོད། རྒྱ་ནག་དང་རྒྱ་གར། ཉི་ཧོང་སོགས་ནི་ཨེ་ཤ་ཡའི་གྲུ་ག་གསུམ་དུ་གནས་ཡོད་ཅིང་། གྲུ་ག་ཀ་པ་དང་ཁ་པ་ག་པ་གསུམ་ལས་གྲུབ་ཡོད་ཅིང་། དེ་དག་ལས་རྒྱ་ནག་ནི་གྲུ་ག་རིང་ཤོས་ཀ་པར་གནས་ཡོད་པ་དང་། རྒྱ་གར་ཁ་པ་དང་ཉི་ཧོང་ག་པ་བཅས་ཆགས་ཡོད་སྟབས། ཁ་པ་དང་ག་པ་ཟུང་འབྲེལ་བྱས་ན་ཀ་པ་ལས་སྟོབས་ཤུགས་ཆེ་བ་ཆགས་ངེས་ཡིན། དེར་བརྟེན། ཉི་ཧོང་དང་རྒྱ་གར་མཉམ་འབྲེལ་གྱིས་སྟོབས་ཤུགས་རྒྱ་སྐྱེད་བཏང་བ་ཡིན་ན། ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན།  

འཛམ་གླིང་དཔལ་འབྱོར་མཉམ་ལས་ཐད་ཀྱི་རྨང་གཞི་བརྟན་གྲས་ནི། ཨེཊ་ལཱན་ཊིག་(Atlantic)མངའ་ཁུལ་རྒྱལ་ཁབ་ཁག་གཙོས་ཐུན་མོང་མིན་པའི་ཉི་ཧོང་དང་ཨ་རིའི་འབྲེལ་ལམ་དེ་ཡིན་སྟབས། ད་ལྟ་འཛམ་གླིང་ཐོག་ཐུན་མོང་གི་འབྲེལ་ལམ་དེ་དག་གིས་སྲ་ཞིང་བརྟན་པའི་བདེ་འཇགས་ཤིག་གསར་བསྐྲུན་བྱས་ཡོད། གལ་ཏེ་དཔལ་འབྱོར་མཉམ་ལས་ཐོག་ཐབས་ཇུས་རང་བཞིན་གྱི་རམ་འདེགས་དེ་དག་མེད་ན། དེ་སྔོན་རྒྱ་གར་དང་ཉི་ཧོང་། ཨ་རི་སོགས་ལ་རྒྱ་ནག་གིས་དཔལ་འབྱོར་འབྲེལ་ལམ་བཙུགས་པ་ལྟར་བརྟན་བརླིང་མེད་པ་ཞིག་ཆགས་རྒྱུ་སྨོས་མེད་ཡིན།

དེར་བརྟེན། རྒྱ་གར་དང་ཉི་ཧོང་མཐུན་གྲོགས་མཉམ་ལས་དེ་ནི་ཨེ་ཤ་ཡའི་སྟོབས་ཤུགས་འགྲན་རྩོད་ཀྱི་སྤྱི་ཚོགས་ཁྲོད་དོན་དམ་ནུས་པ་འདོན་སྤེལ་བྱེད་མཁན་གྱི་མཛའ་མཐུན་འབྲེལ་ལམ་ཞིག་ཆགས་ཡོད།

 

རྩོམ་པ་པོ་ལྦར་མ་ཅལ་ལ་ནཱེ་ (Brahma Chellaney) ལགས་ནི། རྒྱལ་སྤྱིའི་ཐབས་ཇུས་མཁས་པ་དང་རང་དབང་གི་རྩོམ་པ་པོ། རྒྱ་གར་གྱི་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ་བཅས་ཡིན་འདུག  

མ་རྩོམ་གྱི་འབྲེལ་ཐག http://chellaney.net/2014/01/22/japan-and-india-a-transformative-entente/

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 13 སྔོན།

    དང་ཐོག་བསྒྱུར་བ་པོ་ལ་སྙིང་ནས་བསྔགས་བརྗོད་དང་ཡི་རངས་ཞུ་བཞིན་ཡོད།
    སྤྱིར་ན་ཨ་རི་དང་། ཡོ་རོབ་མཐུན་ཚོགས། ཉི་ཧོང་། རྒྱ་གར་སོགས་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་མཉམ་སྦྲེལ་གྲོས་མཐུན་ཐོག་གཅིག་གྱུར་གྱིས་རྒྱ་ནག་ལ་ཚོང་འབྲེལ་དང་ཆབ་སྲིད་གཉིས་ཐད་ནས་གནོན་ཤུགས་དང་རྒོལ་ལན་སྤྲོད་པའི་གོ་བབ་བྱུང་ཚེ། ད་གཟོད་རྒྱ་ནག་དམར་གཞུང་གི་དཔལ་འབྱོལ་སྟོབས་ཤུགས་ཉམ་དམས་སུ་གཏོང་ནུས་ལ། དེར་བརྟེན་རྒྱ་ནག་གི་ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤུགས་ཀྱང་ངང་གིས་ཉམ་དམས་སུ་འགྲོ་ངེས་རེད། དེ་ལྟར་བྱུང་ཚེ་ད་གཟོད་བོད་དང་། ཡུ་གུར། སོག་པོ། མན་ཇུ་སོགས་རྒྱ་འོག་གི་གྲངས་ཉུང་མི་རིགས་ ༥༥ དང་གཙོས་རྒྱ་མི་རིགས་ལའང་བདེ་སྐྱིད་ཀྱི་གཞི་མ་ཞིག་དང་གོ་སྐབས་ཤིག་བསྐྲུན་ངེས་ཡིན་ལ། རྒྱ་གར་དང་། བལ་ཡུལ། འབྲུག ཐེ་ཝན་སོགས་རྒྱ་ནག་མཐའ་འཁོར་གྱི་ཐད་ཀར་ཆེས་ཉེན་ཚབས་ཆེ་བའི་རྒྱལ་ཁབ་ཁག་དང་ཨ་ཤེ་ཡ་སྤྱི་ལ་རྩ་བའི་བདེ་འཇགས་དང་ཞི་གནས་ཡོང་ངེས་ཡིན། དེ་བཞིན་རྒྱ་གར་དང་། ཉི་ཧོང་། ཨ་རི། ཡོ་རོབ་རྒྱལ་ཁབ་ཁག་ལའང་བློ་བདེའི་གནས་ཤིག་ཏུའང་གྱུར་ངེས་མ་ཡིན་ནམ།
    མཐར་ཐུག་ནས་བཤད་ན་འདི་ནི་བདག་གི་རྨི་ལམ་ཆེ་གྲངས་ཤིག་དང་བོད་ཀྱི་བླ་ན་མེད་པའི་གོ་སྐབས་ངོ་མ་དེ་ཡིན་པར་སེམས་བཞིན་ཡོད། དེ་མིན་ཁ་འཐོར་ཙམ་གྱི་གནོན་ཤུགས་ཀྱི་ལས་འགུལ་འདི་རིགས་ཡུན་རིང་ལུས་ཚེ་གུང་ཁྲན་ཏང་ནི་ད་དུང་ཕྱོགས་ཡོངས་ནས་གོང་འཕེལ་ཕྱིན་ཏེ་རིམ་བཞིན་མཐའ་ན་འཛམ་གླིང་གི་དཔལ་འབྱོར་གྱི་གནས་བབ་ཨང་དང་པོ་འཛིན་ཐུབ་རྒྱུ་དང་། ཆབ་སྲིད་ཀྱི་ཨང་དང་པོ། དམག་དོན་དང་པོ། འཕྲུལ་ཆས་ཀྱང་དང་པོ་རུ་འཛེག་ངེས་རེད། དེ་ལྟར་གྱུར་ཚེ་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་དང་། རྒྱ་ནག་གི་མཐའ་མཚམས་དང་འབྲེལ་བའི་ཤར་གླིང་ཨེ་ཤེ་ཡ། དེ་བཞིན་ནུབ་ཕྱོགས་ཀྱི་གླིང་ཆེན་ཡོངས་ལ་གནོད་འཚེ་བདེ་མིན་གྱི་ཚབས་ཆེའི་ཤུགས་རྐྱེན་ཞིག་གོ་ལ་ཡོངས་ལ་རིམ་གྱིས་ཐེབས་ངེས་རེད། དུས་སྐབས་དེར་བོད་ཀྱི་གནད་དོན་དང་བོད་ཀྱི་བདེན་པ་ཟེར་བ་ནི་ནམ་མཁའི་འཇའ་ཚོན་གྱི་ངང་ཚུལ་ལས་མ་འདས་སོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese