མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་གྲོས་མོལ་ལ་དོན་འབྲས་མ་སོན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་སེ་རི་ཡའི་གྲོས་མོལ་ལ་དོན་འབྲས་སོན་མེད་པའི་རྒྱུ་རྐྱེན་གཞུང་གིས་གྱེན་ལོག་ཤོག་ཁག་འཇིགས་སྐུལ་བར་ངོས་འཛིན་བྱས་པ་དང་གྱེན་ལོག་ཤོག་ཁག་གིས་ཚོས་སྲིད་འཛིན་གྱིས་དགོངས་པ་ཞུ་དགོས་པའི་རེ་འདུན་བཏོན་པ་བཅས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་འདུག

ཕྱི་ཚེས་ ༣༡ ཉིན་སུད་སིའི་གྲོང་ཁྱེར་ཇེ་ནེ་ཝའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཀྱིལ་ཤར་ཨེ་ཤ་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་བྷར་ཧེ་མེ་ (Lakhdar Brahimi)ལགས་ཀྱི་གཙོ་སྐྱོང་འོག ཟླ་འདིའི་ཚེས་ ༢༤ ནས་ ༣༡ བར་གྱི་ཉིན་བརྒྱད་རིང་། སེ་རི་ཡའི་ནང་གི་ཟིང་འཁྲུག་ཞི་འཇགས་སྐོར་གྱི་གྲོས་མོལ་བྱས་ཡོད་པ་དང་། ཚོགས་ཐོག་ཏུ་སེ་རི་ཡའི་ནང་བར་བརྒལ་སྲིད་གཞུང་འཛུགས་རྒྱུའི་གྲོས་གཞི་དེར། སེ་རི་ཡའི་གཞུང་དང་གྱེན་ལོག་ཤོག་ཁག་གཉིས་གཙོས་ཨ་རི་དང་ཨུ་རུ་སུ། རྒྱལ་ཁབ་ ༣༠ ལྷག་གི་སྐུ་ཚབ་མཉམ་ཞུགས་ཀྱིས་ཇེ་ནེ་ཝར་གྲོས་མོལ་ཐེངས་གཉིས་པ་མགོ་འཛུགས་བྱས་ཏེ། སེ་རི་ཡའི་དམག་དཔུང་གིས་གྱེན་ལོག་དམག་དཔུང་གིས་བཙན་བཟུང་བྱས་པའི་གྲོང་ཁྱེར་ཧོམ་སི་ (Homs) གཙོས་གྲོང་ཁྱེར་ཁག་ནང་། རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པས་ཟས་རིགས་དང་སྨན་སོགས་མཁོ་སྤྲོད་བྱེད་པར་མོས་མཐུན་བྱས་ཡོད་ཀྱང་། གྱེན་ལོག་ཤོག་ཁག་གིས་སྲིད་འཛིན་བྷ་ཤྰར་གོ་གནས་ནས་རྩ་དགོངས་ཞུ་དགོས་པའི་རེ་འདུན་དེར་མོས་མཐུན་བྱས་མེད་སྟབས། ཐེངས་འདིའི་གྲོས་མོལ་ལ་དོན་འབྲས་གང་ཡང་སོན་མེད་སྟབས། ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཕྱོགས་དངོས་གཞིའི་གྲོས་མོལ་ཐེངས་གསུམ་པ་ཚོགས་གཏན་འཁེལ་ཡོད་པ་དེའི་སྟེང་། གྱེན་ལོག་ཤོག་ཁག་གིས་མཉམ་ཞུགས་བྱེད་པར་ཁས་ལེན་བྱས་ཡོད་ཀྱང་། སེ་རི་ཡའི་གཞུང་ཕྱོགས་ནས་དེ་ནི་རྒྱལ་ཁབ་ནང་ཁུལ་ནས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་གྲོས་མོལ་ལམ་ལྷོང་མ་བྱུང་བའི་འགལ་རྐྱེན་གཙོ་བོ་དག་ནི། སེ་རི་ཡའི་གཞུང་གིས་མི་མང་གྱེན་ལོག་ཤོག་ཁག་གི་བྱེད་སྟངས་ཡོངས་རྫོགས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་ཏེ་གྱེན་ལོག་པ་དང་གྱེན་ལོག་གི་གནས་ཚུལ་ཡོངས་རྩ་མེད་བཟོ་དགོས་སྐོར་རྗོད་ཀྱི་ཡོད་པ་དང་། གྱེན་ལོག་ཤོག་ཁག་གིས་སྲིད་འཛིན་བྷ་ཤྰར་གོ་གནས་ནས་ཕྱིར་འཕུད་ཀྱིས་བར་བརྒལ་སྲིད་གཞུང་འཛུགས་དགོས་པར་ཨུ་ཚུགས་བྱེད་པ་བཅས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་འདུག  

ཐེངས་འདིའི་གྲོས་མོལ་གྱི་མཇུག་བསྡོམས་ཉིན། ལོན་ཌོན་དུ་རྟེན་གཞི་བྱས་པའི་སེ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གིས་བྷེ་བྷེ་སེ་གསར་ཁང་ལ། ཇེ་ནེ་ཝ་གྲོས་མོལ་ཐེངས་གཉིས་པའི་སྐབས་སེ་རི་ཡའི་ནང་ཁྱོན་མི་གྲངས་ ༡༨༧༠ བསད་ཡོད་པ་དང་། སེ་རི་ཡའི་དམག་དཔུང་གིས་འཛིན་བཟུང་བྱས་པའི་གྲོང་ཁྱེར་ཁག་ནང་ཟ་མ་དང་འཐུང་ཆུ། སྨན་སོགས་བཀག་འགོག་བྱས་པར་བརྟེན་མི་མང་མང་པོ་ཤི་ཡོད་སྐོར་བརྗོད་འདུག

སེ་རི་ཡའི་ཕྱི་སྲིད་བློན་ཆེན་མྰོ་ལེན་ (Wali Mullem) གྱིས་གསར་འགོད་པར། གྱེན་ལོག་ཤོག་ཁག་གིས་སྲིད་དབང་རྩིས་སྤྲོད་ཁོ་ནར་འབོད་བརྩོན་གྱིས་གྲོས་མོལ་ཞི་འགྲིག་ཡོང་བར་འགོག་རྐྱེན་བཟོས་ཡོད་ཚུལ་བརྗོད་ཡོད་པ་དང་། དེ་བཞིན། གྱེན་ལོག་ཤོག་ཁག་གི་མགོ་ཁྲིད་ཇར་བྷ་ ( Ahmed Jarba) ཡིས། སྲིད་འཛིན་བྷ་ཤྰར་གྱིས་སྲིད་དབང་རྩིས་སྤྲོད་མ་བྱས་པར་དུ་སེ་རི་ཡའི་དཀའ་རྙོག་སེལ་ཐུབ་ལ་རེ་བ་མེད་ཅེས་གསར་འགོད་པར་བརྗོད་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིའི་ཚོགས་ཐོག་ཏུ་སེ་རི་ཡའི་གཞུང་མཉམ་ཞུགས་བྱེད་དོན་ནི། དེ་སྔའི་ཇེ་ནེ་ཝའི་གྲོས་དོན་ལྟར་གྱེན་ལོག་ཚོགས་པ་རྒྱལ་སྤྱིའི་ནང་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པ་ལས། རྒྱལ་ཁབ་ནང་ཁུལ་གྱི་དཀའ་རྙོག་སེལ་ཐབས་བྱེད་པར་འདོད་མོས་གང་ཡང་མེད་པ་དང་།  གྱེན་ལོག་ཤོག་ཁག་གིས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གནོན་ཤུགས་ལ་བརྟེན་ཏེ་བཅའ་ཁྲིམས་བསྐྱར་བཅོས་དང་སྲིད་འཛིན་བྷ་ཤྰར་མགོ་རྟིང་སློག་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག

ནུབ་ཕྱོགས་ཀྱི་སྲིད་དོན་ཉམས་ཞིབ་པ་ཚོས། སེ་རི་ཡའི་ཟིང་འཁྲུག་གང་མགྱོགས་ཞི་འཇགས་མ་བཟོས་ཚེ་འཇིགས་སྐུལ་རིང་ལུགས་པས་གོ་སྐབས་འཇུས་ཏེ་སྟོབས་ཤུགས་རྒྱ་སྐྱེད་བཏང་ནས་ཡང་བསྐྱར་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གཏོར་རྒོལ་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

༢༠༡༢ ལོའི་ཟླ་ ༦ ཚེས་ ༣༠ ཉིན། སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་གྲོས་མོལ་ཐེངས་དང་པོ་གནང་ཡོད་ཅིང་། སྐབས་དེའི་གྲོས་ཆོད་ཀྱི་ནང་དོན་གཙོ་བོ་ནི། སེ་རི་ཡའི་ནང་བར་བརྒལ་སྲིད་གཞུང་གསར་འཛུགས་བྱས་ཏེ་རྒྱལ་ཡོངས་གྲོས་མོལ་མགོ་འཛུགས་བྱེད་དགོས་པ་དང་། རྩ་ཁྲིམས་བསྐྱར་བཅོས་དང་སྦྲགས་རང་དབང་དང་དྲང་བདེན་འོག་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་སོགས་འཁོད་ཡོད་འདུག

༢༠༡༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན། སེ་རི་ཡའི་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཏེ་སྲིད་འཛིན་བྷ་ཤཱར་གྱིས་རྩ་དགོངས་ཞུ་དགོས་པའི་འབོད་སྒྲ་བརྒྱབ་ཡོད་སྟབས་སེ་རི་ཡའི་གཞུང་གིས་མང་ཚོགས་མང་པོ་དམར་གསོད་བཙོན་འཇུག་བྱས་ཡོད། དེའི་རྗེས་སེ་རི་ཡའི་མང་ཚོགས་ཀྱིས་རང་དབང་དམག་དཔུང་ཞེས་པ་གསར་འཛུགས་བྱས་ཏེ་སྲིད་གཞུང་གི་དམག་དཔུང་ལ་ཁ་གཏད་བཅག་སྟེ། ད་བར་སེ་རི་ཡའི་ཟིང་འཁྲུག་ཁྲོད་མང་ཚོགས་ས་ཡ་ ༡ ལྷག་རྐྱེན་འདས་དང་། ས་ཡ་ ༩།༥ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་ཕྱིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

པདྨ་ཚེ་བརྟན། བོད་བརྙན་གྱི་ཤིང་རྟའི་སྲོལ་འབྱེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

༢༠༢༦/༡༡/༡༤
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese