མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཨ་ཧྥེ་རི་ཀའི་དོན་གཅོད་འཕོ་འགྱུར།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན་ནས་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་བཞེས་རྒྱུ་ཡིན་འདུག

ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་ལས་ཐོག་མི་འགྱུར་རྡོ་རྗེ་ལགས་ཀྱིས་རྒན་ཡོལ་ཞུ་གཏན་འཁེལ་ཡོད་སྟབས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་གྲྭ་བླ་སྣང་ས་ཆོས་སྒྲོན་ལགས་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་སྟེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན་ལས་འཁུར་མགོ་འཛུགས་གནང་རྒྱུ་ཡིན་འདུག

ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གསར་འགོད་པར་བརྗོད་པ་ལྟར་ན། ཐེངས་འདིར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ པོའི་ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་ལག་བསྟར་གནང་ཡོད་སྐོར་བརྗོད་སོང་།

ཁ་སང་གསར་འགོད་པས་བཀའ་ཤག་གི་གྲོས་སྟོན་པ་ཚེ་རིང་དབང་ཕྱུག་ལགས་སུ་ལྷོ་ཨ་ཧྥེ་རི་ཀའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། “ནམ་རྒྱུན་བཀའ་ཤག་གིས་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་ཐད་དགོངས་པ་ཆེན་པོ་བཞེས་ཀྱི་ཡོད་པ་ལྟར། དེ་སྔོན་སྐུ་ཚབ་དོན་གཅོད་མང་ཆེ་བ་སྐྱེས་པ་ཡིན་སྟབས། ད་རེབ་བུད་མེད་ཅིག་བསྐོ་བཞག་གནང་བ་རེད། ཐོངས་མཆན་གྱིས་འགྲིག་སོང་བ་ཡིན་ན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ཉིན་ལས་འཁུར་མགོ་འཛུགས་གནང་གཏན་འཁེལ་ཡོད་པ་རེད། སྤྱིར་བཏང་ཕྱི་རྒྱལ་ཁག་གི་སྐུ་ཚབ་དོན་གཅོད་ལ་ལས་ཡུན་ལོ་ ༤ ཙམ་ཡིན་ཡང་། འགའ་ཤས་རྒན་ཡོལ་འགྲོ་བ་དང་ཡང་ན་སྒེར་གྱི་དཀའ་ངལ་གྱིས་དགོངས་པ་ཞུ་དགོས་བྱུང་ན་མ་ཆོག་པ་གང་ཡང་ཡོད་པ་མ་རེད། ”ཅེས་བརྗོད་བྱུང་།

གསར་འགོད་པས་སྣང་ས་ཆོས་སྒྲོན་ལགས་སུ་དགོངས་ཚུལ་དྲིས་པར་ཁོང་མོས། “ ད་ལོའི་ཕྱི་ཟླ་ ༧ ནང་ང་རང་རྒན་ཡོལ་དུ་འགྲོ་རན་ཡོད་ཀྱང་དོ་བདག་ལ་མོས་མཐུན་ཡོད་ཚེ་རྒན་ཡོལ་ཕར་འགྱངས་གནང་བའི་སྒྲིག་གཞི་ཞིག་ཡོད་པ་ལྟར། ད་རེབ་ཀྱི་བཀའ་བཀོད་འདིའི་ཐོག་འགྲོ་རྒྱུ་བྱས་པ་རེད། ཡིན་ནའང་། ད་ལྟའི་ཆར་ལོ་གཉིས་རྒན་ཡོལ་ཕར་འགྱངས་གནང་རྒྱུ་ཡིན་པའི་གཏན་འབེབས་བྱུང་ཡོད་པ་མ་རེད། གང་ལྟར་གཞུང་ཞབས་ཀྱི་ངོ་བོའི་ཐོག་ནས་དྷ་རམ་ས་ལའི་ལྷན་ཁང་ཞིག་གི་དྲུང་ཆེར་བསྡད་པ་ཡིན་ན་འདྲ། ཕྱི་རྒྱལ་དུ་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ་ཡིན་ནའང་རེད། ང་རང་གི་ངོས་ནས་སོ་སོའི་གཟུགས་པོས་གང་ལྕོགས་ལྕོགས་དང་ནུས་པས་འདང་ཚོད་ཀྱིས་ཞབས་ཞུ་ཞུ་འཆར་ཡོད། ཡིན་ནའང་། ལོ་གང་ལ་གང་འཚམ་བསླེབས་ཡོད་དུས་དེ་རིང་ཞུ་རྒྱུ་ཡིན་ལབ་ནའང་སང་ཉིན་ཛ་དྲག་གི་དཀའ་ངལ་དཔེར་ན་ནད་པ་ལྟ་བུ་ཆགས་ཏེ། སོ་སོའི་ལས་དོན་ལ་འཐུས་ཤོར་འགྲོ་ཡི་འདུག་བསམ་པ་བྱུང་ན། དགོངས་པ་ཞུ་དགོས་བྱུང་ཡང་བློ་ཕམ་ཁྱོན་ནས་མེད། ལོ་ངོ་ ༣༨ རིང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ཡོད་སྟབས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དགོངས་པ་ཞུ་རྒྱུ་ཡིན། ”ཞེས་བརྗོད་བྱུང་།

སྣང་ས་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༥༤ ལོར་སྟོད་སྐྱིད་གྲོང་རྫོང་དུ་སྐྱེས་ཤིང་། དགུང་ལོ་ ༤ ཙམ་ལ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་མ་སུ་རི་གཏན་སློབ་ཏུ་གཞི་རིམ་སློབ་གཉེར་གནང་། དེ་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་པན་ཅབ་གཙུག་ལག་སློབ་ཆེན་ནས་རིག་གནས་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༧༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༠ བར་ས་གནས་གཞིས་ཆགས་ཁག་ཅིག་ཏུ་རྩིས་པ་ལས་དྲུང་དང་། ༡༩༩༠ ནས་ ༡༩༩༢ བར་སྦིར་གཞིས་མགོ།  ༡༩༩༢ ནས་ ༢༠༠༤ བར་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འདྲ་མིན་གྱི་འགན་འཛིན་གནང་མྱོང་ཞིང་།  ༡༩༩༧ ནས་ ༡༩༩༩ བར་ཨ་རིའི་མངའ་སྡེ་ཁ་ལའི་ཧྥོ་ནེ་ཡའི་ (The Monterey Institute of International Studies) མཐོ་སློབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་འཛིན་སྐྱོང་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༤ ནས་བཟུང་ད་ལྟའི་བར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེར་བསྐོ་བཞག་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༣ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༤ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༤ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

མཆན། 5

  1. གངས་སྐྱིད། says:
    ལོ་ 13 སྔོན།

    མ་གཞི་ནས་བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་དེ་སྔ་ནས་དོན་གཅོད་དུ་བསྐོས་པ་ཕུད་པའི་ཐབས་ཀྱི་སྟ་གོན་ཡིན་ཟེར་བ་དེ་དངོས་གནས་ཡིན་མདོག་འདུག འཛིན་སྐྱོང་ནང་གི་སྲིད་དོན་ནི་རིགས་འདི་འདྲ་ཟེར་བ་ཡིན། ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་ལ་བོད་ཡིག་སྦྱངས་དགོས་ཀྱི་ཡོད་རབས་ཞུས་རྗེས་བཀའ་དྲུང་མི་འགྱུར་རྡོ་རྗེས་ཀྱང་དེ་ལ་མོས་མཐུན་དང་བློ་བཟང་སེང་གེར་དེ་དོན་སྐབས་མཚམས་སོ་སོར་ནན་ཞུས་པས་སྲིད་སྐྱོང་གི་དགོངས་པ་འགལ་འདུག་ཟེར་པ་དེ་གངས་སྐྱིད་ཀྱི་སྒྲུང་ཞིག་ཀྱང་རེད། ཡིན་རྒྱུ་ངོ་མ་ནི་བཀའ་དྲུང་ཟུར་པ་མི་འགྱུར་ནི་ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་གི་སྒོ་ཁའི་སྟག་ཕྲུག་ཡིན་ཞེས་བཤད་མཁན་ཡོད་པ་མ་ཟད། དེང་སང་གི་བཀའ་ཤག་གི་གྲོས་སྟོན་པ་ཟེར་པའི་ཁ་ཚོད་མེད་ལ་བདག་པོ་རྒྱག་མི་ཐུབ་པ་ཚེ་རིང་དབང་ཕྱུག་གིས་ཀྱང། སྲིད་སྐྱོང་ཁྲི་ཁར་སླེབས་མ་ཐག་བོད་སྐད་ཡིག་གི་གནས་ཚུལ་དེ་དང་བསྟུན་ནས་སྲིད་སྐྱོང་ལ་སེམས་ཤུགས་སྤར་ཅི་ཐུབ་དང། བཀའ་དྲུང་མི་འགྱུར་ལ་སྣག་ཅི་ཐུབ་ཀྱིས་ཤར་ཕྱོགས་ཁུག་རྟའང་ཐག་ཞོར་འདྲང་འདྲུད་དུ་བཏང་བ་རེད་མཁན་ཡང་ཡོད་པ་རེད། གང་ལྟར་ཡར་བཤད་མར་བཤད་སྟོང་བཤད་ཀྱང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རྣམ་པ་གཉིས་ལ་རྣམ་འགྱུར་ཞིག་སྟོན་འདོད་ཀྱིས་སྲིད་སྐྱོང་མཆོག་གིས་བཀའ་དྲུང་མི་འགྱུར་རྡོ་རྗེ་དེ་རིང་གི་ཚད་འདིར་བསྐྱལ་བ་མ་གཏོགས། སྣང་ས་ཆོས་སྒྲོན་རྒས་ཡོལ་ཕར་འགྱངས་ཞུས་ཆོག་ས་ན། བཀའ་དྲུང་མི་འགྱུར་རྡོ་རྗེར་ཕར་འགྱངས་ཞུ་མི་ཐུབ་པའི་གནས་སྟངས་གང་ཡང་མེད་པ་ཀུན་གྱིས་མཁྱེན་གསལ་རེད། ཡིན་ནའང། མཐའ་དོན་སྲིད་སྐྱོང་མཆོག་ལ་སྟོན་རྒྱུའི་གྲུབ་འབྲས་ཁས་བླངས་དམ་བཅའ་བཞིན་རྦད་དེ་ཕྲེང་བསྟར་སྒྲིག་རྒྱུ་མེད་སྟབས། ཆེ་ས་ནས་ཐུགས་ཀུན་ཏུ་རབ་ཏུ་འཁྲུགས་ཡོད་སྟབས། བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་ལགས་དེའི་ཉམས་ཉེས་འོག་རྒས་ཡོལ་འགྲོ་རྒྱུ་དེ་རེད།

    Reply
  2. འཇིག་མེད་སེང་གེ་ says:
    ལོ་ 13 སྔོན།

    མི་ཚེའི་དུས་ཚོད་ཕལ་ཆེར་སྲི་ཞུའི་ལས་དོན་ཐོག་བསྐྱེལ་བའི་ལས་བྱེད་རྒན་གྲས་པ་འདི་དག་བགྲེས་ཡོལ་དུ་ཕེབས་པ་ལ། མ་འགྲིག་མ་འཐུས་པའི་རྣམ་འགྱུར་རྩ་རྩེའི་ཟིལ་ཙམ་ཡང་སྟོན་དབང་སུ་ལའང་མེད། གལ་ཏེ་མ་འདོད་པའི་རྣམ་འགྱུར་ཞིག་སྟོན་དགོས་ན་དེ་ནི་ཁྲིམས་དང་སྒྲིག་གཞིར་བརྩི་བཀུར་མི་བྱེད་མཁན་ཁོ་ནར་སྟོན་དགོས།

    སྐྱེ་བོ་བསམ་ཡོད་པ་མང་པོས་ལོ་མང་རིང་སྐུ་ལས་བསྐྱོན་ནས་བྱུང་བའི་སྒྲིག་གཞི་དེ་དེང་སང་གསོལ་ཚིགས་གཅིག་གི་བར་གསེང་ནས་འཐོར་ཞིག་འགྲོ་གི་ཡོད།
    ད་སྔ་ལྷན་ཁང་ཁག་གི་དྲུང་ཆེ་བགྲེས་རིམ་བཞིན་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་སྲོལ་ཡོད་མོད། བར་ལམ་ཞིག་ནས་དོན་གཅོད་དང་དྲུང་ཆེ་སོགས་རང་གིས་གང་འདོད་བཞིན་བསྐོ་བཞག་བྱེད་པའི་ལམ་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཚར་བ་རེད།
    དེ་འདྲའི་ལམ་སྲོལ་ཞིག་གི་འོག་ཏུ་ལས་བྱེད་རྒན་གྲས་པ་དག་ཇི་ལྟར་བྱས་ནས་གནས་དགོས་སམ།

    Reply
  3. བསོད་ཚེ། says:
    ལོ་ 13 སྔོན།

    བཀའ་དྲུང་མི་འགྱུར་རྡོ་རྗེ་ལྷོ་ཨ་ཕི་རི་ཁའི་དོན་གཅོད་དུ་ཕེབས་ནས་ལོ་གཅིག་ཙམ་ལས་ཕྱིན་ཡོད་པ་མ་རེད། ཁོང་དགོངས་པ་ཞུས་ནས་ཕེབས་དོན་ག་རེ་རེད། སྣང་ས་ཆོས་སྒྲོན་ལགས་ཟླ་དྲུག་རྗེས་ལ་རྒལ་ཡོལ་འཐོན་འགྲོ་རྒྱུ་རེད། བཀའ་ཤག་ལ་སྐུ་ཚབ་དོན་གཅོད་མ་རེག་པའི་དཀའ་ངལ་དེ་འདྲ་ཞིག་ཇི་ལྟར་བྱུང་བ་རེད།

    Reply
  4. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    ཨ་ཅག་སྣང་ས་ཆོས་སྒྲོན་ལགས་ལྷ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་གྱི་ཐུགས་འགན་བཞེས་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། དབུ་དཀར་ཚང་སྐལ་རྡོར་ཨ་རིའི་དོན་གཅོད་དུ་བཏང་བ་དེ་ཁྲིམས་སྒྲིག་གང་གི་དགོངས་དོན་ཡིན་མིན་དེ་ཡང་གསལ་བཤད་ཞུ་དགོས་པ་གལ་ཆེན་རེད།

    Reply
  5. ཕུན་ཚོགས། says:
    ལོ་ 13 སྔོན།

    བཀའ་ཤག་དང་འདེམས་བསྐོ་ལྷན་ཁང་ལ་དོགས་འདྲི་ཞིག་ཡོད། དབུ་དཀར་ཚང་སྐལ་རྡོར་ཨ་རིའི་ནེའུ་ཡོག་དོན་གཅོད་ལ་བསྐོ་བཞག་བྱེད་སྟངས་དེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་གང་གི་འོག་ནས་བསྐོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese