མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྡ་འཕྲིན་གསར་བརྗེ་དང་བོད་མིའི་ཟོག་རྫུ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡6 སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་འདི་གར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར། དེང་སྐབས་ཆ་རྐྱེན་མང་པོ་འཛོམ་པའི་ལག་འཁྱེར་ཁ་པར་ཨན་ཌོར་ཌི་དར་ཁྱབ་ཆེན་པོ་ཕྱིན་པ་དང་བསྟུན་ཏེ། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་ཨ་རིའི་ཨེན་ཊེལ་གློད་ཀླད་བཟོ་གྲྭར་གྱོང་ཕོག་ཡོད་པ་དང་། གྷོ་གྷིལ་རིག་མཛོད་ཐོན་རྗེས་འཛམ་གླིང་མི་མང་གིས་དེ་སྔ་དགའ་བསུ་ཆེན་པོ་ཞུ་ཡུལ་ཝེ་ཀི་ཤེས་བྱ་ཀུན་ཁྱབ་ཀྱང་ཕམ་ཉེས་ཕྱིན་ཡོད་འདུག ལྷག་པར་དུ་གློག་ཀླད་ཀྱི་གོ་གནས་ཁ་པར་གྱིས་འཕྲོག་པ་དང་བསྟུན་ཏེ། རིག་མཛོད་དྲ་བ་དེ་དག་ཐོག་བརྗོད་བྱ་སྤེལ་མཁན་ཡང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་ཕྱིན་ཡོད་འདུག

   ཉ་ཆེ་བས་ཆུང་བ་ཟོས། ཆུང་བས་འབུ་རིགས་ཟོས། ཞེས་པའི་དཔེ་ལྟར། བརྡ་འཕྲིན་ལག་རྩལ་འཕེལ་རྒྱས་ཕྱིན་ཏེ་དཔེ་དེབ་ཀྱི་ཁྲོམ་རྭ་གློག་ཀླད་ཀྱིས་འཕྲོག རླུང་འཕྲིན་གྱི་བདུད་བྱ་བརྙན་འཕྲིན་གྱིས་བཀུག དར་འཕྲིན་གྱི་མཚན་སྙན་སྐད་འཕྲིན་གྱིས་བཅོམ་སྟེ། ངོ་དེབ་དང་འཕྲུལ་དྲ། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་འབྲེལ་མང་པོ་ཀློང་བརྡོལ་རྗེས། བྷེ་བྷེ་སི་དང་སི་ཨན་ཨན། ནེའུ་ཡོག་དུས་བབ་དྲ་བ་སོགས་ཀྱི་ཀློག་གྲངས་མར་ཆགས་ཤིང་། དེ་འབྲེལ་གྱི་རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་སོགས་ཀྱང་ལྟ་ཀློག་བྱེད་མཁན་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག

   དེང་སྐབས་མི་ཚང་མ་གསར་འགོད་པ་ཡིན་ལ་རྩོམ་སྒྲིག་པ་ཡང་ཡིན། གཞུང་གི་ལས་བྱེད་དང་བཟོ་གྲྭའི་བཟོ་བ། སློབ་གྲྭའི་སློབ་ཕྲུག་དང་དགོན་པའི་གྲྭ་བ། ཐ་ན་མིག་ལོང་པ་དང་རྣ་འོན་པ། ངག་ལྐུག་པ་ཚོས་ཀྱང་ཚ་ཚ་འུར་འུར་གྱིས་གསར་འགོད་དང་རྩོམ་སྒྲིག འབྲེལ་མཐུད་སོགས་བྱས་ཏེ་གནས་ཚུལ་ཁྱབ་སྤེལ་གཏོང་གི་ཡོད། བརྡ་འཕྲིན་གསར་བརྗེའི་དུས་རིམ་འདིར་ཡིག་འབྲུ་ན་གཅིག་མི་ཤེས་པའི་ཕྱུགས་རྫི་དང་ཞིང་བ། ཚོང་ཁང་གི་གཡོག་པོ་དང་ཟ་ཁང་གི་མ་བྱིན་ཚུན་གྱིས་འཛམ་གླིང་ཟླུམ་པོ་འདི་ཕྱིར་སློག་ནང་སློག་བྱས་ཏེ་གསར་འགྱུར་གསར་པ་དང་གསང་བ་ཟབ་མོ་དག་ལ་ལྟ་ཉན་བྱེད་བཞིན་ཡོད།

   ལོ་རབས་བརྒྱད་ཅུ་དགུ་བཅུའི་ནང་། བརྡ་འཕྲིན་གྱིས་རང་བྱུང་ཁམས་ལ་གསར་བརྗེ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་ས་གཡོམ་མཚོ་འཁྱོམ་སོགས་ཀྱི་གསང་བ་བཏོད། སྟོང་ལོ་གསར་པ་དབུ་ཚུགས་པ་དང་བསྟུན་ཏེ་བརྡ་འཕྲིན་ནུས་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་འཛམ་གླིང་ཤར་ནུབ་ཇེ་ཉེ་དང་ས་སྒང་རིལ་མོ་ཇེ་ཆུང་དུ་གྱུར་ཅིང་། རྒྱ་མཚོའི་གཏིང་དང་གནམ་མཁའི་དབྱིངས། སའི་གོ་ལའི་བྱང་སྣེ་ནས་ལྷོ་སྣེ་སོཊ་ལ་གཏམ་གླེང་སྐྱེལ་བ་དང་། གཟའ་སྐར་གཞན་དང་ས་སྒང་བར་བརྙན་རིས་ཐད་གཏོང་གི་ལས་རིམ་རྒྱུན་འཇགས་སུ་སོང་།

  ན་ནིང་ད་ལོར་བརྡ་འཕྲིན་གྱིས་འགྲོ་བ་མིའི་རིགས་ལ་འགྲན་བསླངས་ཏེ་མི་དང་མིའི་འབྲེལ་ལམ་དང་། ཀུན་སྤྱོད་བརྩེ་དུང་སོགས་ཀྱི་རིན་ཐང་ཇེ་དམའ་ནས་ཇེ་ཆུང་དུ་འགྱུར་མགོ་མགོ་ཚུགས་སོང་། བརྡ་འཕྲིན་གྱི་ཐོད་རྒལ་ཆེན་མོ་འདིས་མི་ཚོར་རང་ཁྱིམ་གྱི་ཕ་མ་སྤུན་ཉེ་དང་བཟའ་ཟླ་བུ་ཕྲུག་སོགས་ལ་ཁ་བརྡ་དང་འབྲེལ་འདྲིས་ཇེ་ཉུང་དུ་བཏང་སྟེ། རྒྱལ་ཁབ་གཞན་དང་སྤྱི་ཚོགས་གཞན་གྱི་མི་དང་འགྲོ་འོང་འབྲེལ་འདྲིས་ཇེ་མང་དུ་བཏང་།

   བརྡ་འཕྲིན་གྱིས་མིའི་གསང་བ་ཐམས་ཅད་ཕྱིར་བསྔོགས་ཏེ་ཟོག་རྫུ་ཡོད་ཚད་མཐིལ་གཏོད། འཛམ་གླིང་གི་གནས་ཚུལ་དང་གསང་བ་ཐ་དག་གི་ཁ་ལུད་ནས་ཞབས་རྡོལ་བཞིན་པའི་སྐབས་འདིར། བོད་པ་ཚོར་གདོད་ནས་གོམས་པའི་ཟོལ་སྦྱོར་ཚུལ་ཆོས་ཀྱི་རང་གཤིས་དག་ཀྱང་རྨང་ནས་ཞིག་ཅིང་སྙིལ་མགོ་བརྩམས་སོང་ལ། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལས་བརྒལ་བའི་གྲུབ་རྟགས་ཆེན་པོ་དག་དེང་གི་བརྡ་འཕྲིན་ཁྲོམ་རྭའི་ནང་གི་ཚོང་རྫས་བྲིན་ཤོས་དེ་ཆགས་འདུག

འབྲེལ་ཡོད་གསར་འགྱུར།

Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

ཆུ་ཚོད་ ༡༧ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese