མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོས་སྨན་ཞབས་ལས་ཀ་བྱེད་ཆོག

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་སྨན་ཞབས་ཚོས་རྒྱ་གར་གྱི་སྨན་ཁང་ནང་སྨན་ཞབས་ལས་ཀ་བྱེད་ཆོག་ཀྱང་ཁོ་ཚོའི་སྐྱེས་ཚེས་ལག་འཁྱེར་ལ་རྟོག་ཞིབ་བྱ་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཚེས་ ༢༩ ཉིན་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱིས། ༡༩༨༧ ལོའི་ ༧ ཚེས་ ༡ ཉིན་གྱི་སྔོན་ལ་རྒྱ་གར་ནང་སྐྱེས་པའི་བོད་རིགས་ལ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྒྱ་གར་མི་སེར་ཐོབ་ཐང་སྤྲད་ཡོད་པ་གཞིར་བཞག་ཐོག བོད་རིགས་སྨན་ཞབས་ཚོས་རྒྱ་གར་སྨན་ཞབས་ལྷན་ཚོགས་ནང་ཐོ་འགོད་བྱས་ཏེ་རྒྱ་གར་སྨན་ཁང་ཁག་ནང་སྨན་ཞབས་ལས་ཀ་བྱེད་ཆོག་ཀྱང༌། བོད་རིགས་སྐྱབས་བཅོལ་སྨན་ཞབས་ཚོའི་སྐྱེས་ཚེས་ལག་འཁྱེར་ལ་བརྟག་དཔྱད་བརྒྱུད་དེ་ལས་ཀ་བྱེད་ཆོག་མིན་ཐག་གཅོད་བྱ་རྒྱུ་གཏན་འབེབས་བྱས་ཡོད་འདུག 

སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱིས། རྒྱ་གར་ཡུལ་མི་དང་ཕྱི་རྒྱལ་སློབ་ཕྲུག་ཚོའི་སློབ་སྦྱོང་སློབ་འཇུག་བྱེད་ཕྱོགས་སྐོར་ལ་བཀའ་ཁྱབ་ཅིག་མངའ་སྡེ་སོ་སོའི་སྨན་ཞབས་ལྷན་ཚོགས་དང་སྨན་ཞབས་སློབ་ཆེན་ཁག་ལ་བཀྲམས་ཡོད་ཅིང༌། ཡིག་ཆ་དེའི་ཚན་པ་དང་པོ་ཕྱི་རྒྱལ་མི་རིགས་ཐད་ཀྱི་ནང་གསེས་༼ཀ་བ༽ནང༌། “བལ་ཡུལ་དང་བྷང་ལཱ་ཌེ་ཤཱི འབྲུག་པ། བོད་མི་སྐྱབས་བཅོལ་བ་བཅས་ཚུད་པའི་ཕྱི་རྒྱལ་མི་རིགས་ཚོར་སྨན་ཞབས། སྐྱེ་གཡོག་ (Midwife) སོགས་ཀྱི་སློབ་སྦྱོང་བྱ་རྒྱུའི་ཆ་རྐྱེན་ཚང་རིགས་ལ་རྒྱ་གར་ནང་མུ་མཐུད་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་སྤྲོད་ཆོག་པ་ལས། སློབ་སྦྱོང་གི་དུས་ཡུན་སྐབས་དང་སློབ་སྦྱོང་ཐོན་རྗེས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་སྟེ་ལས་ཀ་བྱ་དགོས་པ་ལས། རྒྱ་གར་ནང་གནས་བབ་དང་ཁོར་ཡུག་གང་འདྲ་ཞིག་གི་འོག་ནས་ཀྱང་ལས་ཀ་བྱེད་ཆོག་གི་མེད ”ཅེས་སོགས་བཀོད་ཡོད་པ་དང༌། ལོ་དེའི་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལྡི་ལིའི་བོད་རིགས་སྨན་ཞབས་ཞིག་གིས་རྒྱ་གར་སྨན་ཞབས་ལྷན་ཚོགས་ནང་ཐོ་འགོད་བྱས་སྐབས། རྒྱ་གར་སྨན་ཞབས་ལྷན་ཚོགས་ཀྱིས་བོད་རིགས་ཚོ་ཕྱི་རྒྱལ་མི་རིགས་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། རྒྱ་གར་སྨན་ཁང་ནང་སྨན་ཞབས་ལས་ཀ་བྱེད་མི་ཆོག་མེད་ཅེས་ཡིག་ཐོག་ནས་ལན་འབྱོར་ཡོད་ཅིང༌། གནས་ཚུལ་དེར་རྒྱ་གར་གྲོང་ཁྱེར་ཁག་ནང་སྨན་ཞབས་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་མཐོ་རིམ་སློབ་མ་མང་པོ་ཞིག་གིས་སེམས་འཚབ་ཆེན་པོ་བྱས་ཡོད། 

རྒྱ་གར་མི་སེར་ཐོབ་ཐང་གི་རྩ་ཁྲིམས་ནང༌། ༡༩༨༧ ལོའི་ཟླ་ ༧ ཚེས་ ༡ ཉིན་གྱི་སྔོན་ལ་རྒྱ་གར་ནང་སྐྱེས་པའི་བོད་རིགས་ཚོས་རྒྱ་གར་མི་སེར་ཐོབ་ཐང་ལེན་ཆོག་ཅེས་འཁོད་ཡོད་ཀྱང་དེ་སྔ་ཡོངས་གྲགས་ཐོག་རྒྱ་གར་མི་སེར་ཐོབ་ཐང་ལེན་མཁན་བྱུང་མེད་ཀྱང༌། ༢༠༠༩ ལོར་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྒྱ་གར་ནས་སྐྱེས་བའི་བོད་རིགས་སྐྱབས་བཅོལ་བུ་མོ་ཞིག་ལ་ཁྲིམས་ཐོག་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲད་པ་དང༌། ན་ནིང་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀ་ཀཱ་ཎ་ཊ་ཀཱིའི་མཐོ་རིམ་ཁྲིམས་ཁང་གིས་ཀྱང་རྒྱ་གར་ནང་སྐྱེས་བའི་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲད་ཡོད་འདུག  

རྒྱ་གར་དབུས་སྨན་ཞབས་ལྷན་ཚོགས་ཀྱི་ཐག་གཅོད་དེར། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་རིགས་སྨན་ཞབས་ཚོས་རྒྱ་གར་ནང་སྨན་ཞབས་ལས་ཀ་བྱེད་ཆོག་པའི་ཐག་གཅོད་གནང་པ་དེར། རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་དང་སྨན་ཞབས་ལྷན་ཚོགས་སོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་ཤེས་རིག་ལས་ཁུངས་དང་ངྷ་སྟེང་བོད་ཁྱིམ་གཉིས་ལ་རྒྱ་གར་ནང་སྨན་ཞབས་ཀྱི་སློབ་སྦྱོང་བྱེད་བཞིན་སློབ་མ་ག་ཚོད་ཡོད་མེད་རྒྱུས་ལོན་བྱས་པར། ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་སྤྲོད་བཞིན་པའི་སྨན་ཞབས་ ༡༡༠ དང༌། བོད་ཁྱིམ་གྱིས་སློབ་ཡོན་སྤྲོད་བཞིན་པའི་སྨན་ཞབས་ ༣༠༧ བཅས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. རྨེའུ་སྦྲ་གསར། says:
    ལོ་ 12 སྔོན།

    ཐབས་སྐྱོ་བ་ཞིག་ལ་བཙན་བྱོལ་ནང་ག་དུས་ཡིན་ན། གསར་འབྱོར་ཚོ་ལ་མཐོང་ཆུང་དང་གཉའ་གནོན་བྱེད་རྐྱང་རེད། དེའི་ཐོག་ལ་བོད་གཞུང་ནས་ཀྱང་གཟིགས་སྐྱོང་གནང་གི་མེད་པ་འདྲ། ད་ལན་ཡང་བོད་ནས་ཡོང་བའི་གསར་འབྱོར་སློབ་ཕྲུག་སྨན་ཞབས་པ་ཚོ་ལ་ལས་ཀ་ཤོར་གྱིན་པ་འདི་རེད། རྗེས་ཕྱོགས་ཀྱང་རྒྱ་གར་ནས་གསར་འབྱོར་སྨན་ཞབས་པ་ཚོས་ལས་ཀ་རག་ཐབས་མེད་པ་ཆགས་འདུག

    Reply
  2. གངས་ལྡོམ། says:
    ལོ་ 12 སྔོན།

    ད་ཡིན་ན་རྒྱ་གར་གྱིས་ཀྱང་ང་ཚོ་བཙན་བྱོལ་པ་རྣམས་ཀྱི་མདུན་ལམ་དང་འཚོ་གོས་ཀྱི་ལམ་ཁ་འགོག་གིན་འདུག་ག
    རྒྱ་གར་གྱིས་ཀྱང་སྐྱབས་བཅོལ་པ་རྣམས་ལ་ཐུབ་ཚོད་གཏོང་གི་འདུག་ཡ།
    སྐྱབས་བཅོལ་བའི་ལས་འདི་བཙོག་གི་ཡ།
    ཐོག་མ་ནས་སྐྱབས་བཅོལ་ལ་ཡོང་ས་ནོར་འདུག་བསམ་གི།
    གང་ལྟར་ཀྱང་གཞིས་ཆགས་ཚོར་ལམ་ཁ་ཆུང་ཆུང་ཞིག་འདུག
    ལམ་ཁ་གང་ཡང་མེད་མཁན་དེ་གསར་འབྱོར་ཚོ་རེད། སྙིང་མ་རྗེ།

    Reply
  3. མཉམ་ཞུགས says:
    ལོ་ 12 སྔོན།

    ༡༩༨༧ ལོའི་ ༧ ཚེས་ ༡ ཉིན་གྱི་སྔོན་ལ་རྒྱ་གར་ནང་སྐྱེས་པའི་བོད་རིགས་ལ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་རྒྱ་གར་མི་སེར་ཐོབ་ཐང་སྤྲད་ཡོད་པ་གཞིར་བཞག་ཐོག་བོད་རིགས་སྨན་ཞབས་རྣམས་ཀྱིས་རྒྱ་གར་སྨན་ཁང་ནང་ལས་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་འདི་ལ་སྲིད་སྐྱོང་གིས་འགོ་ཁྲིད་མུ་མཐུད་ཡར་ཞུ་དང་ཁྲིམས་གཏུག་བྱེད་དགོས་པ་ལས་ཐུགས་རྗེ་ཆེ་ཞུ་བའི་གནས་ཚུལ་ཞིག་རྩ་བ་ནས་རེད་མི་འདུག།ཐག་གཅོད་འདི་ལ་བརྟེན་ནས་༡༩༨༨ལོའི་རྗེས་ལ་སྐྱེས་བའི་སྨན་ཞབས་པ་ཡོངས་རྫོགས་ཀྱི་མདུན་གཏན་ནས་བཀག་པ་རེད།སྲིད་སྐྱོང་མཆོག་ནས་ཐུགས་རྗེ་ཞུས་པ་དེ་མ་འོངས་པར་བོད་རིགས་སྨན་ཞབས་པ་རྣམས་ཀྱིས་རྒྱ་གར་སྨན་ཁང་ལས་ཀ་བྱེད་མི་ཆོག་པར་ཐག་གཅོད་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་འདྲ་བོ་ཆགས།ཡང་ན་༡༩༨༨ལོའི་རྗེས་སྐྱེས་པའི་བོད་རིགས་ལའང་རྒྱ་གར་མི་སེར་ཐོབ་ཐབ་སྤད་ཆོག་པའི་ཁྲིམས་གསར་བ་ཞིག་ཡོད་པ་རེད།ང་དངོས་གནས་མགོ་བོ་འཐོམས་སོང་།ངས་བལྟས་ན་ཐག་གཅོད་འདི་ང་ཚོའི་འབྱུང་འགྱུར་གྱི་སྨན་ཞབས་པ་རྣམས་ལ་ཕན་ཐོག་དང་ཁེ་ཕན་ཡོད་པའི་ལས་ཀ་ཞིག་རྩ་བ་ནས་མ་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese