མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་མའི་བདག་སྐྱོང་མ་ཐོབ་པའི་བྱིས་པ་ས་ཡ་ ༦༡ འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱ་ནག་གི་གྲོང་གསེབ་པ་ཧ་ཅང་མང་པོ་གྲོང་ཁྱེར་ཁག་ནང་ཞོར་ལས་འཚོལ་དུ་ཕྱིན་པའི་དབང་གིས་བྱིས་པ་ས་ཡ་ ༦༡ ལྷག་ཕ་མའི་བདག་སྐྱོང་མ་ཐོབ་པའི་དམུ་རྒོད་ཆགས་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་མཐུན་ཚོགས་ཀྱིས་བསྒྲགས་པ་ལྟར་ན། དེང་སང་རྒྱ་ནག་ནང་གྲོང་རྡལ་ནས་གྲོང་ཁྱེར་ལ་ཞོར་ལས་གཉེར་དུ་འགྲོ་མཁན་མི་གྲངས་དུང་ཕྱུར་ ༢ ལྷག་ཡོད་པ་དང་། གྲོང་ཁྱེར་གྱི་ཁྱིམ་ཐོའི་ནང་གྲོང་ཁྱེར་ཕྱི་ནས་ཡོང་མཁན་ཚོར་སློབ་གསོ་དང་སྨན་བཅོས་ལྟ་སྐྱོང་སོགས་ཚད་བཀག་ངེས་ཅན་ཡོད་པའི་ཁར། ཞོར་ལས་བ་ཚོའི་ཡོང་སྒོ་དང་འཚོ་བའི་ཆ་རྐྱེན་ཞན་པོ་ཡིན་སྟབས། ཁོ་ཚོ་མང་ཆེ་བས་རང་གི་བྱིས་པ་གྲོང་རྡལ་དུ་བསྐྱལ་ནས་རྒན་འཁོགས་ཚོར་གཉོར་དུ་འཇུག་གིན་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་སུ་ཕ་མའི་བདག་སྐྱོང་མ་ཐོབ་པའི་བྱིས་པ་ས་ཡ་ ༦༡ ལྷག་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་ནང་གནད་དོན་དེ་ཉིན་རེ་བཞིན་ཚབས་ཆེན་ཆགས་བཞིན་ཡོད་པ་དང་། གྲོང་རྡལ་ག་གེ་མོའི་ཕ་མ་རེ་གཉིས་ཀྱི་གདམ་ག་ཙམ་མ་ཡིན་པར་རྒྱལ་ཡོངས་འཕེལ་རྒྱས་གཏོང་བའི་སྲིད་བྱུས་ཀྱི་གནད་དོན་ཞིག་ཡིན་པ་དང་། དེང་སྐབས་རྒྱ་ནག་སྤྱི་ཡོངས་སུ་མ་འོངས་བློས་གཏོང་གི་རྨང་གཞིའི་ཐོག་འཕེལ་རྒྱས་འཛུགས་སྐྲུན་བྱེད་བཞིན་ཡོད་སྟབས། བྱིས་པར་ཕ་མའི་བདག་སྐྱོང་མ་ཐོབ་པ་དང་འཆར་ལྡན་བུ་སྐྱེས། གྲོང་རྡལ་བཅད་བགོས། གྲོང་ཁྱེར་ཁྱིམ་ཐོ་སོགས་གནད་དོན་ཚང་མ་གཅིག་ལ་གཅིག་འབྲེལ་དུ་ཡོད་པ་མ་ཟད། གཞིར་རྩའི་རྒྱ་ནག་གི་གྲོང་རྡལ་སློབ་གསོའི་ཆ་རྐྱེན་ཞན་པའི་ཐོག ཞོར་ལས་གཉེར་བཞིན་པའི་ཕ་མ་དག་སོ་སོའི་བྱིས་པ་དང་མཉམ་དུ་འགྲོག་ཡུན་ཐུང་བ་བཅས་ལ་བརྟེན་ཏེ། བྱིས་པ་མང་པོ་ཞིག་གིས་སློབ་སྦྱོང་མཐའ་འཁྱོལ་གྱི་མེད་པ་མ་ཟད། གྲོང་རྡལ་གྱི་བྱིས་པའི་བརྒྱ་ཆ་ ༧༠ ལྷག་སེམས་པ་སྐྱོ་སྣང་གིས་ཁེངས་པ་སོགས་སེམས་ཁམས་ལ་དཀའ་ངལ་ཡོད་པ། བྱིས་པ་མང་པོ་གནས་ངེས་མེད་དུ་འཁྱམ་ཏེ་རྐྱེན་ལམ་དུ་ཤོར་བ། རྐུ་འཕྲོག་སོགས་ཁྲིམས་འགལ་གྱི་བྱ་བར་ཞུགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གྲོང་ཁྱེར་དུ་ཞོར་ལས་བྱེད་མཁན་གྱི་གྲོང་གསེབ་པ་ཚོས་ལོ་ངོ་མང་པོར་དཀའ་ལས་བརྒྱབ་ཀྱང་སོ་སོའི་ཁང་རིན་དང་བུ་ཕྲུག་ཚོའི་སློབ་ཡོན་འདང་ངེས་ཤིག་མ་རག་པར་ཕྱིར་གྲོང་རྡལ་དུ་ལོག་དགོས་ཐུག་གི་ཡོད་སྐོར་ལ་ཁ་སང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་ཨན་ཝེ་ཞིང་ཆེན་ཅེ་ཧྲོ་གྲོང་ཁྱེར་ཐེན་ཡཱེན་གྲོང་རྡལ་ནས་ཡིན་པའི་ཞིང་པ་ལིས་ཀྲུང་ལགས་ ༡༩༩༩ ལོར་མཐོ་འབྲིང་མཐར་ཕྱིན་རྗེས། རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་ཁེ་ལས་ཤིག་ཏུ་ཟླ་རེར་རྒྱ་སྒོར་ ༣༠༠ བླངས་ཏེ་དཀའ་ལས་གང་མང་བརྒྱབ་ཡོད་པ་དང་། རིམ་གྱིས་ཁོ་ཁེ་ལས་ཤིག་གི་གཉེར་བར་གྱུར་ཡོད་ཀྱང་། ཁང་རིན་དང་བྱིས་པའི་མཐོ་སློབ་ཀྱི་སློབ་རིན་སོགས་སྤྲོད་མ་ཐུབ་པར་བཟའ་ཟླ་དང་བྱིས་པ་ཁྲིད་དེ་ཕྱིར་གྲོང་རྡལ་དུ་མི་ལོག་ཐབས་མེད་བྱུང་ཡོད་འདུག ཕ་ཡུལ་ཨན་ཝེ་རུ་བསླེབས་རྗེས་ལིས་ཡིས་ལོ་ངོ་བཅུ་གྲངས་རིང་འབད་བརྩོན་བྱས་པའི་ལག་རྩལ་དེ་དག་བེད་སྤྱོད་མེད་པ་དང་། ཞིང་གྲོང་གི་ཁེ་ལས་ཕལ་ཆེ་བ་གཉེན་ཚན་སོགས་ཀྱི་འབྲེལ་བ་བརྒྱུད་དེ་བདག་བཟུང་བྱས་ཡོད་པའི་ཁྱིམ་བརྒྱུད་ཁེ་ལས་སུ་གྱུར་ཡོད་སྟབས། སྐུ་ཞབས་ལིས་ལ་གདམ་ཀ་གང་ཡང་མེད་པ་ཆགས་ཡོད་འདུག

རྗེས་སུ་ལིས་ཡིས་གྲོང་རྡལ་དེར་བྱུག་རྫས་ཆེད་ཚོང་ཁང་ཞིག་ཕྱེས་ཏེ་ཚོང་ལས་གཉེར་མགོ་བརྩམས་ཡོད་ཀྱང་། ས་གནས་སྲིད་གཞུང་གི་ལེགས་སྒྲིག་བྱུག་རྫས་ཚོང་རའི་བྱུག་རྫས་དང་ལིས་ཡི་བྱུག་རྫས་གཉིས་ཀྱི་ཚོང་རྟགས་མཐོ་དམན་ཐོག་རྩོད་རྙོག་བྱུང་སྟེ་ལིས་ཡི་བྱུག་རྫས་ཚོང་ཁང་སྒོ་རྒྱག་དགོས་བྱུང་ཡོད་པ་དང་། ད་ལྟ་ཁོང་གིས་གྲོགས་པོ་ཞིག་དང་མཉམ་འབྲེལ་གྱིས་ར་མ་གསོ་ཚོང་གི་ལས་ཀ་ཐབ་ཆགས་ཤིག་གཉེར་ཏེ་བཟའ་མི་ཚོའི་ཁ་གསོ་ཐབས་བྱེད་བཞིན་ཡོད་ལུགས་བཀོད་འདུག

རྒྱ་ནག་ཧྲིན་ཀྲིན་དུ་སློབ་གསོ་སྦྱོང་བརྡར་གྱི་ལས་རིགས་གཉེར་བཞིན་པའི་མཱོན་ཞིན་ཟེར་བ་ཞིག་གིས། གྲོང་ཁྱེར་ནང་ཞོར་ལས་གཉེར་དུ་ཡོང་བའི་ཞིང་པ་གཅིག་པུ་མ་ཡིན་པར་ལས་རིགས་གཞན་གཉེར་མཁན་མང་པོ་ལའང་དཀའ་ངལ་དེ་འཕྲད་བཞིན་ཡོད་ཅིང་། ཞོར་ལས་གཉེར་ཏེ་ཧ་ཅང་ལེགས་འགྲུབ་བྱུང་བ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་ཚོང་བརྒྱབ་ནས་ཕྱུག་པོ་ཆགས་པའི་ཚོང་པ་ཚོ་ཡིན་ལ། ཁོ་ཚོས་ཁང་པ་ཉོ་ཐུབ་ཀྱི་ཡོད་པ་ལས། ཞོར་ལས་བ་བརྒྱ་ཆ་ ༩༠ ཡིས་ཁང་པ་ཉོ་མི་ཐུབ་པ་དང་། བུ་ཕྲུག་སློབ་ཆེན་ལ་འགྲོ་བའི་སློབ་རིན་སྤྲོད་རྒྱུ་མེད་པར་བྱིས་པ་སྒེར་བཙུགས་སློབ་གྲྭར་གཏོང་གི་ཡོད་ལ། སྒེར་བཙུགས་སློབ་གྲྭར་བཏང་ན་སློབ་ཆེན་ལ་རྒྱུགས་འཕྲོད་རྒྱུ་ཧ་ཅང་ཁག་པོ་ཡོད་སྐོར་དང་། གྲོང་ཁྱེར་དུ་འཚོ་བ་མ་འཁྱོལ་ཞིང་གྲོང་རྡལ་དུ་འཚོ་རྟེན་མེད་པ་ཚོས་སེམས་བདེ་ལྷོད་ཀྱིས་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐབས་མེད་པ་མ་ཟད། རྒྱ་གཞུང་གིས་གང་མགྱོགས་ཀྱིས་གནད་དོན་དེ་ཐག་གཅོད་མ་བྱས་ན། འཚོ་བར་ངེས་གཏན་མེད་པའི་ཞོར་ལས་བ་དེ་ཚོ་སྤྱི་ཚོགས་ཟང་ཟིང་སློང་བའི་སྟོབས་ཤུགས་ཤིག་ཏུ་འགྱུར་སྲིད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༣ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༣ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༣ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese