མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྲོས་ཚོགས་འོག་མའི་རེ་དོགས་ཀྱི་ཚོགས་འདུ་མཐའ་མ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནས་བཟུང་ཀོང་རེ་སེ་ཚོགས་པའི་སྣེ་འཁྲིད་པའི་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་དུས་མཐའ་མ་དེ་མགོ་འཛུགས་བྱས་ཡོད་ཅིང་། སྐབས་འདིའི་གྲོས་ཚོགས་ཀྱི་ལོ་ལྔའི་ལས་རྒྱུན་རིང་གྲོས་ཆོད་གྲོས་འཆར་མང་པོ་ཞིག་གཏན་འབེབས་མ་ཐུབ་པར་ལྷག་ཡོད་འདུག

ཁ་སང་རྒྱ་གར་གྲོས་ཚོགས་འོག་ཚོགས་མགོ་བཙུགས་ཡོད་ཅིང་། ཐེངས་འདི་ནི་ཀོང་རེ་སེ་ཚོགས་པས་སྣེ་ཁྲིད་པའི་རྒྱ་གར་གཞུང་གི་གྲོས་ཚོགས་འོག་མའི་ཚོགས་དུས་མཐའ་མ་དེ་ཆགས་ཡོད་ཅིང་། གྲོས་ཚོགས་སྐབས་འདིའི་ལས་རྒྱུན་རིང་གྲོས་ཆོད་གྲོས་འཆར་ ༢༣༧ ཙམ་བྱུང་ཡོད་པ་ལས་ ༡༦༥ ཙམ་གཏན་འབེབས་བྱས་ཀྱང་། གཞན་གྲོས་འཆར་ ༧༢ ཙམ་གཏན་འབེབས་མ་ཐུབ་པར་ལྷག་ཡོད་པ་དང་། དེ་དག་ལས་ཐེངས་འདིར་གྲོས་འཆར་ ༣༥ ཙམ་གཏན་འབེབས་ཐུབ་ཐབས་ལ་འབད་བརྩོན་བྱེད་འཆར་ཡོད་འདུག

གནས་ཚུལ་འདིའི་སྐོར་ལ་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་ལ་ལྟ་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། ལྷག་པར་དུ་བྷེ་ཇའི་པི་དང་ཕྱོགས་འགལ་ཚོགས་པ་ཁག་གིས། ཐེངས་འདིར་ཀོང་རེ་སེ་གཞུང་གིས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཡུལ་གྲོས་འཆར་ ༣༥ ཙམ་གཏན་འབེབས་ཐུབ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་ནི། འབྱུང་འགྱུར་གྱི་འོས་བསྡུ་ཆེན་མོའི་སྐབས་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཆེད་ཡིན་སྐོར་རྗོད་བཞིན་ཡོད་འདུག

ཐེངས་འདིའི་གྲོས་ཚོགས་ནང་བསྣམ་ཡོད་པའི་གྲོས་འཆར་གལ་ཆེན་ཁག་ནི། ལྐོག་ཟ་རུལ་སུངས་ལ་གདོང་ལེན་བྱེད་ཕྱོགས་སྐོར་གྱི་གྲོས་འཆར་ ༦ དང་། ཏ་ལིན་གྷ་ན་ (Telangana)གནད་དོན་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། བུད་མེད་ནུས་ཤུགས་གོང་མཐོར་གཏོང་ཐབས་སོགས་སྤྱི་ཚོགས་དང་འབྲེལ་བའི་གྲོས་འཆར་ཁག་ཅིག མཐོ་རིམ་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་དང་ཞིབ་འཇུག་ཐབས་ལམ་གསར་པ་འཚོལ་སྟངས། གཙུག་ལག་སློབ་གྲྭ་ཁག་ནང་གསར་གཏོད་དང་ཉམས་ཞིབ་སྡེ་ཚན་འཛུགས་སོགས་ཤེས་ཡོན་དང་འབྲེལ་བའི་གྲོས་འཆར་ཁག་ཅིག རྡུལ་ཕྲན་མཚོན་ཆའི་བདེ་འཇགས་དང་ཉེན་སྲུང་སོགས་དམག་དོན་དང་འབྲེལ་བའི་གྲོས་འཆར་ཁག་ཅིག མི་སེར་ཐོབ་ཐང་བཅའ་ཡིག་སོགས་རྩ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་གྲོས་འཆར་ཁག་ཅིག་བཅས་ཡིན་འདུག

གནད་དོན་དབྱེ་ཞིབ་བ་ཚོས། ཀོང་རེ་སེ་ཚོགས་པས་སྣེ་ཁྲིད་པའི་སྐབས་བཅོ་ལྔ་པའི་རྒྱ་གར་གྲོས་ཚོགས་ཀྱི་དུས་ཡུན་རིང་གྲོས་འཆར་ ༡༦༤ ཙམ་གཏན་འབེབས་བྱས་ཡོད་ཀྱང་། གཞན་གྲོས་འཆར་ ༧༢ ཙམ་ཐག་གཅོད་མ་ཐུབ་པར་ལྷག་ཡོད་སྟབས། ཐེངས་འདིའི་གྲོས་ཚོགས་ནང་གྲོས་འཆར་གང་མང་ཞིག་གཏན་འབེབས་མ་ཐུབ་པར་ལྷག་པ་ཡིན་ན། རྒྱལ་ཡོངས་འོས་བསྡུའི་ཁྲོད་ཀོང་རེ་སེ་ཚོགས་པར་ཕམ་ཉེས་ཆེན་པོ་འགྲོ་རྒྱུ་ཡིན་པ་མ་ཟད། རྒྱ་གར་གཞུང་དམངས་གཙོའི་ལམ་སྲོལ་ཐོག་སྐྱོད་པའི་ཚུན་གྱི་ལོ་རྒྱུས་ཁྲོད་ཁྲིམས་ཡིག་གཏན་འབེབས་བྱས་པ་ཆེས་ཉུང་ཤོས་ཀྱི་གྲོས་ཚོགས་ཤིག་ཆགས་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཐད་ད་ལྟ་ནས་ཆབ་སྲིད་ཚོགས་པ་ཁག་གིས་མངའ་སྡེ་སོ་སོའི་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཀོང་རེ་སེ་དང་བྷེ་ཇཱའི་པི་གཉིས་གཙོས་ཆབ་སྲིད་ཚོགས་པ་ཁག་གིས་སོ་སོའི་ཚོགས་པའི་སྲིད་བློན་འོས་མི་དང་ཆབ་སྲིད་དང་སྤྱི་ཚོགས། ཤེ་ཡོན་དང་འཕྲོད་བསྟེན་བཅས་ཀྱི་སྲིད་བྱུས་ལངས་ཕྱོགས་མི་མང་ལ་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། ད་སྔ་རྒྱ་གར་གྱི་མངའ་སྡེ་ཁག་ ༦ ནང་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད། ཀཱར་ཎ་ཀྲ་ཁཱ་དང་མི་ཛོ་རམ་མངའ་སྡེ་གཉིས་ཀོང་རེ་སེ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་དང་། མཱ་དྷེ་དང་ར་འཇི་སི་ཐན། གུ་ཆུ་ར་ཌི། ཆཱ་དྷེ་སི་གྷར་སོགས་མངའ་སྡེ་ ༤ ཙམ་མང་བྷེ་ཇཱའི་པི་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག གཞན། ལྡི་ལི་སོགས་ས་ཁུལ་ཁ་ཤས་ནང་ཨར་ཝུན་ཌི་( Arvind Kejriwal)ལགས་ཀྱིས་སྣེ་ཁྲིད་པའི་མི་སེར་དཀྱུས་མའི་ཚོགས་པར ( Aam Aadmi Party) རྒྱལ་ཁ་ཐོབ་ཡོད་འདུག

ཨན་དྷ་ར་དང་ཨ་སམ་མངའ་སྡེ་གཉིས་ནང་འོས་བསྡུ་གཞི་ནས་མགོ་འཛུགས་བྱེད་འཆར་ཡོད་པ་དང་། མངའ་སྡེ་འདི་གཉིས་ནི་ཆབ་སྲིད་ཚོགས་པ་ཁག་གིས་རྒྱབ་སྐྱོར་འཚོལ་ཡུལ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། ངོ་བོ་འདྲ་མིན་ཐོག་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་གར་ནི་མི་འབོར་དུང་ཕྱུར་ ༡༢།༥ ལྷག་དང་། མངའ་སྡེ་ ༢༨། དམིགས་བསལ་ས་ཁུལ་ ༧ ཙམ་ཡོད་པའི་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པ་དང་། རྒྱལ་ཁབ་འདིར་གྲོས་ཚོགས་གོང་འོག་གཉིས་ཡོད་པ་ལས་གྲོས་ཚོགས་འོག་མར་འཐུས་མི་ ༥༤༣ དང་། གྲོས་ཚོགས་གོང་མར་འཐུས་མི་ ༢༥༠ བཅས་ཡོད། གྲོས་ཚོགས་འོག་མའི་འཐུས་མི་རྣམས་ལོ་ ༥ རེའི་མཚམས་སུ་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བརྒྱུད་འདེམས་སྒྲུག་བྱེད་ཀྱི་ཡོད་ཅིང་། ད་ལོ སྐབས་༡༦ པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ཆེན་མོ་དེ་ཟླ་ ༥ པའི་ནང་མགོ་འཛུགས་ཀྱིས་གྲོས་ཚོགས་འཐུས་མི་ཁག་གདམ་རྒྱུ་ཡིན་འདུག གྲོས་ཚོགས་གོང་མའི་འཐུས་མི་ཚོ་མངའ་སྡེའི་གྲོས་ཚོགས་དང་དབུས་གྲོས་ཚོགས་འཐུས་མིས་འོས་འདེམས་བརྒྱུད་འདེམས་སྒྲུག་བྱས་པའི་གཏན་འཇགས་གྲོས་ཚོགས་ཤིག་ཆགས་ཀྱི་ཡོད། གྲོས་ཚོགས་འདིའི་དུས་ཡུན་ལོ་ ༦ དང་ལོ་གཉིས་རེའི་མཚམས་སུ་འཐུས་མི་གསུམ་ཆ་གཉིས་རེ་འཕོ་འགྱུར་བྱེད་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese