མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ལ་ན་ཚ་མེད་ཀྱང་གཟུགས་པོར་བརྟག་དཔྱད་མ་བརྗེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སའི་བདེ་ལེགས་སྨན་ཁང་གིས་དུས་བཀག་གཟུགས་གཞི་བརྟག་དཔྱད་སྡེ་ཚན་ཟེར་བ་ཞིག་གསར་དུ་སྒོ་འབྱེད་དང་བསྟུན་ཏེ་འཕྲོད་བསྟེན་བཀའ་བློན་སོགས་ཀྱིས་བོད་མི་ཚོས་ན་ཚ་མ་བྱུང་སྔོན་ལ་གཟུགས་པོར་བརྟག་དཔྱད་ཡང་ཡང་གཏོང་རྒྱུ་གལ་ཆེན་ཡིན་སྐོར་མི་མང་ལ་འབོད་སྐུལ་ཞུས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་བདེ་ལེགས་སྨན་ཁང་གི་ཊི་སྦི་(T.B) སྡེ་ཚན་དུ། དུས་བཀག་གཟུགས་གཞི་བརྟག་དཔྱད་ (Delek Private OPD) ཅེས་པའི་སྡེ་ཚན་གསར་པ་ཞིག་སྒོ་འབྱེད་གནང་ཡོད་ཅིང་། སྡེ་ཚན་དེ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། གཞན། འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་དང་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བཅས་ལྷན་བཞུགས་ཐོག བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།

འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བདེ་ལེགས་སྨན་ཁང་གི་དུས་བཀག་གཟུགས་གཞི་བརྟག་དཔྱད་སྡེ་ཚན་སྐོར་ངོ་སྤྲོད་གནང་བ་ལྟར་ན། རྒྱ་གར་གྲོང་ཁྱེར་ཁག་གི་སྒེར་གྱི་སྨན་ཁང་མང་པོའི་ནང་དུས་བཀག་གཟུགས་གཞི་བརྟག་དཔྱད་ལས་རིམ་འདི་ཡོད་ཀྱང་། ཁོང་ཚོས་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་དང་འཕྲོད་བསྟེན་བདེ་ཐང་ལས་ལྷག་ཅིག་ཚོང་ལས་གཙོ་བོར་བཟུང་སྟེ་བརྟག་དཔྱད་གནང་ཚར་རྗེས་འདི་དང་དེ་ལ་དོགས་པ་འདུག འདི་དང་དེ་ལ་བསྐྱར་དུ་བརྟག་དཔྱད་བྱེད་དགོས་ཀྱི་འདུག་ཟེར་ནས་མུ་མཐུད་དངུལ་བཟོ་ཐབས་བྱེད་བཞིན་ཡོད་པ་དང་། བདེ་ལེགས་སྨན་ཁང་གི་དུས་བཀག་གཟུགས་གཞི་བརྟག་དཔྱད་སྡེ་ཚན་འདི་ལ་མཚོན་ན། ན་ཚ་སྔོན་འགོག་ཆེད་ལམ་སྟོན་བྱས་ཏེ་མང་ཚོགས་ཀྱི་འགྲོ་གྲོན་དང་གཟུགས་པོའི་གནས་བབ་ཐད་ཕུགས་རྒྱང་རིང་པོར་ཕན་ཐོགས་པ། སོ་སོའི་འཕྲོད་བསྟེན་ལ་སོ་སོས་བདག་པོ་རྒྱག་ཐུབ་ཐབས་སོགས་དམིགས་ཡུལ་དུ་བཟུང་ཡོད། ཅེས་བརྗོད་སོང་།

ཁོང་གིས་ད་སྔ་བདེ་ལེགས་སྨན་ཁང་དུ་ཆེད་ལས་སྨན་པ་མེད་ཀྱང་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་གར་གྱི་ཁྱད་ལས་སྨན་པ་མང་པོར་འབྲེལ་བ་ཡོད་སྟབས། སྙིང་གི་ན་ཚ་གཙོས་ནད་རིགས་ག་འདྲ་ཞིག་ཡིན་ཡང་ཁོང་གིས་ངོ་སྤྲོད་བྱས་ཏེ་ཕྱི་ལོགས་ཀྱི་སྨན་པ་བསྟེན་གཏུགས་བྱེད་ཚེ་མི་སྒེར་གྱི་འགྲོ་གྲོན་བཅས་ལ་ཕན་ཐོགས་ཡོད་དང་། དེ་མིན་ངྷ་ས་ཁུལ་གྱི་རྒྱ་གར་སྨན་ཁང་བྷ་ལ་ཇེ་ (Balaji hospital) དང་། ཧྥོ་ཊི་སྨན་ཁང་ (Fortis hospital)སོགས་ལ་བསྟེན་གཏུགས་བྱས་ཀྱང་སྨན་རིན་ཆག་ཡང་སོགས་ལ་དགེ་མཚན་ཆེན་པོ་ཡོད་སྐོར་བརྗོད་སོང་།

དེའི་རྗེས་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ། ང་ཚོའི་ལས་རིམ་གསར་བ་འདིས་སྤྱི་ཚོགས་ནང་ང་ལ་ན་ཚ་མ་སླེབ་གོང་ནས་ངས་གཟུགས་པོར་བརྟག་དཔྱད་མ་བྱས་ན་ང་ལ་ན་ཚ་འདི་འདྲ་ན་སྲིད་པ་རེད་སྙམ་པའི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་རེད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་ན་ཚ་ན་དུས་མ་གཏོགས་སྨན་ཁང་ལ་ཡོང་བའི་ལུགས་སྲོལ་མི་འདུག དེར་བརྟེན། ང་ཚོས་ལས་རིམ་འདི་ལ་དུས་བཀག་གཟུགས་གཞི་བརྟག་དཔྱད་ཅེས་བྲིས་ཡོད། ང་ཚོ་བོད་པའི་བསམ་བློའི་ནང་གོ་རྟོགས་སྤེལ་མ་ཐུབ་པར་དུས་ཚོད་གང་ཡང་མ་བཀག་པར་འཐོན་བསྡད་པ་ག་ལེར་མིའི་བསམ་བློའི་ནང་བསླེབ་འགྲོ་རྒྱུ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་མི་མང་ཡོངས་ལ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པའི་གསལ་བཤད་ཅིག་གནང་རོགས་ཞེས་འབོད་སྐུལ་རྒྱུ་ཡིན་ཞེས་བརྗོད་བྱུང་།

མཇུག་ཏུ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས། ད་རབ་བདེ་ལེགས་སྨན་ཁང་དུ་དུས་བཀག་གཟུགས་གཞི་བརྟག་དཔྱད་སྡེ་ཚན་ཞིག་མགོ་འཛུགས་གནང་ཡོད་སྟབས། ངྷ་སའི་གཡས་གཡོན་གྱི་བོད་མི་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་རིགས་ཚོས་བེད་སྤྱོད་ཡག་པོ་གཏོང་རྒྱུ་གལ་ཆེན་རེད། དེ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། དེ་བཞིན་འབྲེལ་ཡོད་ལས་བྱེད། བོད་མི་ཉམ་ཐག ཆབ་སྲིད་བཙོན་ཟུར་རྣམ་པ་བཅས་ལ་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་རིན་སོགས་ཀྱི་རོགས་སྐྱོར་གནང་གི་ཡོད་སྟབས། བདེ་ལེགས་སྨན་ཁང་གི་མཐུན་རྐྱེན་འདི་དག་བེད་སྤྱོད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བདེ་ལེགས་སྨན་ཁང་བརྒྱུད་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་ཐུབ་ཀྱི་ཡོད། དཔེར་ན། ཊི་སྦི་སྔོན་འགོག་དང་སྨན་བཅོས་ལྟ་སྐྱོང་ལས་གཞི་གཉིས་བདེ་ལེགས་སྨན་ཁང་གི་ལས་གཞི་གལ་ཆེན་གྲས་ཆགས་ཡོད། དེ་མིན། མ་དང་བྱིས་པའི་འཕྲོད་བསྟེན་ཞེས་པའང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན། དེ་ནི་ངྷ་སའི་གཡས་གཡོན་དུ་ཡོད་པའི་བུད་མེད་སྦྲུམ་མ་ཚོར་གཟུགས་པོར་བརྟག་དཔྱད་དང་བྱིས་པ་སྐྱེས་ནས་ལོ་ལྔ་མན་ཆད་ལ་འགོག་སྨན་སོགས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་སྟབས། ཚང་མས་མ་གོ་མ་ཐོས་མེད་པར་མཁྱེན་པ་གནང་རོགས་ཅེས་གསུངས་སོང་།

བདེ་ལེགས་སྨན་ཁང་གི་དུས་བཀག་གཟུགས་གཞི་བརྟག་དཔྱད་སྡེ་ཚན་གྱིས་མིའི་གཟུགས་གཞི་བདེ་ཐང་བརྟག་དཔྱད་ལ་རིམ་པ་གསུམ་དུ་དབྱེ་ཡོད་པ་དང་། དེ་དག་གི་ཁོངས་སུ་མིའི་གཟུགས་པོའི་ཁྲག་རིགས་ཚང་མ་དང་མཁལ་མ། སྙིང་། མཆིན་པ་བཅས་ལ་བརྟག་དཔྱད་གཏོང་རྒྱུའི་ལས་རིམ་དང་ཆ་རྐྱེན་སོགས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༣ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༣ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༡༣ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese