མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་ ༢༡ པའི་གནད་དོན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

~རྒྱ་ནག་གི་ཧམ་སེམས་ལ་ཇི་ལྟར་ཁ་གཏད་དགོས་སམ།~
 
ཆོས་ལྡན་འབུམ།
འགྲོ་བ་མིའི་རིགས་ལ་མཚོན་ན། དུས་རབས་ ༢༡ པའི་གནད་དོན་ནི་ཅི་ཞིག་ཡིན་ནམ།

འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་དང་ཐེངས་གཉིས་པས་གསལ་བར་བསྟན་ཡོད་པ་ལྟར། དུས་རབས་ཉི་ཤུའི་སྟོད་ནི་འཛམ་གླིང་རང་བཞིན་གྱིས་མི་ཕན་ཚུན་གསོད་རེས་གཏུབ་རེས་བྱས་པའི་དུས་རབས་ཤིག་ཏུ་གྱུར་ཡོད་པ་དང་། སྨད་ནི་འགྲོ་བ་མིའི་རིགས་“སུའུ་ལེན”་ཞེས་བའི་གུང་ཁྲན་རིང་ལུགས་རྒྱལ་ཁབ་དང་ཇི་ལྟར་ཁ་གཏད་དགོས་པའི་གནད་དོན་ཞིག་ལ་གདོང་ལེན་བྱེད་དགོས་པའི་དུས་རབས་ཤིག་ཏུ་གྱུར་ཡོད།

འོ་ན། དུས་རབས་ ༢༡ པའི་གནད་དོན་ནི་ཅི་ཞིག་ཡིན་ནམ།

མཐར་གཏུགས་ནས་བཤད་ན། དེ་ནི་འགྲོ་བ་མིའི་རིགས་“རྒྱ་ནག”་ཅེས་འཛམ་གླིང་ན་ཆེས་ཆེ་བའི་གུང་ཁྲན་རིང་ལུགས་རྒྱལ་ཁབ་དང་ཇི་ལྟར་ཁ་གཏད་དགོས་པའི་གནད་དོན་ཞིག་ལ་ཐུག་ཡོད། རྒྱུ་མཚན་ནི། རྒྱ་ནག་གིས་སུའུ་ལེན་གྱི་སྐྱེས་བ་བླངས་ཏེ་མུ་མཐུད་དུ་རང་དབང་དང་དམངས་གཙོ། ཁྲིམས་ལུགས་དབང་བསྒྱུར། བདེན་དོན། འདྲ་མཉམ་སོགས་འཇིག་རྟེན་ཀུན་ཁྱབ་ཀྱི་ལྟ་གྲུབ་ལ་གཏོར་བརླག་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པའི་རྐྱེན་གྱིས་ཡིན།

འདས་ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན། རྒྱ་ནག་གི་སྲིད་སྐྱོང་གསར་བ་ཞི་ཅིན་ཕིན་གྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཇུག་སྒྲིལ་མཛད་སྒོའི་གཏམ་བཤད་ནང་“རྒྱ་ནག་གི་རྨི་ལམ”་མངོན་འགྱུར་བྱེད་དགོས་པ་ནན་བརྗོད་བྱས་ཡོད། རྒྱ་ནག་གི་རྨི་ལམ་ཞེས་པ་ནི་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་པའི་“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་སླར་གསོ”་ཞེས་པ་དེ་རེད་ལ། དེའི་བྱེ་བྲག་གི་ནང་དོན་ནི་“ཁེ་ཕན་གྱི་སྲོག་རྩ”་ཡིན་པར་བྱས་ཡོད་པའི་བོད་དང་ཡུ་གུར་གྱི་བདག་དབང་བརྟན་སྲུང་དང་། ༢༠༤༩ ལོ་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་ ༡༠༠ ལོན་པའི་དུས་དྲན་ཉིན་མོའི་བར་དུ་ཐེ་ཝན་གཅིག་གྱུར་དང་། ཤར་ཞི་ན་རྒྱ་མཚོ་དང་ལྷོ་ཞི་ན་རྒྱ་མཚོའི་མཚོ་ཐོག་དང་མཁའ་དབྱིངས་ཀྱི་མངའ་ཁོངས་རྒྱ་ཆེར་བཏང་སྟེ་“རྒྱ་མཚོའི་རྒྱལ་ཁབ”་ཀྱི་མིང་ཐོག་ནས་རྒྱ་མཚོ་ཆེན་པོར་དབང་བསྒྱུར་བྱེད་རྒྱུ་དེ་ཡིན་པར་འདོད། དེའི་ཆེད་དུ་ཞི་ཅིན་ཕིན་གྱིས་“གཡུལ་ལས་རྣམ་པར་རྒྱལ་ཐུབ་པའི་སྟོབས་ཆེན་དམག་གི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས”་ཞེས་དམག་དང་དྲག་ཆས་ཉེན་རྟོགས་པར་བཀའ་གནང་ཡོད། ཟླ་ ༡༡ པའི་ཚེས་ ༢༣ ཉིན། རྒྱ་ནག་གིས་ཉི་ཧོང་གི་ཨོ་ཁེ་ན་བ་རྫོང་དང་སན་ཁ་ཁུའུ་གླིང་ཕྲན་གྱི་མཁའ་དབྱིངས་སུ་“མཁའ་མཚམས་ཉེན་འགོག་ངོས་འཛིན་ར་བ”ཞིག་གསར་བཟོ་གཏན་འབེབས་བྱས་པ་དེ་ཡང་རྨི་ལམ་དེའི་མངོན་འགྱུར་དང་འབྲེལ་བའི་ལས་འགུལ་གྱི་གོམ་པ་དང་པོ་དེ་རེད་ཅེས་བཤད་ཆོག

སྤྱིར་ཡིན་ན་དམངས་གཙོའི་རྒྱལ་ཁབ་ཚང་མས་དཔུང་བ་མཉམ་གཤིབ་དང་མ་གྲོས་གཅིག་མཐུན་གྱིས་རྒྱལ་སྤྱིའི་རྒྱུན་ཤེས་དང་འགལ་བའི་རྒྱ་ནག་གི་བྱ་སྤྱོད་དེ་བཀག་འགོག་བྱེད་དགོས་པར་ཆགས་ཡོད། ཡིན་ནའང་། ཉི་ཧོང་གཞུང་གིས་རྒྱ་ནག་གཞུང་ལ་མཁའ་མཚམས་ཉེན་འགོག་ངོས་འཛིན་ར་བ་དེ་ངེས་པར་དུ་“ཕྱིར་འཐེན”་བྱེད་དགོས་པའི་རེ་བ་འདོན་བཞིན་པའི་སྐབས་དེར། ཨ་རི་གཞུང་གིས་“རྒྱ་ནག་གི་མཁའ་མཚམས་ཉེན་འགོག་ངོས་འཛིན་ར་བར་འཕུར་སྐྱོད་བྱེད་སྐབས། རྒྱ་ནག་གི་ཁྲིམས་ལ་བརྩི་འཇོག་བྱེད་རོགས་གནང” ཞེས་ཨ་རིའི་མཁའ་ལམ་འགྲུལ་སྐྱེལ་གནམ་གྲུ་ལས་ཁུངས་ཁག་ལ་རེ་བ་བཏོན་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་བྱ་སྤྱོད་དེར་ཁས་ལེན་ཡོད་པའི་བརྡ་ལོག་ཅིག་སྤྲད་ཡོད། དེ་དང་འདྲ་བར་ལས་དབང་གི་ཞགས་ཐག་གཅིག་གིས་སྦྲེལ་ཡོད་ཅེས་ཀྱང་ཟེར་ཆོག་པའི་ཐེ་ཝན་གཞུང་དང་ལྷོ་ཀོ་རེ་ཡ་གཞུང་གིས་ཀྱང་ཉི་ཧོང་དང་མཉམ་འབྲེལ་གྱི་རྣམ་འགྱུར་གང་ཡང་བསྟན་མེད། དེ་ལ་ཁག་མི་འདུག དཔལ་འབྱོར་གྱི་འབྲེལ་བའི་ཐོག་འཛམ་གླིང་གི་རྒྱལ་ཁབ་སོ་སོས་རྒྱ་ནག་ལ་བཟུང་ཡོད་པའི་ལྟ་བ་མི་མཐུན་ཁ་ཁ་ཡིན་པས། རྗེས་ཕྱོགས་སུའང་རྒྱ་ནག་གི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་དང་འབྲེལ་བའི་སྐོར་ལ། དམངས་གཙོའི་རྒྱལ་ཁབ་ཡིན་ཡང་མཛུབ་མོ་ལྔ་བོ་ཁུ་ཚུར་བྱེད་པའི་ངེས་པ་མེད།

འོན་ཀྱང་། ཐེངས་འདིའི་རྒྱ་ནག་གི་བྱ་སྤྱོད་ལ་མཚོན་ན། དེ་ནི་ཉི་ཧོང་གི་མཚོ་ཐོག་དང་མཁའ་དབྱིངས་ཀྱི་མངའ་ཁོངས་དང་རྒྱལ་འབངས་ཀྱི་བདེ་འཇགས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པར་བརྟེན། ཐོག་མར་ཉི་ཧོང་རང་ཉིད་ཀྱིས་སྣེ་ཁྲིད་དེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རྒྱུན་ཤེས་ངོས་ལེན་བྱེད་དུ་འཇུག་དགོས། གལ་ཏེ་དེ་ལྟར་བྱེད་མ་ཐུབ་ན་རྒྱ་ནག་གི་གོམ་པ་གཉིས་པ་དེ་ར་བ་དེའི་ནང་གི་དམག་དོན་བྱ་འགུལ་གྱི་རྒྱུན་ལྡན་ཅན་དུ་འགྱུར་སྲིད་ལ། ལྷོ་ཞི་ན་རྒྱ་མཚོ་དང་ཐེ་ཝན་མཚོ་འགག ཡང་ན། འཕགས་བོད་ས་མཚམས་སུའང་མིག་གི་སྤྱོད་ཡུལ་དུ་འགྱུར་སྲིད།

ཉི་ཧོང་དང་རྒྱ་ནག་ནི་དམངས་གཙོ་རིང་ལུགས་དང་སྒེར་གཅོད་རིང་ལུགས་ཀྱི་འབྲེལ་བས་གྲུབ་ཡོད་པར་བརྟེན། རྒྱ་ནག་དང་འགྲོག་སྐབས་དེ་གཉིས་བར་གྱི་རྟེན་འབྱུང་གི་འབྲེལ་བར་ངོས་འཛིན་ཁ་ཚང་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་ཆགས་ཡོད། དམངས་གཙོ་རིང་ལུགས་ཀྱི་ངོ་བོ་ནི་ཕན་ཚུན་མཐུན་འབྲེལ་བྱེད་པ་དང་ཕན་ཚུན་བསྡུ་ལེན་བྱེད་པ། ཕན་ཚུན་ཁས་ལེན་བྱེད་པ་ཞིག་དང་། སྒེར་གཅོད་རིང་ལུགས་ཀྱི་ངོ་བོ་ནི་དེ་ལས་ལྡོག་སྟེ་ཕན་ཚུན་ཁ་བྲལ་གཏོང་བ་དང་ཕན་ཚུན་ཕྱིར་འཕུད་གཏོང་བ། ཕན་ཚུན་དགག་པར་བྱེད་པ་ཞིག་ཡིན། དེ་ལྟར་ཕན་ཚུན་ངོ་བོ་མི་མཐུན་པའི་དམངས་གཙོ་རིང་ལུགས་དང་སྒེར་གཅོད་རིང་ལུགས་གཉིས་མཐའ་གཉིས་སུ་འགལ་བར་གནས་ཡོད་པར་བརྟེན། སྔ་མའི་སྟོབས་ཤུགས་དེ་མར་འགྲིབ་ན་ཕྱི་མའི་སྟོབས་ཤུགས་དེ་ཡར་འཕེལ་བར་བྱེད་ལ། ཕྱི་མའི་སྟོབས་ཤུགས་དེ་མར་འགྲིབ་ན་སྔ་མའི་སྟོབས་ཤུགས་དེ་ཡར་འཕེལ་བར་བྱེད། དེ་འདྲའི་འགྱུར་ལྡོག་གི་གོ་རིམ་ཁྲོད་སྔ་མར་མཚོན་ན་དེའི་དྲང་ཕྱོགས་འགྱུར་ལྡོག་གི་ཁ་ཕྱོགས་ནི་ཕྱི་མ་དེ་སྔོན་ལ་འགྲིབ་པར་བྱེད་དགོས་པ་དེ་ཡིན་པ་དང་། ཕྱི་མར་མཚོན་ན་དེའི་དྲང་ཕྱོགས་ཀྱི་འགྱུར་ལྡོག་གི་ཁ་ཕྱོགས་ནི་སྔ་མ་དེ་སྔོན་ལ་འགྲིབ་པར་བྱེད་དགོས་པ་དེ་ཡིན། འོན་ཀྱང་། དེ་གཉིས་ལས་དམངས་གཙོ་རིང་ལུགས་ཀྱིས་འཛམ་གླིང་ཀུན་མཐུན་གྱི་རང་གཤིས་ཤིག་བཟུང་ཡོད་པར་བརྟེན། དེ་ལ་རྒྱལ་ཁ་ཐོབ་པའི་གོ་སྐབས་མང་།

དེར་བརྟེན། ཉི་ཧོང་གིས་དམངས་གཙོ་རིང་ལུགས་ཀྱི་ལྟ་གྲུབ་གཞིར་བཟུང་སྟེ་རང་གི་མངའ་ཁོངས་ཀྱི་བདག་དབང་བརྟན་སྲུང་བྱ་རྒྱུའི་ཆོད་སེམས་གསལ་བོར་བྱས་ཐོག རྒྱ་ནག་ལ་མཁའ་མཚམས་ཉེན་འགོག་ངོས་འཛིན་ར་བ་དེའི་“ཕྱིར་འཐེན”་མིན་པར་དེའི་ཁྱབ་ཁོངས་ལ་“འགྱུར་ལྡོག”་གཏོང་དགོས་པའི་གནོན་ཤུགས་སྤྲད་ན་དེ་ནི་གནས་ལུགས་དང་མཐུན་པ་ཞིག་རེད་བསམ།།

༢༠༡༣ ལོའི་ཟླ་ ༡༢ པའི་ཚེས་ ༣༠ ཉིན། ཉི་ཧོང་ནས།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 3

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    ད་ལྟའི་རྒྱ་ནག་ལ་འཛམ་གླིང་ནས་ཁ་གཏད་གཅོག་དགོས་ན། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ལག་གཡར་གྱིས་ཆབ་སྲིད་དང་དམག་དོན་ཟུང་སྦྲེལ་གྱིས་རྒོལ་ལན་སྤྲད་དགོས་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་དཔལ་འབྱོར་ཐོག་ཚོང་འབྲེལ་བཀག་སྡོམ་དང་རྒྱ་ནག་གི་ཅ་དངོས་ལ་ངོ་རྒོལ་བྱ་རྒྱུ་ནི་ཕྱོགས་ཀུན་ནས་ཐབས་བྱུས་བཟང་ཤོས་སམ་འོས་འཚམ་དུ་མཐོང་། དེ་མིན་འདི་ལྟར་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྒྱུར་རེ་སྒུག་བྱ་རྒྱུ་ལས་ཨ་རི་གཙོ་བོ་གྱུར་པའི་ནུས་ཕྱོགས་རྒྱལ་ཁབ་ཁག་དང་། ཉི་ཧོང་དང་རྒྱ་གར་གཙོས་ཤར་ཕྱོགས་ཀྱི་རྒྱལ་ཁབ་རྣམས་གདོང་ཐུག་ཁ་གཏད་དུ་ལང་འདོད་མེད་པ་དང་ལང་མི་ནུས་པར་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཡོད་པར་སེམས།

    Reply
  2. ཆོས་ལྡན་འབུམ། says:
    ལོ་ 12 སྔོན།

    གནས་ཚང་ལགས།
    བཀྲིས་བདེ་ལེགས། བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ། ཉི་ཧོང་སྐད་ཀྱི་ལམ་ནས་ཡང་བྲིས་ཡོད།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    ད་ཡག་པོ་འདུག ཡུལ་ཆུ་འཐུང་ན་ཡུལ་དེའི་བདེ་སྡུག་ལ་དོ་ཁུར་བྱེད་དགོས་པ་དང་བྱེད་འོས་པ་ནི་གསལ་བོ་རེད། དེ་བས། རྩོམ་པ་པོ་ལགས་ཀྱིས་ཉི་ཧོང་སྐད་ཡིག་ནང་རྩོམ་འདི་སྤེལ་འོས་ཤིང་། དེ་མཚུངས་སུ་ཁ་སྣོན་ཡང་རེ་འགའ་འདུག དཔེར་ན། ན་ནིང་རྒྱ་དམར་གཞུང་གིས་ཧྥི་ལི་པེན་གྱི་ལག་པ་ནས་གླིང་ཕྲན་ཞིག་འཕྲོག་ཐུབ་ཡོད་པ་དེའི་བྱེད་ཐབས་ལ་ཞིབ་འཇུག་གནང་ནས་ཁ་གཏད་གཅོག་ཚུལ་བཙལ་དགོས། ད་དུང་ཉི་ཧོང་གིས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་སྐབས། དམར་གཞུང་གི་ལག་ཆར་འགྱུར་ཉེན་ཆེ་བ་ཁག་ལ་གཡོལ་ནས་རྒྱ་ནག་ནང་ཁུལ་གྱི་དཀའ་རྙོག་གམ། མང་ཚོགས་ཀྱི་དཀའ་ངལ་རིགས་ཐེར་འདོན་གྱིས་རང་ཉིད་ཀྱི་མངའ་ཁོངས་སྲུང་བར་འབད་འོས་པའང་གསལ་བོ་རེད། དེ་མིན་བོད་དང་ཡུ་གུར་གྱིས་ནམ་ཡང་ཉི་ཧོང་ལ་རྒྱབ་བསྐྱོར་ཡོད་པ་གསལ་བོར་འགོད་འོས།

    དུས་རབས་ཉེར་གཅིག་པའི་དཀའ་ངལ་གཞན་ཞིག་ནི་འཛམ་གླིང་སྟེང་གི་ཚོང་བ། སྲིད་དོན་པ། ཆོས་པ། ཤེས་ཡོན་པ་ཕལ་ཆེ་བ་རྒྱ་དམར་གཞུང་གི་དངུལ་དངོས་ཀྱི་བཟུང་དམག་ཏུ་གྱུར་ཡོད་པས། འདིའང་ཉི་ཧོང་ཙམ་མ་ཟད་མིའི་རིགས་སྤྱི་ནས་ཤེས་ངགོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese