མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་བའི་གོམ་བགྲོད་དེ་རིང་ངྷ་ས་ནས་མགོ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་འཁྲིད་གནང་བཞིན་པའི་མི་གྲངས་ ༥༥ ཡི་ཞི་བའི་གོམ་བགྲོད་དེ་དེ་རིང་ངྷ་རམ་ས་ལ་ནས་མགོ་འཛུགས་གནང་སོང་ལ། ཟླ་རྗེས་མའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་རྒྱ་ས་ལྡི་ལིར་འབྱོར་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་དྷ་རམ་ས་ལའི་ལྷ་རྒྱལ་རིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དུ་བསླེབས་ཏེ་ལོ་ངོ་ ༥༥ འཁོར་བའི་མཚོན་བྱེད་དེ། དང་བླངས་ཞི་བའི་གོམ་བགྲོད་པ་ཕོ་མོ་ ༥༥ ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་ལས་འགུལ་དབུ་འཛུགས་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་རི་ཞི་ཝཱ་ལི་ཡ་(Rishi  Walia)ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཀང་ར་རྫོང་གི་འབྲེལ་མཐུད་པ་ཨཱ་ར་ཝལ་(Agrawal)ལགས། དེ་བཞིན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས། དྷ་ས་ཁུལ་གྱི་སེར་སྐྱ་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་གནང་སོང་།

ཐེངས་འདིའི་གོམ་བགྲོད་ཁྲོད་དྷ་ས་གཙོས་རྡེ་ར་རྡུན་དང་མོན་པཱ་ཌི། ཀ་ལིམ་སྤོང་། པན་ཌི་ར། བལ་ཡུལ་བཅས་ནས་སྐྱེས་པ་ ༥༠ དང་བུད་མེད་ ༥ བཅས་ཁྱོན་མི་གྲངས་ ༥༥ ཡོད་པ་དང་། དགུང་ལོ་ཆེ་ཤོས་ ༧༢ དང་ཆུང་ཤོས་ ༢༡ ཡིན་འདུག ད་རེབ་ཀྱི་ལས་འགུལ་ནང་རྒྱ་གར་བ་བསམ་གཏན་ཡེ་ཤེས་སམ་(Sandesh Mishram)ཞུ་བ་ཞིག་ཡོད་པ་དང་། ཁོང་དེ་སྔོན་བོད་དོན་ཞི་བའི་གོམ་བགྲོད་ཐེངས་ ༥ ཡི་ནང་མཉམ་ཞུགས་གནང་མྱོང་ཡོད་འདུག

གོམ་བགྲོད་དབུ་འཛུགས་ཀྱི་ཐོག་མར་གནས་ཆུང་གྲྭ་ཚང་གི་གྲྭ་བ་ཁག་ཅིག་གིས་གོམ་བགྲོད་ལམ་ལྷོངས་ཡོང་བ་དང་དགོས་འདུན་དོན་ཚན་ལྔ་དོན་འཁྱོལ་ཡོང་བར་སྨོན་ལམ་སྐྱབས་འཇུག་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ཧི་མ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་མཆོག་དང་ཀང་ར་རྫོང་བོད་དོན་འབྲེལ་མཐུད་པ་རྣམ་གཉིས་ཀྱིས། རྒྱ་གཞུང་གིས་བོད་ནང་བཙན་འཛུལ་དྲག་གནོན་བྱེད་བཞིན་པར་རྒྱ་གར་གཞུང་མང་གཉིས་ནས་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། ཞི་བའི་ཐབས་ལམ་ལ་བརྟེན་ཏེ་བོད་མི་སྐྱབས་བཅོལ་བ་རྣམས་ཕྱིར་བོད་དུ་ལོག་ཐུབ་པར་རྒྱབ་སྐྱོར་གནང་བཞིན་ཡོད་ལ། བོད་དོན་བདེན་མཐའ་མ་སེལ་བར་མུ་མཐུད་དུ་ཞི་བའི་ལམ་ནས་འཐབ་རྩོད་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་སོང་། དེ་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་གོམ་བགྲོད་ཀྱི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ་ད་རེབ་ཀྱི་ལས་འགུལ་དེ། ཐོག་མ་མིན་ལ་མཐའ་མའང་མིན་པར་བོད་དོན་བདེན་མཐའ་མ་སེལ་བར་དུ་སྐྱབས་བཅོལ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་འཐབ་བརྩོད་བྱེད་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དབུས་གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་གོམ་བགྲོད་པའི་ལམ་བར་གྱི་བདེ་འཇགས་དང་ལས་འཆར་སོགས་ཀྱི་ཐད་བརྗོད་དོན། “དེ་རིང་ནས་གོམ་བགྲོད་དབུ་འཛུགས་བྱས་ཏེ་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཐུབ་པའི་རྩིས་རྒྱག་གི་ཡོད་ལ། རྒྱ་གར་གཞུང་ལའང་ལྡི་ལི་བར་ཆོག་མཆན་ཞུས་ཡོད། གོམ་བགྲོད་པ་རྣམ་པའི་ལམ་བར་གྱི་བདེ་འཇགས་ཆེད་ང་ཚོས་སྨན་ཞབས་པ་དང་མྱུར་སྐྱོབ་རླངས་འཁོར། སྨན། དེ་བཞིན་ལམ་བར་གྱི་ཟ་མ་སོགས་གྲ་སྒྲིག་ཆ་ཚང་བྱས་ཡོད། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཅན་ཌར་མན་དར་ས་གནས་སུ་སུམ་བཅུའི་དུས་དྲན་ཐེངས་ ༥༥ སྲུང་གཙི་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལིར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་གཞུང་ཚབ་ཁག་ལ་ཆེད་བཅར་གྱིས་དགོས་འདུན་དོན་ཚན་ལྔ་འབུལ་འཆར་ཡོད། ”ཅེས་བརྗོད་སོང་།

གོམ་བགྲོད་པ་དགུང་ལོ་ཆེ་ཤོས་པདྨ་རྡོ་རྗེ་ལགས་སུ་གོམ་བགྲོད་ནང་མཉམ་ཞུགས་གནང་བའི་རྒྱུ་མཚན་དྲིས་པར་ཁོང་གིས། “རྒྱ་གཞུང་གི་གདུག་རྩུབ་འོག་བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོ་རང་དགར་མི་སྡོད་པར་འཐབ་རྩོད་ཀྱི་ཆ་ཤས་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་ཡོད། ང་རང་ལ་ཆ་བཞག་ན་གཟུགས་པོའི་གནས་སྟངས་འོ་ཙམ་ཡོད་སྟབས། གོམ་བགྲོད་སྐབས་དཀའ་ངལ་འཕྲད་དོགས་མི་འདུག གལ་སྲིད་དཀའ་ངལ་འཕྲད་པ་ཡིན་ནའང་འགྱོད་པ་གང་ཡང་མེད། ང་དང་ངའི་བཟའ་ཟླ་ངེད་གཉིས་མ་གཏོགས་ཁྱིམ་མི་གཞན་མེད་ལ། ངེད་གཉིས་ཀ་ད་རེབ་གོམ་བགྲོད་ནང་མཉམ་ཞུགས་བྱས་ཡོད། ”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    གཞོན་ལྷན་གྱིས། ལྟ་གྲུབ་དབུས་ལམ་ལ་བཞུགས་བར། ལས་འགུལ་གང་ལ་ཡང་། མོས་མཐུན་མེད།

    Reply
  2. ཤག་སྒང་པ། says:
    ལོ་ 9 སྔོན།

    སྒྲིག་མང་གཉིས་ཀའི་འབོད་སྒྲའི་མངོན་འདོད་གཅིག་ཏུ་བསྒྲིལ་དགོས་པ་ལས་ཐ་དད་དུ་འགྲོ་མི་རུང་་་་་་

    Reply
  3. བཙན་པོའི་བུ། says:
    ལོ་ 9 སྔོན།

    བཀའ་དྲིན་ཆེ/

    Reply
  4. མི་རྒོད། says:
    ལོ་ 9 སྔོན།

    ངས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་པས་ལས
    འགུལ་ཡིད་རངས་དང་བསྔགས་བརྗོད་ཞུ། ད་འདི་འདྲ་ཞིག་མ་བྱས་ཚེ་ང་ཚོ་ཕྱི་བསྡོད་བོད་མིའི་ཞབས་འདྲེན་ཡོང་ངེས་རེད། རྒྱ་དམར་ལ་ངོ་ཚ་མེད་ཅིང་བྱམས་སྙིང་རྗེ་དེ་བས་མི་ཤེས། ད་ང་ཚོ་ཐབས་ས་དེ་རྒྱ་མི་རིགས་ལ་མིན་པ་རྒྱ་ཡི་འགོ་གཙོ་མི་བསད་ཁྲག་སྦྱོར་བྱེད་མཁན་དེ་རྣམས་ཡིན་པ་རེད་ དེ་ཚོར་ཡ་ང་བའི་བྱ་སྤྱོད་འདི་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད་རེད། ལས་འགུལ་འདི་ལྟ་བུ་དགོས་གལ་བལྟས་ནས་བྱེད་དགོས་པ་མཐོང་གི་འདུག། དཔེ་ན་དབུས་གཙང་ནང་ཁུལ་ལོ་མང་རིན་ངོ་རྒོལ་ཧ་ལམ་བྱུང་མེད་ཡིནའང་ས་གནས་དེར་དམིགས་གསལ་སྲིད་འཇུས་གུ་ཡང་ག་ཡང་བྱུང་མེད་པ་རེད། ང་ཚོ་ང་རང་ཚོའི་དམ་བཅའ་བརྟན་པོའི་ངང་ནས་ཐབས་བརྒྱ་འཇུས་སྟོང་གིས་དམར་ཤོག་རིང་ལུགས་དེར་འཛམ་གླིང་ངོ་ཚ་དང་ཁེ་རྐྱང་པོ་བཟོ་དགོས་པ་རེད་ད་མཉམ་རུབ་གནང་ཤོག་ བོད་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།
    ༸གོང་ས་མཆོག་གིས།
    ་་་་་་ རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་རེད། ང་ཚོས་འདི་གར་སྐད་བརྒྱབ་སྟེ་སྤོ་འཕེལ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། ང་ཚོས་འདི་གར་སྐད་བརྒྱབ་ནས་རྒྱ་མི་ཁོང་ཁྲོ་ལང་རྒྱུ་དེ་འདྲ་བྱས་ན། ཁོང་ཁྲོ་ང་ཚོར་ལངས་ཡོད་ཁོང་ཁྲོ་བསྟན་ས་བོད་ནང་གི་བོད་མིར་སྟོན་གྱི་འདུག ་་་་་
    ་་་་་་་ བོད་ནང་གི་བོད་མིས་རྒྱ་གར་ནས་ཞི་བའི་གོམ་བགྲོད་ཡོང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་ཀྱང་ལས་དོན་སྤེལ་དགོས་རེད་ཅེས་བརྗོད་རྐྱེན་མི་གང་ཙམ་ཞིག་བཙོན་ཁང་ནང་ཚུད་འདུག ་་་་་་
    ་་་་་་ གང་ལྟར་བོད་ཀྱི་གནད་དོན་རྒྱ་ནག་གཞུང་ལ་ཐུག་ཡོད་སྟབས། ང་ཚོས་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་བྱེད་དགོས་པ་རེད་མ་གཏོགས་འཕྲལ་སེལ་ཁོང་ཁྲོ་ལང་སྐབས་ཀྱི་ལས་ཀ་བྱས་ན་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། མདོ་དོན་ང་ཚོས་རྒྱ་མི་ཁོང་ཁྲོ་ལང་རྒྱུར་ཤུགས་བརྒྱབ་ནས་ཕྱིན་ན་གྱོང་གུད་བོད་ནང་གི་བོད་མིར་རག་གི་རེད། ་་་་་་་་་

    Reply
  6. ཕུན་ཚོགས། says:
    ལོ་ 9 སྔོན།

    ཐོག་མར་ལས་འགུལ་གོ་སྒྲིག་བྱེད་མཁན་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མར་ཁྱེད་རྣམ་པའི་སེམས་ཤུགས་དང་ལྷག་བསམ། ལར་ཞེན་སོགས་ལ་ཡི་རངས་སྔགས་བརྗོད་ཞུ་བཞིན་ཡོད། ཡིན་ནའང་ཁ་སང་སྐུ་མདུན་གྱིས་ཤི་ལོང་མི་མང་ལ་བཀའ་སློབ་གནང་སྐབས། བོད་ཕྱི་ལོགས་ནས་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་སྤེལ་སྐབས་གཟབ་ནན་གནང་དགོས་པ་དང་། ཕྱི་ལོགས་ནས་ཟང་ཟིང་བྱས་ན་རྒྱ་གཞུང་གིས་བོད་ནང་དམ་དྲག་ཆེན་པོ་བྱས་ཏེ་མི་མང་པོར་དཀའ་ངལ་སྤྲོད་བཞིན་ཡོད་པའི་སྐོར་གསུངས་འདུག་པ་དེ་ལ་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist