མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མགོ་ཁྲིད་ཟུར་བ་ལྔ་འཛིན་རོགས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གཙོས་མགོ་ཁྲིད་ལྔ་འཛིན་བཟུང་བྱེད་རོགས་ཞེས་པའི་ཁྲིམས་ཁང་གི་བཀའ་ཁྱབ་རྒྱལ་སྤྱིའི་ཉེན་རྟོག་ཚོགས་པར་བཏང་འདུག

ཁ་སང་ཕྱི་དྲོར་སི་པན་རྒྱལ་སར་སི་པན་རྒྱལ་ཡོངས་ཁྲིམས་ཁང་གི་ཁྲིམས་རྩོད་པ་མོ་རེ་ནོ་ (Ismael Moreno )ལགས་ཀྱིས།རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་སྲིད་བློན་ཟུར་བ་ལི་ཕིན་ (li peng)།ཆོད་ཧྲི་ (Qiao shi)།ཁྲིན་ཁོས་ཡོན་ (chen kuiyuan) ཕིན་པེ་ཡུན་ (Peng peiyun)སོགས་ཀྱིས་བོད་ནང་གི་བོད་མི་དམར་གསོད་དང་གཅར་རྡུང་སོགས་བྱས་ཏེ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་པའི་ནག་ཉེས་ཆེན་པོ་བཟོས་ཡོད་སྟབས། རྒྱལ་སྤྱིའི་ཉེན་རྟོག་ལྷན་ཚོགས་ཀྱིས་ཁོང་ཚོ་འཛིན་བཟུང་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

དེ་རིང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་དཔའ་ཆོན་ཡུན་གྱིས་སི་པན་རྒྱལ་ཡོངས་ཁྲིམས་ཁང་གི་ཐག་གཅོད་ལ་སྐྱོན་བརྗོད་བྱས་པ་མ་ཟད།རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དང་ཚོང་ལས་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་བ་དང་སི་པན་གཞུང་གིས་དྲང་བདེན་གྱི་ཐག་གཅོད་ཡག་པོ་གནང་དགོས་སྐོར་བརྗོད་ཡོད་འདུག གོང་གི་གནས་ཚུལ་དེར་རྒྱུ་བྱས་ཏེ། དེ་རིང་སི་པན་གྲོས་ཚོགས་ནང་གཞུང་འཛིན་མི་མང་ཚོགས་པས་སི་པན་རྩ་ཁྲིམས་ནང་གི་རྒྱལ་སྤྱིའི་ཡོངས་ཁྱབ་རྩ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། ཁྲིམས་ཁང་དང་ཁྲིམས་རྩོད་པའི་དབང་ཚད་དང་ཁྱབ་ཚད་ལ་ཚོད་འཛིན་ཇི་ལྟར་བྱེད་དགོས་མིན་ཐོག་བགྲོ་གླེང་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ཀྱིས་ཟུང་འབྲེལ་གྱིས།སི་པན་གཞུང་གིས་རྩ་ཁྲིམས་དེར་འགྱུར་བ་མི་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད། གལ་སྲིད་འགྱུར་བ་ཕྱིན་པ་ཡིན་ན། འབྱུང་འགྱུར་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་རིགས་ལ་ནག་ཉེས་བཟོ་མཁན་ཚོ་ཁྲིམས་བཤེར་བྱེད་པའི་དབང་ཚད་ཆུང་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་ཉེན་རྟོག་ལྷན་ཚོགས་ནང་འཐུས་མིའི་རྒྱལ་ཁབ་༡༩༠ཙམ་ཡོད་ཅིང་།འཐུས་མིའི་རྒྱལ་ཁབ་ཀྱི་ཉེན་རྟོག་པས་ཉེས་ཅན་སོ་སོའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སླེབ་ཚེ་འཛིན་བཟུང་བཀག་ཉར་བྱེད་ཆོག་པ་དང་།ཉེས་ཅན་གྱི་འཛིན་བཟུང་བྱེད་པའི་ཉེན་བརྡའི་མཚོན་མདོག་དམར་པོ་དང་ལྗང་ཁུ།ནག་པོ།སེར་པོ།སྔོན་པོ།དམར་སྨུགལི་ཁྲི་བཅས་ཡོད།དེའི་ནང་རྒྱ་ནག་གི་མགོ་ཁྲིད་ཟུར་བ་ཚོ་དམར་པོའི་ཉེན་བརྡའི་ཁོངས་སུ་ཚུད་ཡོད་སྟབས།དེས་ཉེས་ཅན་གྱི་སྡོད་གནས་འཚོལ་ཞིབ་བྱས་ཏེ་འཛིན་བཟུང་གིས་བཅད་ཁྲ་གཏོང་མཁན་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་འདུག

སི་པན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ ༡༩༨༥ལོའི་ཟླ་ ༧ཚེས་ ༡ཉིན་སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་སི་པན་རྒྱལ་ཁོངས་དང་རྒྱལ་ཁོངས་མ་ཡིན་པའི་གང་ཟག་སུ་ཞིག་གིས་མི་རིཊ་རྩ་མེད་དང་འཇིཊ་སྐུལ།འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ་སོགས་ཀྱི་གནས་ཚུལ་རིགས་ཐག་གཅོད་བྱེད་པའི་དབང་ཚད་སྤྲད་ཡོད་འདུགརྒྱལ་སྤྱིའི་ཡོངས་ཁྱབ་རྩ་ཁྲིམས་ངོས་ལེན་ཡོད་པའི་རྒྱལ་ཁབ་ཁག་ནི།ཁེ་ཎ་ཌ་དང་ཨོ་སི་ཊི་ལི་ཡ།བྷེལ་ཇམ།དབྱིན་ཡུལ།ཧྥ་རན་སི།འཇར་མན།ཨི་ཛི་རེལ།ཨར་ལན་ཌི།མ་ལི་ཤི་ཡ།ཧྥིན་ལན་ཌི་བཅས་ཡིན་འདུག
གསར་འགོད་པ།ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༩ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 3

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 12 སྔོན།

    གསར་འགོད་པ་ལྷ་སྐྱབས་རྒྱལ་ལགས་གསར་འགྱུར་ཞིབ་ཚགས་དང་གསལ་བོ་འབྲི་རོགས། ངས་ནམ་རྒྱུན་ལྟ་བསྡད་ཡོད་པའི་མཐོང་སྣང་ཙམ་བཤད་པ་ཡིན་ན་ཁྱོད་རང་གི་གསར་འགྱུར་ཁག་གི་ཚིག་གི་སྡེབ་སྦྱོར་ཡག་པོ་མེད་པ་མ་ཟད་ནང་དོན་གོ་མི་ཐུབ་པ་དང་གསར་འགྱུར་འབྲི་སྟངས་ཀྱི་ཆ་ནས་ཀྱང་ནང་དོན་ཆེན་པོ་མེད་པར་བསྐྱར་བཤད་ཡང་བཤད་བྱས་ཏེ་བསྡད་པ་དེ་འདྲ་ཞིག་ལ་མཐོང་སོང་།

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཀི་ཀི་བསྭོ་བསྭོ། ལྷ་རྒྱལ་ལོ། རྗེ་ཡི་འགོ་ལྷ་བཅུ་གསུམ་དང་། འབངས་ཀྱི་སྲོག་ལྷ་བཅུ་གཉིས། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོགས་ཡོད་ན་གདོང་གྲོགས་མཛོད། སཱི་པཱན་གྱི་ཁྲིམས་ཁང་དང་ཁྲིམས་རྩོད་པ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 12 སྔོན།

    གོང་གི་གསར་འགྱུར་དེ་གང་ནས་རྙེད་སོང་། གསར་འགྱུར་གང་ཞིག་གསར་ཁང་ནས་དེ་ལྟར་བཀོད་ཡོད་ན་དྲ་འབྲེལ་བཀོད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese