མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ངོ་ལྷ་ངོ་འཕྲོད་སོང་།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

   ཉེ་ལམ་བོད་མིའི་སྒྲིག་འཛུགས་དང་ཨ་སམ་མངའ་གཞུང་མཉམ་འབྲེལ་ཐོག་རྒྱལ་ས་གྷོ་ཧ་ཊི་རུ་བོད་ཀྱི་དུས་སྟོན་ཟེར་བ་ཞིག་གོ་སྒྲིག་གནང་། བོད་ཕྱོགས་ནས་༧གོང་ས་མཆོག་གིས་དུས་སྟོན་དབུ་འབྱེད་དང་། སྲིད་སྐྱོང་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་གཏམ་བཤད་སྤེལ་ཅིང་ཟློས་གར་ཚོགས་པས་རམ་འདེགས་བྱས། ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཊ་རིན་གྷོ་གཱོ་དང་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པད་མ་མཁའ་འགྲོ དེ་བཞིན། རྟ་དབང་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་སོགས་དུས་སྟོན་ཐོག་མཉམ་ཞུགས་གནང་སྟེ། མཉམ་འབྲེལ་རིག་གནས་འགྲོ་འོང་དང་མྱོང་ཚོར་བརྗེ་ལེན་གྱི་ལས་དོན་འདི་ལ་ཕྱོགས་གཉིས་ཀས་གདེང་འཇོག་ཚད་མཐོ་གནང་འདུག 

    བོད་པ་ཚོ་བཙན་བྱོལ་དུ་གྱར་བའི་དོན་གོ་ཟེར་ན་འདྲ། འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་གི་འབུར་དུ་ཐོན་པའི་བྱས་རྗེས་ཆེ་ཤོས་དང་གླེང་རིན་ཡོད་པ་གཅིག་ནི། བོད་བརྒྱུད་ནང་བསྟན་གཙོས་བོད་པའི་ཆོས་དང་རིག་གཞུང་འཛམ་གླིང་ཐོག་ཁྱབ་སྤེལ་གང་འཚམ་ཐུབ་ཡོད་པ་འདི་རེད། ལྷག་པར་དུ་ལོ་རྒྱུས་ཐོག་རིགས་དང་རུས་རྒྱུད། ཆོས་དང་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཆེན་པོ་ཧོར་ཡུལ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དག་དང་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། ཡུལ་ལུང་དེ་དག་གི་ཕ་མེས་ཡང་མེས་ཚོས་རྔུལ་ཁྲག་ལ་བརྗེ་བའི་གདོད་མིའི་ཆོས་རིག་ཉམས་གསོ་དང་། བོད་པ་དང་ཡུལ་ལུང་འདི་དག་བར་ལེགས་སྐྱེས་འབུལ་རེས་བྱས་པ་འདི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ལེའུ་གསར་པ་ཞིག་ཡིན།

    འབྲུག་དང་འབྲས་ལྗོངས་ལ་དྭགས། མོན་དང་སྦལ་ཏི་ཟངས་དཀར། དེང་སྐབས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ཧི་མ་ལའི་རི་རྒྱུད་ཀྱི་སློབ་གཉེར་བ་ཇེ་མང་དུ་འགྲོ་བཞིན་ཡོད། ཉིས་སྟོང་བརྒྱད་ཀྱི་སྔོན་ལ་བོད་ནས་འབྱོར་བཞིན་པའི་གྲྭ་རྒྱུན་དང་སློབ་འཇུག་གི་གྲངས་ཚད་དེ་དེང་སྐབས་ཧི་མ་ལའི་རི་རྒྱུད་གྱི་ཕྲུ་གུ་ཚོས་ཚབ་བྱེད་ཀྱིན་ཡོད། ཧི་མ་ལའི་རི་རྒྱུད་ཁུལ་དུ་ནང་ཆོས་དང་སྐད་ཡིག་ཐོག་ཕྱག་རྗེས་རླབས་ཆེན་བཞག་དང་འཇོག་མཁན་ཕལ་ཆེ་བ་གདན་ས་གསུམ་གཙོས་པའི་བོད་པའི་དགོན་སྡེ་དང་སློབ་གྲྭ་ཁག་ནས་སྐྱེད་སྲིང་བྱས་པ་རྐྱང་ཆགས་ཡོད། མཚོ་སྣ་རིན་པོ་ཆེ་མཆོག་དང་གུ་རུ་རིན་པོ་ཆེ་མཆོག དེ་བཞིན་བླ་མ་ཆོས་འཕེལ་བཟོད་པ་དང་ལོ་ཆེན་རིན་པོ་ཆེ། གཞན་ད་ལྟའི་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་རིན་པོ་ཆེ་མཆོག་ཀྱང་སྐྱེས་ས་ལ་དྭགས་ཡིན་ཡང་། བོད་རང་བཙན་མ་ཤོར་སྔོན་ལ་ལྷ་སར་སློབ་གཉེར་གནང་སྟེ། ཕྱིས་སུ་རྒྱ་ནག་གིས་བོད་སར་བཙན་བཟུང་བྱས་རྗེས་ཀྱང་བོད་མི་ཚོ་དང་ལྷན་དུ་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་ཏེ་བོད་པ་ཚོ་དང་མུ་མཐུད་དེ་སྐྱིད་སྡུག་མཉམ་མྱོང་གནང་ཡོད།

    བཙན་བྱོལ་བོད་མི་ཚོས་རྒྱ་གར་བྱང་ཤར་ཁུལ་དུ་ཆོས་དང་རིག་གཞུང་གི་འབྲེལ་ལམ་འཕེལ་རྒྱས་སུ་བཏང་བ་དེ་ལོ་རྒྱུས་ལ་དྲན་ལན་མཇལ་བ་ཞིག་མཚོན་གྱི་ཡོད་ལ། ཡུལ་གཉིས་ཀྱི་ཕྱི་རབས་པ་ཚོའི་སེམས་ནང་སྲོལ་རྒྱུན་བཟང་པོར་ངོས་འཛིན་གསར་པ་ཞིག་དང་ཕྱོགས་གཉིས་ཀར་འཕྲལ་ཕུགས་ཀྱི་ཁེ་ཕན་ཡོད་པའི་ལས་དོན་ཞིག་ཀྱང་ཆགས་ཡོད། ད་རེབ་ཀྱི་དུས་སྟོན་འདི་དང་འདི་ལྟ་བུ་བརྒྱུད་དེ་རྒྱ་གར་བྱང་ཤར་ཁུལ་གྱི་མི་རིགས་དག་ལ་མི་ངོ་ལྷ་ངོ་འཕྲོད་པ་དང་། རང་གི་རིགས་དང་རུས་རྒྱུད། རིགས་གནས་རིན་ཐང་སོགས་ལ་དྲན་གསོ་དང་ངོས་འཛིན་བྱས་པ་ཞིག་ཆགས་ཡོད་ལ། བསམ་བློ་བཟང་ས་དང་གྲ་སྒྲིག་སྡིག་ས་ཞེས་པ་ལྟར། ཐབས་སྡུག་པ་བྱུང་ན་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། འཚོ་གནས་བྱེད་ཡུལ་གྱི་བཙན་རྫོང་ཞིག་ལ་རྨིང་བཏིང་སྟེ་ཧི་མ་ལའི་རི་རྒྱུད་དུ་བཅོལ་བཏམས་བྱས་པ་ཞིག་ཀྱང་མཚོན་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese