མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་བསམ་བློ་སྐྲུན་ཐབས་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཁ་སང་དབུ་འཛུཊ་གནང་ཡོད་པ་དང་། ཉིན་བཞིའི་རིང་གི་ཚོགས་འདུའི་ཐོག་བོད་དོན་འཐབ་རྩོད་ཀྱི་གནས་བབ་དང་རང་ལུས་མེར་བསྲེཊ་སོགས་ཀྱི་ཐོག་བགྲོ་གླེང་གནང་འཆར་ཡོད་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག བྷ་རོ་ཌ་སློབ་ཕྲུག་མཐུན་ཚོགས་དང་ས་གནས་གཞོན་ནུའི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ་དེ་རྒྱ་གར་བྱང་ཕྱོཊ་གྷོ་ཇི་ར་ཊི་ (Gujurat) མངའ་སྡེའི་གྲོང་ཁྱེར་བྷ་རོ་ཌར་ (Baroda) རུ་ཚོགས་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་མངའ་སྡེའི་དཔལ་འབྱོར་བློན་ཆེན་ཟུར་པ་སེན་ཏཱ་མེ་ཧ་ཏཱ་ལགས་དང་བོད་དོན་རྒྱབ་སྐྱོར་བ་ཌོག་ཊར་བྷེ་ཀར་ལགས། གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་བཅས་དང་། གཞན། རྒྱ་གར་མཐོ་སློབ་ཁག་གི་བོད་པའི་སློབ་ཕྲུག་གཙོས་ཏཱ་ལའི་བླ་མ་མཐོ་སློབ་དང་ཝར་ན། སཱ་ར། ནོར་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཀྱི་ཁྱོན་སློབ་ཁག་ ༡༠ ནས་སློབ་མ་ ༤༠ ཙམ་མཉམ་ཞུགས་གནང་ཡོད་འདུག

སྐུ་མགྲོན་གཙོ་བོ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཌོག་ཊར་ནེ་ནི་ལགས་དང་བོད་རིགས་ན་གཞོན་རྡོ་རྗེ་ཚེ་བརྟན་ལགས་གཉིས་ལ་བོད་རིགས་མཐོ་རིམ་སློབ་མའི་གཟེངས་བསྟོད་བྱ་དགའ་ཕུལ་རྗེས། ཁོང་གིས་གཏམ་བཤད་གནང་བར།  བོད་རིགས་ན་གཞོན་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་གནས་སླད། མུ་མཐུད་ནས་འབད་བརྩོན་དང་མདུན་སྐྱོད་བྱ་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་མི་ཚོས་སོ་སོ་གནས་སྡོད་བྱེད་སའི་ས་གནས་མི་མང་དང་མཉམ་དུ་འབྲེལ་འདྲིས་བྱས་ཏེ། ཕན་ཚུན་མཉམ་འབྲེལ་ཐོག་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་པ་དང་། དྲང་བདེན་དང་རང་དབང་འཐབ་རྩོད་ཆེད་མུ་མཐུད་སྤོབས་པ་ཆེར་སྐྱེད་ཀྱིས་འབད་བརྩོན་ཞུ་རྒྱུ་གལ་ཆེན་ཡིན་ཚུལ་དང་། ཌོག་ཊར་བྷས་ཀར་ལགས་ནས་བོད་མི་ཚོས་རྒྱལ་ཁབ་སླར་གསོའི་ཆེད། རང་བཙན་ཞེས་པའི་ཚིག་རྩ་ཆེན་འདི་མི་བརྗེད་པར་སྔར་ལས་ལྷག་པའི་འབད་བརྩོན་གནང་རྒྱུ་གལ་ཆེན་ཡིན་པའི་གཏམ་བཤད་སོགས་གནང་ཡོད་འདུག

ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་བོད་རིགས་མཐོ་རིམ་སློབ་མ་ཕན་ཚུན་འབྲེལ་ལམ་དམ་ཟབ་ཡོང་ཆེད་དང་། བོད་ཀྱི་ན་གཞོན་ཚོས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་བསམ་བློ་སྐྲུན་ཐབས་སོགས་ཡིན་འདུག ཉིན་ ༤ རིང་གི་བརྗོད་གཞི་གཙོ་བོ་དག་ནི། དང་པོ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནས་བབ་དང་འབྲེལ་བའི་སྐོར་དང་། གཉིས་པ། རང་ལུས་མེར་བསྲེགས་གནད་དོན་ཐོག་གོ་བསྡུར། གསུམ་པ།  བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་མ་འོངས་ལས་དོན་ཇི་དགེའི་སྐོར། བཞི་བ། ཚོགས་ཆེན་སྲ་བརྟན་དང་རྒྱུན་གནས་ཡོང་ཐབས་སྐོར། ལྔ་བ། མཐོ་རིམ་སློབ་མའི་འོས་འགན་དང་མདུན་ལམ་ཤེས་ཡོན་བཅས་ཀྱི་ཐོག་གོ་བསྡུར། དྲུག་པ། མགོ་ཁྲིད་ནུས་པ་གོང་འཕེལ་གཏོང་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་གནང་རྗེས་གྲོས་ཆོད་གཏན་འབེབས་བྱ་འཆར་ཡོད་འདུག

ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱིས་ལས་བྱེད་གཉིས་ཆེད་ཕེབས་ཀྱིས་མཐོ་སློབ་ཀྱི་སློབ་ཚན་ལེན་སྟངས་ཐོག་གཏམ་བཤད་དང་། གྷོ་ཇི་ར་ཊི་མངའ་སྡེའི་དབུས་གཙུག་ལག་སློབ་གཉེར་ཁང་གི་རང་ལུས་མེར་བསྲེཊ་ཐད་ཞིབ་འཇུག་གནང་མཁན་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་མེར་བསྲེཊ་ཐད་གཏམ་བཤད། བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་༼ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་གནས་བབ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད། ལྡི་ལིར་གློག་ཀླད་ཐོག་སློབ་སྦྱོང་གནང་བཞིན་པའི་སློབ་མ་གསུམ་གྱིས་གློག་ཀླད་ཀྱི་བདེ་འཇགས་སྐོར་ལ་གཏམ་བཤད། རྒྱ་གར་གྱི་མཁས་དབང་སེ་མཱ་ཤོ་བྷི་ཤི་ལགས་ཀྱིས་གཞོན་སྐྱེས་ཚོའི་སྣེ་འཁྲིད་གནང་ཕྱོགས་ཐོག་གཏམ་བཤད་བཅས་གནང་གནང་རྒྱུ་ཡིན་འདུག

གསར་འགོད་པས་ཁ་པར་བརྒྱུད་ཚོགས་འདུ་གོ་སྒྲིག་པ་ཕུན་ཚོགས་ཉི་མ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ནམ་རྒྱུན་ང་ཚོ་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་དང་བསྟུན་ཏེ་ཚོགས་ཀྱི་ཡོད་ཀྱང་། ད་ལོ་དཔལ་འབྱོར་དཀའ་ངལ་གྱི་དབང་གིས་ཚོགས་འདུ་ཕྱིར་འགྱངས་བྱེད་དགོས་བྱུང་སོང་། དེ་སྔའི་ཚོགས་འདུ་རིམ་པ་བརྒྱུད་དེ་གཞོན་སྐྱེས་ཕན་ཚུན་བར་གྱི་འབྲེལ་ལམ་མཐུན་ལམ། བསམ་བློ་བརྗེ་རེས་སོགས་ཀྱི་ཐོག་ཕན་ཐོགས་བྱུང་འདུག ད་རེབ་ཀྱང་སློབ་ཕྲུག་མང་ཕེབས་འདུག་སྟབས། ང་ཚོས་གྲུབ་འབྲས་ཡག་པོ་འབྱུང་རྒྱུར་ཡིད་ཆེས་བྱེད་ཀྱིན་ཡོད།” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 5

  1. བསོད་ནམས་དབང་རྒྱལ། says:
    ལོ་ 12 སྔོན།

    བོད་རིགས་སློབ་ཆེན་སློབ་མའི་ཚོགས་འདུར་ཕེབས་མཁན་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁོ་བོ་དེ་སྔོན་ཚོགས་འདུ་ཐེངས་གཉིས་པ་དང་གསུམ་པར་ཞུགས་མྱོང་། རྒྱུ་མཚན་གསལ་པོ་མི་ཤེས་ཀྱང་ད་ལན་ཚོགས་འདུར་ཞུགས་མཁན་ཧ་ཅང་ཉུང་འདུག གང་ལྟར་ཡང་། ཕྱི་སྡོད་བོད་རིགས་སློབ་ཆེན་སློབ་མ་རྣམས་ལ་ཆ་མཚོན་ན་མཉམ་འཛོམས་ཀྱི་སྟེགས་བུ་འདི་གལ་གནད་ཆེ་བས་མུ་མཐུད་རྒྱུན་གནས་ཐུབ་པ་བྱ་དགོས། ཉིན་ཤས་ཀྱི་ཚོགས་འདུའི་རིང་ཁྱེད་ཀྱིས་བྱས་རྗེས་གང་ཡང་འཇོག་མི་ཐུབ་ཀྱང་། སློབ་ཆེན་སློབ་མ་ཞིག་གི་འགན་འཁྲི་དང་ལྗིད་ཚད་ཚོར་བའི་སྒོ་ནས་ཁྱེད་ཀྱི་བསམ་སྤྱོད་ལ་ལེགས་བཅོས་ཕྲན་བུ་ཞིག་ནི་ཡོང་ངེས། དེས་ན། རྒྱུ་ནུས་དུས་གསུམ་སྤྱད་ཅིང་ཀུན་གྱི་རེ་བ་བཅང་ཡུལ་གྱི་སློབ་ཆེན་སློབ་མ་ཚོས་རང་རང་གི་བློའི་ཡོལ་བ་ཕྱེ་ནས་ཕྱི་ནང་རིག་པའི་གནས་ལ་བརྩོན་པར་མཛོད་ཞུ།

    Reply
  2. འཇིག་མེད་སེང་གེ་ says:
    ལོ་ 13 སྔོན།

    དྲན་ཚོད་ལ་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཞེས་པ་དེ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དང་པོའི་སྐབས་གཏན་འབེབས་གནང་བའི་ཚོགས་ཆེན་གྱི་དགོས་དམིགས་ཤིག་ཡིན་ཞིང་། ད་བར་ཚོགས་ཆེན་ཐེངས་བརྒྱད་ཀྱི་ཐོག་དགོས་དམིགས་འདི་རང་གཙིགས་ཆེར་འཛིན་ཡོད།
    ཚོགས་ཆེན་འདིའི་ཐོག་རང་བཙན་དང་དབུ་མ་སོགས་གང་ཞིག་གླེང་ཡོད་ཀྱང་། ཚོགས་ཆེན་གྱི་དགོས་དམིགས་དང་ལས་དོན་བྱ་ཕྱོགས་ནང་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་བཞིན་བསྒྲུབ་རྒྱུ་ཞེས་དམ་བཅས་པ་དག་ལས་མི་འགལ་བ་བྱས་ཏེ། ཆབ་སྲིད་ཀྱི་ལས་འགུལ་ཙག་ཙིག་ནང་ཞུགས་པ་ལས་སློབ་གསོའི་ལས་འགུལ་གང་མང་སྤེལ་བ་དང་། སྐབས་བབ་རང་འཕྲིའི་སློབ་སྦྱོང་ཐོག་དོ་སྣང་ཆེར་བསྐྱེད་བྱ་གལ།

    Reply
  3. བློ་བཟང་། says:
    ལོ་ 13 སྔོན།

    དྲ་གྲོགས་ཚེ་བཟང་ལགས་ཀྱིས་རྒྱ་གར་ནང་གི་བོད་རིགས་མཐོ་རིམ་སློབ་མ་ཚོས་བོད་ཡིག་བོད་སྐད་ཐོག་ཤུགས་བརྒྱབ་སྟེ་མི་རིགས་གཞན་པའི་མདུན་ནས་ངོ་གནོང་མི་དགོས་པ་ཞིག་བྱེད་རྒྱུ་དེ་ནི། རང་ངོ་རང་ཤེས་དང་རང་འགན་རང་འཁུར། ཟེར་བ་དེ་རེད་ཅེས་གསུངས་འདུག་པ་དེ་ནི་ཅི་འདྲའི་ལེགས་བཤད་གནད་དུ་འཁེལ་བ་ཞིག་རེད་ཨང་། འདི་སློབ་ཕྲུག་ཚོས་ཐུགས་ལ་ཉར་རྒྱུ་ཧ་ཅང་གལ་ཆེན་དོན་ཆེན་རེད།

    Reply
  4. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    མཐོ་རིམ་སློབ་མའི་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་མགྲོན་གཙོ་བོས་རང་བཙན་ཞེས་པའི་ཚིག་རྩ་ཆེན་འདི་མི་བརྗེད་པར་སྔར་ལས་ལྷག་པའི་འབད་བརྩོན་གནང་རྒྱུ་གལ་ཆེན་ཡིན་པའི་གཏམ་བཤད་གནང་བ་དེ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནག་སུབ་གཏོང་ཐབས་མེད་པའི་བདེན་པ་ཡིན་པ་ཕྱིའི་མི་ཞིག་གིས་ཀྱང་དེ་ལྟར་བཤད་ན་ང་ཚོས་ཡིན་ད་ཡིན་དོན་ལ་གནས་པའི་སྐད་ཆ་རེད། དེང་དུས་ཀྱི་སློབ་སྦྱོང་ཡོད་ལ་རྨོངས་དད་དང་གཞན་དབང་དུ་མ་སོང་པར་བོད་མི་རིགས་དང་རྒྱལ་ཁབ་ཁོ་ནའི་དོན་དུ་འབད་བརྩོན་གནང་རྒྱུ་ནི་རང་རེ་ན་གཞོན་ཚོས་དོར་དུ་མེད་པའི་འོས་འགན་རེད། ད་རེས་གཞོན་ནུའི་ཚོགས་གཙོ་མཆོག་དང་། བོད་དོན་བདེན་པའི་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སོགས་ཆེད་དུ་གདན་ཞུས་བཀའ་སློབ་གནང་དང་གནང་བཞིན་པ་ཡིན་འདུག་པས་སྙིང་ནས་དགའ་བསུ་ཞུ། ད་ནི་རང་རེ་ན་གཞོན་ཚོས་གནས་ཚུལ་ཇི་བཞིན་ཤེས་པའི་ཐོག་ནས་འབད་བརྩོན་གནང་བའི་དུས་ཕྱིས་མེད་ཀྱང་སྔ་མི་འདུག་པས་རེམས་ཤིག།

    Reply
  5. ཚེ་བཟང་། says:
    ལོ་ 13 སྔོན།

    ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་ཚོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ལྷག་པར་དུ་ད་རེས་ཀྱི་ཚོགས་ཆེན་དེ་དོན་དང་ལྡན་པ་ཞིག་ཡོང་བའི་སྨོན་ལམ་ཡོད། རང་ངོ་རང་ཤེས་རང་འགན་རང་འཁུར་ཟེར་བ་དེ་སྲིད་སྐྱོང་མཆོག་གི་(ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ།)ཟེར་བ་ལྟར་ཚིག་སྙན་པོ་ཞིག་ཡིན་ནའང་དོན་དག་གི་ཆ་ནས་ག་ཚོད་ཅིག་ལག་ལེན་བསྟར་ཐུབ་ཀྱི་ཡོད་དམ། ང་རང་གིས་བསམ་ཚུལ་བྱས་པ་ཡིན་ན་མཐོ་རིམ་སློབ་མ་ཚོས་ཟང་ཟིང་བྱས་ཏེ་ལས་འགུལ་གྲུབ་འབྲས་མེད་པ་དེ་འདྲ་སྤེལ་རྒྱུ་ལས་རང་འཁྲིའི་ལས་འགན་སློབ་སྦྱོང་ཐོག་ཤུགས་བརྒྱབ་སྟེ་མི་རིགས་གཞན་དང་སློབ་གྲོགས་གཞན་གྱི་རྗེས་སུ་མ་ལྷག་པ་གནང་རྒྱུ་དང་། ལྷག་པར་དུ་བོད་ཡིག་བོད་སྐད་ཐོག་ཤུགས་བརྒྱབ་སྟེ་འབྲི་དགོས་ན་ཀློག་དགོས་ན། བཤད་དགོས་ན་གཞན་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཐུབ་པ་ཡིན་ན། དེ་ནི་བོད་པའི་མཐོ་རིམ་སློབ་མ་ཚོའི་རང་ངོ་རང་ཤེས་དང་རང་འགན་རང་འཁུར་རེད་བསམ་གྱི་འདུག དེ་ལས་གཞན་ཆབ་སྲིད་པ་ཚོའི་ཁ་རྗེས་སུ་རྒྱུགས་ཏེ་རང་གི་དོན་དག་གཏིང་བརྗེད་དུ་སོང་ནས་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་ཐབ་ཐེབ་སྤེལ་བ་ཡིན་ན་བོད་པའི་མཐོ་རིམ་སློབ་མ་ཟེར་བ་དེའི་ལམ་ཁ་རྦད་དེ་ནོར་ཚར་བ་རེད་བསམ་གྱི་འདུག དེ་བསམ་ཚུལ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese