མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ལ་མཚོན་ན་བོད་དོན་ནི་གཞན་ཞིག་མིན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལྡན་འབུམ།

“བོད་དོན” གྱི་འབྱུང་ཁུངས་ནི། ༡༩༤༩ ལོའི་ཟླ་ ༡༠ པའི་ཚེས་ ༡ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་སྐབས། “མི་དམངས་བཅིངས་འགྲོལ་དམག་གིས་ངེས་པར་དུ་བོད་དང་ཡུ་གུར། ཧེ་ནན་གླིང་ཕྲན། ཐེ་ཝན་སོགས་འདུས་བའི་རྒྱ་ནག་གི་ས་ཆ་ཡོངས་རྫོགས་བཅིངས་འགྲོལ་བྱེད་དགོས” ཞེས་པེ་ཅིན་རྒྱང་སྒྲོག་ཁང་གིས་གསལ་བསྒྲགས་བྱས་བའིས་སྐད་ཆ་དེ་ཡིན། སྐད་ཆ་དེར་ཉན་རྗེས་བོད་གཞུང་གིས་རྒྱ་གར་དང་ཨ་རི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་རམ་གྱི་འབོད་སྐུལ་བྱས་ཀྱང་དོན་འབྲས་ལྡན་བའི་ཡ་ལན་ཞིག་མ་ཐོབ་པར་བརྟེན། གྲོགས་མེད་ཁེར་རྐྱང་གིས་རྒྱ་ནག་ཆེན་པོའི་ཁ་གཏད་དུ་མི་ལངས་ཐབས་མེད་དུ་གྱུར།

༡༩༥༡ ལོའི་ཟླ་ ༥ པའི་ཚེས་ ༢༧ ཉིན། པེ་ཅིན་ན་བོད་གཞུང་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར་དུ་《བོད་ཞི་བའི་བཅིངས་འགྲོལ་དང་འབྲེལ་བའི་དབུས་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་གྱི་གྲོས་འཆམ》ཞེས་བའི་ཆིངས་ཡིག་ཅིག་བཞག་ཡོད། དེ་ལ་《གྲོས་འཆམ་དོན་ཚན་༡༧》་ཟེར་མོད། དོན་གྱིས་རྒྱ་ནག་གི་མེ་མདའི་ཁ་ནས་བཞག་པའི་ཆིངས་ཡིག་ཅིག་ཡིན། རྒྱུ་མཚན་ནི། བོད་གཞུང་གི་སྐུ་ཚབ་ལ་བོད་གཞུང་གི་ལངས་ཕྱོགས་རྒྱ་ནག་གཞུང་ལ་གསལ་བཤད་དང་རྒྱ་ནག་གཞུང་གི་བསམ་ཚུལ་བོད་གཞུང་ལ་སྙན་ཞུ་བྱ་རྒྱུའི་དབང་ཚད་མ་གཏོགས་སྤྲད་མེད་ནའང་། རྒྱ་ནག་གཞུང་གིས་དེ་ལ་སྣང་མེད་དུ་བཏངས་ཏེ་སྐུ་ཚབ་རྣམས་བཟང་བཙོན་ལ་བཅུག་པ་དང་ཆབས་ཅིག ཐམ་ཀ་རྫུན་བཟོ་བྱས་ཏེ་ “གྲོས་འཆམ་ལ་མིང་རྟགས་འགོད་རྒྱུ་ཡིན་ནམ། བོད་ལ་དམག་རྒྱག་རྒྱུ་འདེམས་རྒྱུ་ཡིན” ཞེས་སྐུ་ཚབ་དང་བོད་མི་དམངས་ཀྱི་ཚེ་སྲོག་ལ་འཇིགས་སྐུལ་བྱས་བར་བརྟེན། སྐུ་ཚབ་རྣམས་ཀྱིས་སྒེར་གྱི་མིང་ཐོག་ནས་མིང་རྟགས་བཀོད་ཡོད།

ཡིན་ནའང་། ཁོང་ཚོས་ཆིངས་ཡིག་ལ་མིང་རྟགས་བཀོད་མ་ཐག རྒྱ་ནག་གཞུང་གིས་འཕྲལ་དུ་“བོད་ས་གནས་སྲིད་གཞུང་གི་དབང་ཆ་ཁ་ཚང་སྤྲད་ཡོད་པའི་སྐུ་ཚབ་དང་གྲོས་འཆམ་བྱུང་སྟེ་བོད་ཞི་བས་བཅིངས་འགྲོལ་བྱས་ཡོད” ཅེས་འཛམ་གླིང་ལ་བསྒྲགས་ཏེ་མགོ་སྐོར་བཏངས་ཡོད། གྲོས་འཆམ་ཞེས་པ་ནི། ངེས་པར་དུ་ཕྱོགས་གཉིས་ཀྱི་རང་དབང་གི་བསམ་ཚུལ་གཞི་རྩར་བཟུང་སྟེ་མོས་མཐུན་བྱུང་བའི་ཡིག་ཆ་ཞིག་ཡིན་དགོས། དེ་ནི་རྒྱུན་ཤེས་ཤིག་ཡིན། འོན་ཀྱང་། ཐེངས་འདིའི་གྲོས་འཆམ་དེ་ནི་རྒྱ་ནག་རང་ཕྱོགས་ནས་རང་སྣང་གང་ཤར་གྱིས་གྲྭ་སྒྲིག་བྱས་པའི་ཡིག་ཆ་ཞིག་ལ་བཙན་གྱིས་མིང་རྟགས་བཀོད་དུ་བཅུག་ཡོད་སྟབས། དེའི་ངོ་བོ་ནི་ཁྲིམས་འགལ་དང་གཡོ་སྒྱུ། བཙན་འཛུལ་གྱི་བྱ་སྤྱོད་ཅིག་ཆགས་ཡོད།

གང་ལྟར། མཐའ་མར་བོད་གཞུང་གིས་ཀྱང་རྒྱ་ནག་གཞུང་གིས་ཆིངས་ཡིག་ལ་བརྩི་སྲུང་བྱ་རྒྱུ་ཡིན་པ་གཞིར་བཟུང་སྟེ་ཁས་བླངས་ཡོད་པ་རེད། དེའི་ནང་གི་དོན་ཚན་ ༤ བའི་ནང་དུ་ “ བོད་ཀྱི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་ཏཱ་ལའི་བླ་མའི་གོ་གནས་དང་དབང་ཆ་ལ་དབུས་གཞུང་གིས་འགྱུར་བ་གཏོང་རྒྱུ་མིན་ལ། རིམ་པ་སོ་སོའི་གཞུང་ཞབས་རྣམས་ཀྱི་ལས་གནས་ལའང་འགྱུར་བ་གཏོང་རྒྱུ་མིན” ཞེས་དང་། དོན་ཚན་ ༡༡ པའི་ནང་དུ་ “བོད་ཀྱི་བཅོས་བསྒྱུར་དང་འབྲེལ་བའི་སྐོར་ལ། བོད་ས་གནས་གཞུང་གིས་བཅོས་བསྒྱུར་བྱེད་དགོས། དབུས་གཞུང་གིས་དེ་ལ་ཐེ་གཏོགས་མི་བྱེད། གལ་ཏེ་མང་ཚོགས་ཀྱིས་བཅོས་བསྒྱུར་བྱེད་དགོས་པའི་རེ་བ་བཏོན་ཚེ། བོད་ས་གནས་གཞུང་གི་དབུ་ཁྲིད་དང་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་རྒྱུ་ཡིན” ཞེས་དང་། ཡང་དོན་ཚན་ ༡༣ པའི་ནང་དུ་ “བོད་སྡོད་བཅིངས་འགྲོལ་དམག་གིས་གོང་གི་དོན་ཚན་ཁག་ལ་བརྩི་སྲུང་བྱེད་དགོས་པ་དང་ཆབས་ཅིག རྒྱུ་དངོས་གཏོང་ལེན་བྱེད་པར་དྲང་བདེན་ཡིན་དགོས་པ་དང་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་བླངས་མི་ཆོག” ཅེས་གལ་ཆེ་བའི་ནང་དོན་ཁག་ཡང་གསལ་བོར་འཁོད་ཡོད།

ཡིན་ནའང་། རྒྱ་ནག་གཞུང་གིས་གྲོས་འཆམ་དེ་མ་བཞག་གོང་ནས་བཟུང་རྒྱ་དམག་བོད་ལ་བཏང་སྟེ་བཙན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། བོད་གཞུང་སྐུ་ཚབ་ཀྱིས་གྲོས་འཆམ་ལ་མིང་རྟགས་བཀོད་མ་ཐག རྒྱ་དམག་མངོན་གསལ་དོད་པོས་བོད་ལ་འཛུལ་ཞིང་། རང་གིས་བཟོས་ཤིང་རང་གིས་བཏོན་པའི་གྲོས་འཆམ་ལ་རྒྱབ་འགལ་བྱས་ཏེ་བོད་མིར་བསམ་ཡུལ་ལས་འདས་བའི་མནར་གཅོད་གཏོང་མགོ་བརྩམས་ཡོད། དེའི་མཇུག་འབྲས་ལ་ “གསུམ་བཅུའི་དུས་དྲན” ཞེས་བའི་ “བོད་མིའི་སྒེར་ལངས་ཆེན་པོའི” ལས་འགུལ་དེ་བྱུང་བ་རེད། རྒྱ་ནག་གིས་དེ་ལ་ “ངོ་རྒོལ་ཟིང་ཆ” ཞེས་གཏན་འབེབས་བྱས་ཏེ་དྲག་གནོན་བྱས་ཡོད་མོད། བོད་མི་ལ་མཚོན་ན་དེ་ནི་ཁྲིམས་མཐུན་ལུགས་མཐུན་གྱི་རང་སྲུང་གི་ཐོབ་ཐང་ཞིག་ཡིན། གང་ལྟར། དུས་དེ་ནས་བཟུང་རྒྱ་ནག་གིས་བོད་ས་ཡོངས་རྫོགས་ལ་དབང་བསྒྱུར་བྱེད་མགོ་བརྩམས་ཡོད་པ་དང་། དེ་ནི་བོད་མི་ལ་མཚོན་ན་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དཀའ་སྡུག་ཆེན་པོ་ཞིག་ཡིན་ལ། རང་བསྲེགས་ངོ་རྒོལ་ལས་འགུལ་འདི་ཡང་རྒྱ་ནག་གཞུང་ལ་ “ཡིད་ཐང་ཆད་པའི” མཚོན་རྟགས་ཤིག་ཡིན་ཞེས་བཤད་ཆོག

བོད་དོན་འདི་ཕྱོགས་གཞན་ཞིག་ནས་བཤད་ན། རང་དབང་དང་དམ་དྲག བདེན་པ་དང་རྫུན་མ། དམངས་གཙོ་དང་སྒེར་གཅོད། ཞི་བདེ་དང་འཚེ་བའི་བར་གྱི་འཐབ་རྩོད་ཅིག་ཡིན་སྟབས། དེ་ནི་བོད་མི་ཁོ་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་མ་ཡིན་པར་འཛམ་གླིང་མི་དམངས་ལ་མཚོན་ནའང་སྣང་མེད་དུ་འཇོག་ཐབས་བྲལ་བའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི། འཛམ་གླིང་ན་མི་གྲངས་ཆེས་མང་བའི་རྒྱ་ནག་སྤྱི་ཚོགས་ཀྱི་རང་དབང་དང་དམངས་གཙོ། དྲང་བདེན་སོགས་འགྲོ་བ་མིའི་རིགས་ཀུན་ཁྱབ་ཀྱི་ལྟ་གྲུབ་ལ་ཆགས་འཇིག་བྱུང་དང་འབྱུང་བཞིན་ཡོད་པ་དེ་ནི་འཛམ་གླིང་གི་ཞི་བདེ་ལ་མཚོན་ནའང་འཇིགས་སྣང་ཆེན་པོ་ཞིག་ཏུ་འགྱུར་ངེས་པས་ཡིན།

དེར་བརྟེན། འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་སྤྱི་ཚོགས་འདི་རང་དབང་ཡོད་པ་དང་དམངས་གཙོ་ཅན་ཡིན་པ། ཁྲིམས་ལུགས་དྲང་བདེན་ཡིན་ཞིང་ཕྱི་གསལ་ནང་གསལ་ཡིན་པ་ཞིག་ལ་འགྱུར་བར་སེམས་ཁུར་དང་དོ་སྣང་མང་ཙམ་བྱེད་རྒྱུ་ནི་གལ་ཆེན་པོར་ཆགས་ཡོད།།

༢༠༡༣ ལོའི་ཟླ་ ༡༢ བའི་ཚེས་ ༣༠ ཉིན། ཉི་ཧོང་ནས།

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. བློ་ལྡན། says:
    ལོ་ 13 སྔོན།

    ཆོས་ལྡན་འབུམ་ཟེར་བ་འདི་དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་སྟངས་ལ་ཧ་ཅང་བྱང་གོམས་འདུག མི་ཁ་ཤས་ཀྱིས་དྲ་ཐོག་ཏུ་རྩོམ་ཡིག་རིང་ཐག་ཆོད་བྲིས་ཏེ་མི་མང་པོ་ཀློག་རྒྱུར་ཉོབ་སྣང་སྐྱེས་ཀྱི་ཡོད་པ་རེད། ཆོས་ལྡན་འབུམ་ལགས་ཀྱིས་མུ་མཐུད་དུ་འབྲི་གནང་ཡོང་བར་རེ་སྐུལ་ཞུ་བཞིན་ཡོད། སྐུ་ཉིད་ཉི་ཧོང་དུ་བཞུགས་ཡོད་ན་དེ་གའི་བོད་པ་ཚོའི་གནས་སྟངས་སྐོར་དང་། ལྷག་པར་དུ་ཉི་ཧོང་གཞུང་གི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་བོད་མི་དང་བོད་དོན་ཐོག་ལྟ་སྟངས་གང་འདྲ་ཡོད་མེད། ལྷག་པར་དུ་ཉི་ཧོང་གཞུང་གི་མགོ་ཁྲིད་དེ་ཚོའི་བཤད་སྟངས་སྤྱོད་སྟངས་དང་བོད་དོན་ཐོག་གང་འདྲ་ཡིན་མིན་སོགས་ཀྱི་སྐོར་གསུངས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese